ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཞལ་འདོན།
རྩོམ་ཡིག་ཀློག་པ།

ས་ཡི་སྙིང་པོར་བསྟོད་པ་བཞུགས།

རྩོམ་པ་པོ:མ་ངེས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2411ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/27 10:43:57ཚོགས་ཡར་སྤྲོད:admin

ས་ཡི་སྙིང་པོའི་བསྟོད་པ་བཞུགས་སོ།།

ས་ལམ་མཐར་ཕྱིན་སྐུ་གསུམ་མཆོག་བརྙེས་ཀྱང་།།

ས་བཅུ་དབང་ཕྱུག་སེམས་དཔའི་ཚུལ་བཟུང་ནས།།

ས་གསུམ་སྐྱེ་རྒུའི་མགོན་དང་སྐྱབས་མཛད་པ།།

ས་ཡི་སྙིང་པོ་ཐུགས་རྗེ་ཅན་ལ་འདུད།།

ས་ཆེན་མི་གཡོ་རབ་ཏུ་བརྟན་པ་དང་།།

ས་ལ་བརྟེན་པའི་རྩི་བཅུད་ལོ་ཏོག་ཀུན།།

ས་ཡི་ཕྱོགས་འདིར་འཕེལ་ཞིང་རྒྱས་པ་དང་།།

ས་སྟེང་དགེ་ལེགས་ཀུན་གྱིས་ཁྱབ་པར་མཛོད།།

ས་ཡི་སྙིང་པོར་བསྟོད་ཅིང་གསོལ་བཏབ་པས།།

ས་ཕྱོགས་ཀུན་ཏུ་བསྟན་པ་དར་བ་དང་།།

ས་ལམ་བགྲོད་པའི་བར་ཆད་ཞི་བ་དང་།།

ས་གསུམ་འགྲོ་ཀུན་ཀུན་མཁྱེན་འཐོབ་པར་ཤོག །

ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་།།

ལག་མཐིལ་ལྟར་མཉམ་བེེཌཱུརྱའི།།རང་བཞིན་འཇམ་པོར་གནས་གྱུར་ཅིག །

ཐམས་ཅད་ནམ་མཁའ་མཛོད་བཞིན་དུ།།ལོངས་སྤྱོད་ཆད་པ་མེད་པ་དང་།

རྩོད་པ་མེད་ཅིང་འཚེ་མེད་པ།།རང་དབང་དུ་ནི་སྤྱོད་པར་ཤོག །

བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན།།སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ།།

ཚེ་རིང་ནད་མེད་བཞེད་དོན་ལྷུན་གྱིས་འགྲུབ།།ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །

·རྩོམ་ཡིག་གོང་མ:ཕ་མའི་དྲིན་ལན་བསབ་པའི་སྙིང་བོ་བསྡུས་པ།
·རྩོམ་ཡིག་འོག་མ:གཞས་ཚིག ཉི་མའི་ཕྱོགས་ལ་བློ་ཁ་ཕྱོགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:57:38 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:36:17 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:36:36 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS