ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
རྩོམ་ཡིག་ཀློག་པ།

མདོ་སྟོད་མི་ཡི་ཆོལ་ཁའི་སྐོར།༣

རྩོམ་པ་པོ:ཚ་བ་མདའ་སྨྱུགཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2479ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/2/10 11:11:05ཚོགས་ཡར་སྤྲོད:admin
བོད་ཡུལ་ཆོལ་ཁ་གསུམ་ལས། མདོ་སྟོད་མི་ཡི་ཆོལ་ཁའི་ཁམས་སྐོར།༣

ཚ་བ་མདའ་སྨྱུག ཚ་སྒང་བློ་གྲོས་དཔལ་ལྡན།

སྨྱུག་འཛིན་པའི་ལྟེ་ཐག་གང་དུ་བཅད་པའི་ཕ་ཡུལ་མདོ་ཁམས་སྟོད་ཀྱི་དུས་རབས་གསར་པའི་མི་རྣམས་དུས་རབས་གསར་པའི་རྒྱ་མའི་ནང་དུ་བཞག་ནས་ཡང་ལྩི་འཇལ་ཙམ་ཞིག་བྱས་ན། མདོ་དབུས་གཉིས་ཀྱི་མི་དང་བསྡུར་ཚེ ། ཕོ་མོ་སུ་ཡིན་ལ་མ་ལྟོས་པར་ཁམས་པ་ཕལ་མོ་ཆེ་གཟུགས་པོ་ཆེ་ལ་ཚོ་ཞིང་རྒྱགས་པ་དེ་འདྲ་ནི་དངོས་གནས་འདུག  འོན་ཀྱང་ལྐོག་ལྐོག་སུད་སུད་དུ་མགོ་དཀར་ཁ་ཆེའི་ཟ་ཁང་འདྲའི་ནང་དུ་འཚོང་ཐུབ་ན་མ་གཏོགས། ད་ལྟ་ཁྲིམས་མཐུན་གྱི་སྒོ་ནས་མི་ཤ་བྲིན་པའི་ཚོང་རྭ་འཛམ་གླིང་ན་མེད་པས། ཚོ་ཞིང་རྒྱགས་པ་འགྲོ་བ་མི་ཡི་ཡོན་ཏན་དུ་འཇོག་དཀའ་ཚོད་རེད། ཁམས་ཀྱི་རྩྭ་ཐང་ནི་སྟག་ཚང་ཞིག་དང་ཁམས་པའི་ཕོ་རྒོད་ཚོནི་སྟག་ཕྲུག་ཁྱུ་ཞིག་དང་འདྲ་བས་ཡུལ་འདི་ནི་ངོ་མ་དཔའ་བོ་མང་བའི་ས་ཆ་ཞིག་ཡིན། ཡ་ཁ་ལ་འབྱར་བའི་སྣབས་ཕྱི་མི་ཤེས་པའི་བྱིས་པ་ཚོས་ཀྱང་རྩེད་སྤྱད་ཡག་ཤོས་གྲི་དང་རྡོ་བྱེད་སྲིད་ལ། ཁ་ནང་དུ་སོ་མུ་ཏིག་ཙམ་ཞིག་ལྷག་མེད་པའི་རྒན་པོ་ཐང་ཁུག་དང་འདྲ་བ་ཚོས་ཀྱང་གྲི་རིང་རེ་ལག་རྟེན་དུ་བཟུང་ནས་འཆི་རོགས་ཤིག་ཨེ་རྙེད་ལ་རེ་སྒུག་བྱེད་བཞིན་ཡོད། སྐྱེས་ཕོ་རབ་ཅིག་ཡིན་ན་གྲི་ཁར་འཆི་དགོས། ཞེས་པའི་ལེགས་བཤད་འདི་ཕ་མེས་བཀའ་དྲིན་ཅན་ཚོས་བཞག་པ་རེད་ལ་བུ་ཚ་བསོད་ནམས་ཅན་ཚོས་འཛིན་པའང་རེད།  དེ་བས་ཀྱང་དགའ་འོས་པ་ཞིག་ལ། དེང་སང་འཛམ་གླིང་དུ་ཚན་རྩལ་ཡར་རྒྱས་དང་བོད་ཡུལ་དུ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་སྟབས་བསྟུན། ཁམས་པ་ཚོའི་མི་སྲོག་གཅོད་པའི་ལག་ཆའང་སྟབས་བདེ་དེང་རབས་ཅན་ཆགས་བཞིན་ཡོད་དེ། ཕྱུག་པོའི་གཅེས་ཕྲུག་ཚོའི་ཁྱིམ་ཕུག་ཏུ་རིང་མདའ་རེ་སྦས་ཤིང་སྐེད་པར་ཐུང་མདའ་རེ་དྲངས། འཕྲུལ་མདའ་ལེགས་ཤོས་དེ་ཚོར་རྒྱ་སྒོར་ཁྲི་ཚོ་དུ་མ་གནས་ཡོད་སྐད་དེ། ཁོ་ཚོ་ལ་མཚོན་ན། ནང་གི་ནོར་བུ་དང་ཕྱི་ཡི་ལྕགས་རི་ཁ་རྗེ་དབང་ཐང་དང་བཅས་པ་དེ་ཉིད་ཁོ་ན་ཡིན་པས། རིན་གོང་ཆེན་པོ་དེ་འདྲའང་སྤྲོད་རིན་ཡོད་པ་ཞིག་རེད། ཡུལ་ལུང་ཁ་ཤས་སུ་མི་ཁྱིམ་ཅི་འདྲའི་དབུལ་པོ་ཞིག་ཡིན་ཀྱང་བྱ་མདའ་ཟེར་བའི་འཕྲུལ་མདའ་མི་གསོད་ཐུབ་ཙམ་ཞིག་ཡོད་པ་དེ་འདྲ་རེ་མ་ཉོས་ན་སྡེ་གྲལ་དུ་མི་ཚུད་པའི་ཁྲིམས་ཀྱང་ཡོད་སྐད་འདུག  མཚོན་ཆ་དེ་ཚོ་ཡུལ་མི་སྤུན་ཟླ་ཁོ་ནའི་ཐོག་ཏུ་བེད་སྤྱོད་བྱེད་རྒྱུ་ལས་དམིགས་ཡུལ་གཞན་ཅི་ཡང་མེད་པ་ཁ་གསལ་གཏིང་གསལ་ཡིན་སྟབས། ས་གནས་སྲིད་གཞུང་གིས་ཀྱང་དམིགས་བསལ་གུ་ཡངས་ཀྱི་གཟིགས་སྐྱོང་གནང་བཞིན་པ་རེད།  དཔེར་ན། ཁམས་འཇོ་མདའ་རྫོང་གི་སྡེ་ཤོག་གཉིས་ཉིན་ཁ་ཤས་རིང་ཕན་ཚུན་མེ་འཕེན་འཐབ་འཁྲུག་བྱས་ཏེ་བསྣད་སྐྱོན་ཇེ་ཆེར་སོང་རྗེས།  རྫོང་གི་གནད་ཡོད་མི་སྣ་ཞིབ་དཔྱོད་དུ་བབས་སྐབས་མེ་མདའ་དེ་རྣམས་སོ་སོར་སྦ་དགོས་པ་ལས་མངོན་གསལ་དུ་བསྟན་ན་མི་འགྲིག་ཚུལ་སྔོན་བརྡ་བཏང་བ་ལྟ་བུ་ཡིན་ཞིང༌། དེ་ཙམ་མ་ཟད་དགོས་གལ་བྱུང་དུས་མི་གསོད་མེ་མདའ་གཞུང་གིས་གཡར་པོ་གནང་བའི་ལོ་རྒྱུས་ཀྱང་ཁུངས་ཐུབ་ཡོད།  ད་དུང་མུ་མཐུད་དཔལ་འབྱོར་འཕེལ་རྒྱས་དང་སྲིད་ཇུས་གུ་ཡངས་ཕྱིན་ན། འཕྲུལ་མདའ་དང་འབར་མདེལ་སོགས་ཀྱང་མཁོ་སྒྲུབ་བྱས་ཏེ་བེད་སྤྱོད་བཏང་ན་གོ་རིམ་མང་པོ་བརྒྱུད་མི་དགོས་པར་གཙང་དག་བྱེད་སླ་མོ་ཡོང་བར་ངེས་པས། གཞུང་དམངས་རྡོག་རྩ་གཅིག་སྒྲིལ་གྱིས་དེའི་ཕྱོགས་སུ་འབད་བརྩོན་དགོས་པར་སྣང་བས་དགོངས་འཇགས་འཚལ།  ཚེ་སྲོག་ལ་རྩེད་ཆས་སྙིང་རྗེ་པོ་ཞིག་གི་མཐོང་ཙམ་ཡང་མེད་པའི་ཕོ་རྒོད་དེ་ཚོ་དེ་འདྲའི་འཆི་བ་ལ་དུངས་ཤིང་གསོན་པ་ལ་སྔང་བ་ལགས་པས། ཁོ་ཚོ་ལ་དཔའ་དང་སྙིང་སྟོབས་མེད་ཅེས་སུ་ཞིག་གིས་བརྗོད་ཤེས།
དེ་ལྟ་ནའང༌། བོད་རྗེ་བཙན་པོའི་སྐབས་ཀྱི་བསྟན་བཅོས་ལས། དཔའ་ཞེས་བྱ་བ་ནི་དགྲ་ལ་སོགས་པ་ལ་དྲག་ཤུལ་དང་གཏུམ་པོ་བྱེད་དགོས་པའི་དུས་ལ་བབས་དུས་གནད་དུ་ཁེལ་བར་བྱས་ན་དཔའ་བ་ཡིན་གྱི། མི་དགོས་པའི་གནས་ལ་གདུག་རྩུབ་ཆེ་བའི་མི་དེར་དཔའ་བོ་ཞེས་སུ་ཞིག་གིས་བསྟོད་དེ་མི་དེ་རིགས་ནི་དཔའ་བོ་མིན་པར་མི་ངན་ཡིན་ནོ།། ཞེས་དང༌། ལུས་ལས་རྩ་ཆེ་བ་མེད་པས་དོན་མེད་པར་དགྲ་ཐོག་དང་གདོན་ཐོག་ཏུ་མི་ལྕེབས་པར་བག་ཡོད་པར་གྱིས་ཤིག  དོན་ཆེན་པོ་སྲོག་རི་བ་ཙམ་ཞིག་ཡོད་ན་ད་གཟོད་རང་ལུས་ལ་ཕངས་སེམས་མེད་པར་ཚེ་སྲོག་བློས་གཏོང་ཐུབ་པ་དགོས་སོ། ཞེས་གསུངས་པ་ལྟར་ན། ཁམས་པའི་ཕོ་རྒོད་ཚོའི་དཔའ་དང་སྙིང་སྟོབས་དེ། དཔའ་བོ་གཅན་གཟན་ཁྲོད་ན་མོད་པའི་གདུག་རྩུབ་ཆེ་བའི་དཔའ་དང༌། འབུ་མེ་ལྕེབས་མེ་ཐོག་ཏུ་མཆོངས་པའི་ཨུ་ཚུགས་ཀྱི་སྙིང་སྟོབས་དེ་འདྲ་ཡིན་པ་ལས། ཐུ་སྟོད་བཙན་པོའི་སྐབས་ཀྱི་དཔའ་བོ་ཚོར་ཡོད་པའི་ཉམ་ངའི་གནས་ལ་གཟུར་ཤེས་པ་དང་དོན་ཆེན་ལ་ཐུག་དུས་འཆི་ཕོད་པའི་དཔའ་དང་སྙིང་སྟོབས་དེ་འདྲ་ནི་གཏན་ནས་མིན་ཏེ། ཁམས་པ་ཚོ་དོན་མེད་ནང་དམེ་བྱེད་པའི་དུས་སུ་སྐྲག་རྒྱུ་འཇིགས་རྒྱུ་མེད་པ་ཞིག་ཡིན་པ་མ་གཏོགས། དོན་དག་ཆེན་པོ་འདྲ་ལ་ཐུག་དུས་ཆུ་ཁ་རུ་ཁྲིད་པའི་ཁྱི་བཞིན་ཕྱིར་འཐེན་བྱེད་ངེས་ཡིན་པ་ནི་གསལ་བཤད་དགོས་པའི་གནད་ཅིག་ཡིན་ནོ།།
ཁྱི་ཡིས་རིགས་མཐུན་ཁྱི་ཡི་ཤ་མི་ཟ་བ་དང་སྤྱང་ཀིའི་ཨ་མས་སྤྱང་ཕྲུག་ལ་ནུ་མ་བསྣུན་པ་ལྟ་བུ། དུད་འགྲོའི་རིགས་ལའང་ཤ་ཞེན་དང་ལ་རྒྱ་ཕྲན་བུ་རེ་ཡོད་པས་སྨྲ་ཤེས་དོན་གོ་མི་ཡི་ལུས་རྟེན་བླངས་པ་ནས་བཟུང་ལ་རྒྱ་ཞེས་པ་དེའང་རང་གྲུབ་ཀྱི་ཚུལ་དུ་ཡོད་པ་སྨོས་མ་དགོས། ཏག་ཏག་ཁམས་པ་རྣམས་ལ་བསམ་བློ་འདི་འདྲ་གཞན་ལས་འབུར་དུ་ཐོན་པར་ཡོད་དེ། ཐོབ་བྱ་ཅི་ཡང་མེད་པར་ཁ་ཕོ་རུས་དང་མགོ་རྣ་བ་ཞེས་པའི་མིང་སྟོང་ཞིག་གི་ཆེད་དུ་ཕ་རོའི་ཐོག་ཏུ་བུ་རོ་འཇོག་ནུས་པའི་ཕྱིར། འོན་ཀྱང་ཞེ་ཕམ་པ་ཞིག་ནི། ཁམས་པའི་མི་ཚོའི་རྒྱུད་ལ་ཁྱིམ་ཚང་དང་ཁྱིམ་ཚང་གི་བར་རམ་སྡེ་ཤོག་ཕན་ཚུན་གྱི་བར་དུ་ཕྱོགས་འཛིན་རིས་གཅོད་ཀྱི་བསམ་བློ་ཤུགས་དྲག་པོ་ཞིག་ཡོད་པ་མ་གཏོགས།  མི་རིགས་དང་རྒྱལ་ཁབ་ལ་ཁྱབ་པའི་བསམ་བློ་རླབས་ཆེན་དེ་འདྲ་རྨི་ལམ་དུ་ཡང་འཁོར་ཐུབ་ཀྱི་མེད།  དེ་བས་ལྷག་བསམ་རྣམ་དག་གི་སྒོ་ནས་མི་རིགས་ཀྱི་ལས་དོན་སྒྲུབ་པའི་ཁམས་པ་ཞིག་ཕལ་ཆེར་གཞི་མ་གྲུབ་པའི་རྒྱུ་མཚན་ཡང༌།  ཁོ་ཚོར་ཞེན་ཁོག་གཏན་ནས་མེད་པས་ནི་མ་ཡིན་མོད་ཞེན་ཁོག་དེ་ཧ་ཅང་རྒྱ་ཆུང་དྲགས་པས། དུད་འགྲོའི་རྒྱུད་ཀྱི་ཤ་ཞེན་གྱི་བསམ་བློ་དང་ཧ་ལམ་གཅིག་པ་ལྟ་བུ་ཆགས་སོང་བ་རེད། དེ་བཞིན་དུ་ཁམས་པའི་གཞུང་དྲང༌། ཁམས་པའི་ཕྱི་ཐག  ཁམས་པའི་རང་བཀུར། ཁམས་པའི་སྒམ་བརླིང༌། ཁམས་པའི་གུས་ལུགས། ཁམས་པའི་ཤེས་འཇོན་སོགས་ལའང་ཕྱི་ནས་བལྟས་ན་ཡོད་པ་དང་ཡིན་པ་འདྲ་བ་ལ། གལ་ལ་ཐུག་ཚེ་མེད་པ་དང་མིན་པར་སོང་བ་མང་མོད་དཔེར་མཚོན་སྔར་ཞུས་དག་ལས་ཤེས་ཐུབ་སྙམ།
མདོར་ན། ད་ལྟའི་དུས་རབས་ཉེར་གཅིག་པ་ནི་གོ་ལ་གཅིག་གྱུར། མི་རིགས་མཐུན་སྒྲིལ། འཛམ་གླིང་ཞི་བདེ། ཤེས་ཡོན་དཔལ་འབྱོར་སོགས་ཀྱི་དུས་རབས་ཤིག་ཏུ་ངོས་འཛིན་བྱེད་བཞིན་འདུག་པ་དེ་ལྟ་ན། གདུག་རྩུབ། གླེན་རྟགས། མུན་འཐོམ་གསུམ་གྱིས་གང་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཕྱོགས་དེར་མགོ་ནག་མི་ཡི་ཕ་ས་ཞེས་བརྗོད་ཀྱང་བརྗོད་པ་དོན་གྱིས་སྟོངས་པས། དེ་བས་ནང་འཁྲུག་ཁྲག་གི་ཆོལ་ཁ་ཞེས་བཏགས་ན་འོས་ཤིང་འཚམས་པ་མིན་ནམ་སྙམ།                     འཕྲོ་མུ་མཐུད་འགོད་རྒྱུ།
·རྩོམ་ཡིག་གོང་མ:ད་ལོར་གཡུག་པའི་དགུན་གྱི་གྲང་ངར་འདིས།
·རྩོམ་ཡིག་འོག་མ:ང་དང་མ་མི་ཡིན་དུས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཡུལ་ཆོལ་ཁ་གསུམ་ལས་མདོ་སྨད་རྟ་ཡི་ཆོལ་ཁའི་སྐོར། 2012/2/22 9:14:52
·དབུས་གཙང་ཆོས་ཀྱི་ཆོལ་ཁའི་སྐོར།༢ 2012/2/2 10:08:09
·བོད་ཡུལ་ཆོལ་ཁ་གསུམ།ཚ་བ་མདའ་སྨྱུག 2012/1/27 18:28:32
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:35:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:42:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:09:23 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།24.41MS