ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

བོད་ཡུལ་ཆོལ་ཁ་གསུམ་ལས་མདོ་སྨད་རྟ་ཡི་ཆོལ་ཁའི་སྐོར།

  རྩོམ་པ་པོ:ཚ་བ་མདའ་སྨྱུགཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2879ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/2/22 9:14:52ཚོགས་ཡར་སྤྲོད:admin
བོད་ཡུལ་ཆོལ་ཁ་གསུམ་ལས། མདོ་སྨད་རྟ་ཡི་ཆོལ་ཁའི་ཨ་མདོ་སྐོར།༤
 
ཚ་བ་མདའ་སྨྱུགཚ་སྒང་བློ་གྲོས་དཔལ་ལྡན།
 
   སྤྱིར་སྣང་ཞིང་སྲིད་པའི་ཆོས་ཀུན་དང༌། ཁྱད་པར་འཇིག་རྟེན་མི་ཡུལ་གྱི་རྟེན་དང་བརྟེན་པར་བཅས་པའི་རང་བཞིན་བཅོས་སུ་མེད་པ་ནི་བྱུང་འཕེལ་རྒུད་སྟོངས་ཀྱི་མཐའ་བཞི་པོ་འདི་ཡིན་པ་བཞིན། གངས་ཅན་བོད་པའི་གཙུག་ལག་ལུགས་གཉིས་ཀྱི་དགེ་མཚན་དབུས་དང་ཁམས་ཕྱོགས་ནས་འདི་ལྟར་ཉམས་རྒུད་དུ་སོང་བ་དང་ཕྱོགས་མཚུངས་པར། སྔོན་ཆད་ཡུལ་མཐའ་འཁོབ་ཡིན་པས་ཆོས་མི་དར། མི་མཐའ་མི་ཡིན་པས་རྒྱུ་དག་ཞན། དེ་བས་དུད་འགྲོ་རྟ་ཡི་རིན་ཐང་ཙམ་ལས་གླེང་བྱ་གཞི་མ་གྲུབ་པའི་བོད་ཤར་བྱང་ཨ་མདོའི་ཡུལ་དེར། བསྟན་པ་བྱང་ནས་བྱང་དུ་དར་བའི་ལུང་བསྟན་ཐོག་ཏུ་བབས་པ་ལྟ་བུས།  བར་སྐབས་སུ་ཐུབ་བསྟན་རྩ་ལག་དང་བཅས་པ་དར་ཁྱབ་བྱུང་བ་དུས་ད་ལྟའང་ངོ་བོ་མ་བོར་ཙམ་ཞིག་ཡོད་སྲིད་པ་དང༌། ཡུལ་གྱི་མི་ཕལ་མོ་ཆེའང་ཆོས་དད་ཆེ་མདོག་ཁ་པོ་འདུག་ཅིང༌། དད་པ་དེ་ཉིད་བརྟགས་ན་རྨོངས་དད་དང་གླེན་དད་ཤས་ཆེ་བར་སྣང་མོད།.བོད་མིའི་སྤྱི་ཚོགས་སུ་རྨོངས་དད་དང་གླེན་དད་ཀྱང་དད་པ་གོ་ཆོད་མ་བརྩི་བའི་སྲོལ་རྒྱུན་འབྱམས་སུ་འདུག་པས་འདིར་ཡང་གུ་ཡངས་ལོས་ཡོད།
   དེ་བཞིན། ས་བོན་དུས་ནམ་ཞིག་ནས་འཐོར་བ་མ་ཤེས་ཀྱང་ད་གཟོད་བརྟགས་ཤིང་དཔྱད་པའི་ཚེ་ན། ཡུལ་འདིར་འཇིག་རྟེན་མི་ཆོས་ཀྱི་རྩ་བ་ཕྲ་མོ་ཞིག་ཀྱང་ཚུགས་ཡོད་ཤས་ཆེ་སྟེ། རྗེ་མི་ལས། མི་ནི་མ་བཅོས་སྔོན་གྱི་མི།། གཏམ་ནི་མ་བཅོས་དྲང་པོར་སྨྲ།། སྤྱོད་པ་མ་བཅོས་ལྷོད་ལྷོད་པོ། ཞེས་གསུངས་པའི་དོན་ལྟར།  དབུས་གཙང་གཉིས་དང་བསྔུར་ན་ཨ་མདོའི་མི་ཚོ་གཞུང་དྲང༌། ཚུགས་ཐུབ།  ཁོག་ཡངས། ཞེ་གཙང༌། འཕྲུལ་ཉུང༌། ཕུག་བརྟན། ཁམས་པ་དང་བསྡུར་ན་ཁོ་ཚོ་ཚིག་འཇམ། སྨྲ་མཁས། འདྲིས་སླ།་འགྲོགས་བདེ། ངང་རིང་བ་སོགས་ཕལ་ཆེར་ཡོངས་ཁྱབ་ལྟ་བུར་གྱུར་འདུག་པས་སོ།  དེ་བས་ཀྱང་དོ་སྣང་བྱེད་རིན་ཡོད་པ་ཞིག་ནི།  ཤེས་བྱ་ཡོན་ཏན་ལ་དགའ་ཞིང་དོན་དུ་གཉེར་བའི་བསམ་བློ་རྒྱུད་ལ་ཡོད་པ་དེ་མི་ཡི་མཚན་ཉིད་ཡིན་པའི་དབང་དུ་བཏང་ན།  ཁམས་དབུས་གཉིས་དང་ཨ་མདོ་པའི་བར་ན་མི་ཡི་མཚན་ཉིད་ཚང་མ་ཚང་གི་ཁྱད་པར་ཞིག་ཤོར་བའི་ཉེན་ཁ་འདུག་སྟེ། མདོ་སྨད་ཀྱི་ཤེས་རིག་གི་སྡེ་ཆེན་པོ་དགོན་སྡེ་དང་སློབ་གྲྭ་ཟུང་ནས་འཚར་ལོངས་བྱུང་བའི་མི་བུ་བློ་རིག་སྐྲ་རྩེ་ན་འཁྱུག་ཅིང༌། དུང་ཞེན་སྙིང་དབུས་ན་ཟུག་པ་མི་ཉུང་བ་ཞིག་གིས་མི་རིགས་འདི་ཡི་ལས་སྐལ་ཐོད་དུ་བླངས། ཡ་ང་བའི་གནས་སྟངས་གདོང་གིས་བསུས་ཏེ། སྒྱུ་རྩལ་རྩོམ་རིག་གི་ཐབས་ལམ་ལ་བརྟེན་ནས་མི་མང་གི་རྟོགས་པ་སད་དུ་བཅུག་པ་དང༌། དཔྱད་བརྗོད་བགྲོ་བླེང་གི་ལམ་ནས་རིགས་གཞུང་གསར་རྙིང་བར་ན་ནང་མི་འདོམ་པའི་འགལ་འདུའི་རིགས་ལ་བཟང་ངན་བརྡར་ཤ་བཅད་དེ་བླང་དོར་བྱེད་པ་སོགས་རྩ་འཐོར་དུ་འགྲོ་ལ་ཉེ་བའི་ཁྱིམ་གཞིས་འདི་ཉིད་མྱུར་སྐྱོབ་ཀྱི་ལས་འགུལ་སྣ་ཚོགས་ཚ་ཚ་འུར་འུར་དུ་སྤེལ་བཞིན་འདུག་པ་ཤེས་གསལ་ལྟར་རེད། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་ཉམས་རྒུད་ལས་སྐྱོབ་རྒྱུ་དེ་རྩོམ་རིག་དང་དཔྱད་གཏམ་ཁོ་ན་སྤེལ་བས་འཐུས་པ་ཞིག་ག་ལ་ཡིན་ཀྱང༌། ལོ་གྲངས༌སྙོང་ཕྲག་གི་རིང་ལ་གྲགས་འགུལ་ཅི་ཡང་མེད་པར་ཉལ་ས་གཅིག་གི་ནང་དུ་ལུས་པའི་མི་རིགས་ནད་པ་ཞིག་ལ་མཚོན་ན། རུལ་དྲི་བྲོ་བའི་ལོག་ཞེན་དང་བག་འཁུམས་འཐོམས་སྦྲིད་ཡོད་ཚད་གཙང་སེལ་བྱ་བའི་ཆེད་དུ། གོ་རྟོགས་སྤེལ་ཏེ་བཟི་ཁ་དྭངས་ཐབས་བྱེད་རྒྱུ་དེ་ནི་ཅིས་ཀྱང་སྔོན་དུ་འགྲོ་དགོས་པའི་གལ་འགངས་ཆེ་བའི་བྱ་གཞག་ཅིག་ཡིན་པ་བསྙོན་དུ་མེད་དོ།
    ཁ་ཅིག་གིས། དེ་རིང་ཁ་སང་ཨ་མདོའི་ཡུལ་ན་ལྟ་བ་ལོག་པའི་མི་མང་པོ་ཞིག་ཐོན་བཞིན་ཡོད་འདུག ངོ་ཚ་མེད་པའི་མི་ངན་དེ་ཚོ་ཅི་འདྲ། སྟབས་ལེགས་པ་ཞིག་ལ་ང་ཚོས་ཁམས་ཀྱི་ལུང་པར་གནས་ཚུལ་ཐབས་རྡུགས་དེ་འདྲ་ད་སྔོན་གོ་རྒྱུ་ཐོས་རྒྱུ་མིན་འདུག་པ་དེ་ང་ཚོའི་གཟི་བརྗིད་རེད་ཟེར། ལྟ་བ་ལོག་དང་མ་ལོག་ཅེས་པ་དེ་ཚོ་རྣམ་དཔྱོད་ལྡན་པའི་འགྲོ་བ་མི་ཡི་རིགས་ཀྱི་བསམ་བློའི་འཁྱེར་སོ་ཞིག་ཡིན་པ་ལས། སྐྱག་འདམ་ཁྲོད་ཀྱི་ཕག་པ་ལ་དེ་འདྲའི་རྣམ་གཞག་ཅི་ལ་ཐོབ། རྗེ་རེད་མདའ་བས། མཁས་པ་རྣམས་ཀྱི་གཞུང་ལུགས་ལ།། དགག་སྒྲུབ་མཁས་པ་རྣམས་ཀྱིས་བྱེད།། མི་ཡིས་ཕྱིང་པ་དྲ་བ་ལ།། ཁྱི་ལ་ཐེ་གཏོགས་ཅི་ཞིག་ཡོད། ཅེས་གསུངས་འདུག་པས་ཁྱེད་ཅག་མི་ཡི་སྐད་ཆའི་བར་འཚང་མ་བརྒྱབ་པར་སོ་སོའི་འཕོང་གི་རུལ་བསེར་སྣུམ་བཞིན་སོ་སོའི་མལ་དུ་ཉལ་ན་དེ་འགྲིག་པ་མིན་ནམ།  མཚམས་འདིར་ངས་ཨ་མདོའི་ཡུལ་གྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཁ་ཅིག་མིང་ཐོག་ནས་ངོ་སྤྲོད་ཞུ་བ་དང་སྦྲགས་དེ་ཉིད་ཁམས་དབུས་གཉིས་བར་ཁྱད་བསྔུར་ཙམ་ཞིག་བྱེད་པར་འདོད།  དེ་ལ་ཁ་བ་ཅན་གྱི་རྣམ་འདྲེན་ཉི་ཟླ་ཟུང་གཅིག་ལྟ་བུ་ནི་བོད་རིགས་ཡོངས་ཀྱི་སྤྱི་ནོར་ཡིན་པས་ཕྱོགས་དང་རིས་སུ་གཅོད་པར་མི་འོས།
    དམ་པ་དོན་འགྲུབ་རྒྱལ་དང་སྙན་ངག་པ་ཡི་དམ་ཚེ་རིང་ལྟ་བུ་རང་རེ་དང་དུས་གཏན་དུ་ཞལ་གྱེས་ཟིན་པ་དག་ཀྱང་ད་ཆ་བགྲང་བས་ཕན་པ་མེད། དོར་ཞི་གདོང་དྲུག་སྙེམས་བློ་དང་གཉའ་བློ་གྲོས་རྒྱལ་མཚན་སོགས་མཁས་དབང་རྒན་རབས་ཚོའང་རེ་ཞིག་ལོགས་སུ་བཞག  ཨ་ཡོད་ནང་གི་ད་ཡོད་ཅེས་པའི་དཔེ་ལྟར་ཤ་དར་ཁྲག་དར་གྱི་དར་གཞོན་ཁྱུ་ཞིག་ལས།  རྩོམ་ལུས་སྣ་ཚོགས་ལ་ཕུལ་དུ་བྱུང་བའི་རྩོམ་པ་པོ་དང་གནའ་དེང་གི་རིག་གནས་ཀུན་གྱི་བང་མཛོད། མི་རབས་འདི་ཡི་སྨྲ་བ་ངག་གི་དབང་ཕྱུག་ཏུ་གྲགས་པའི་མགོ་ལོག་པ་སྐུ་ཞབས་འཇུ་སྐལ་བཟང༌། སྙན་ངག་གསར་པའི་གྲུབ་མཐའ་སྤེལ་བ་ལ་གནམ་འདེགས་ཀ་བ་གཅིག་པུ་སོག་རྫོང་རྡོ་རྗེ་ཚེ་རིང༌། བོད་ཀྱི་རྩོམ་རིག་དཔྱད་པ་བརྗོད་པའི་ཤིང་རྟ་པ་དགེ་རྒན་ཆེན་མོ་རེབ་གོབ་བདུད་ལྷ་རྒྱལ།  ངེས་པ་དོན་གྱི་སློབ་གསོ་པ་གཅན་རོང་བསྟན་འཛིན། མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་ཟུང་ཆུ་འབུམ་སྐྱབས། གྲགས་ཅན་སྒྲུང་གཏམ་རྩོམ་པ་པོ་རྩེ་གཞུང་ཚེ་རིང་དོན་འགྲུབ། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ།པདྨ་ཚེ་བརྟན། སྟག་འབུམ་རྒྱལ། ལྷ་བྱམས་རྒྱལ། ལྷ་རྒྱལ་ཚེ་རིང༌། མཚོ་བུ་དགའ་བདེ། གཅན་ཚ་སངས་རྒྱས་རྒྱ་མཚོ།  ཆུ་སྐྱེས་དགེ་འདུན་བསམ་གཏན། ཁྱུང་ཕྲུག་བློ་བཟང་དར་རྒྱས། མཚོ་ལྷོ་གངས་འཚོ། གཅན་མེ་སྟག གཅན་རང་སད། ལྡོང་ཆུ་ཤེལ། བུད་མེད་རྩོམ་པ་པོ་གྲགས་ཅན་མཛངས་མ་མེ་སྒྲོན། སོག་རྫོང་བདེ་སྐྱིད་སྒྲོལ་མ། རེབ་གོང་པད་མ་འཚོ། རྔ་བ་འོད་ཟེར་འཚོ། རྐང་ཚའི་དཔལ་མོ། མང་རའི་གཟུངས་ཕྱུག་སྐྱིད། བོང་སྟགས་ལྕགས་མོ་འཚོ། མཛོད་དགེ་ཆོས་སྒྲོན། གྲྭ་བཙུན་ནང་ནས་སློབ་གསོའི་ལས་ལ་ཕྱག་རྗེས་ཆེ་བའི་རྭ་རྒྱ་འཇིགས་མེད་རྒྱལ་མཚན།  ལྡོང་ཡོན་ཏན་རྒྱ་མཚོ།  དྷི་ཚ་མུན་འཇོམས་སྒྲོན་མེ། ཆ་རིས་སྐལ་བཟང་ཐོགས་མེད། ཀླུ་ཚང་ཤེས་རབ་བསྟན་དར། ལྕང་སྐྱ་དགེ་འདུན་བཀྲ་ཤིས། བཛ་ཚུལ་ཁྲིམས་རྒྱ་མཚོ། ཁོ་ཚེ་ཚུལ་ཁྲིམས། ལྷག་པར་དུ་དེང་རབས་བོད་ཀྱི་བསམ་བློ་བར་འབོད་འོས་པའི་སྐུ་ཞབས་ཞོགས་དུང་དང༌། ཁོང་གི་རྗེས་འཛིན་པ་ཞི་བདེ་ཉི་མ། སྨན་བླ་སྐྱབས། སྒང་ཚང་ཕག་མོ་བཀྲ་ཤིས། འགྱན་སངས་རྒྱས་དོན་འགྲུབ། བེའུ་བརྒྱ་ལྷ་མོ་སྐྱབས་སོགས་དར་མའི་ཚན་ཁག་དང༌།  གཞོན་ནུ་རྩོམ་པ་པོ་རེ་ལྟོས་ཅན་རྩོམ་གྲོགས་ཚོས་ཨེ་ཤ་ཡའི་འོད་ཟེར་ཞེས་སུ་འབོད་པའི་ཀན་ལྷོ་སྐྱབས་ཆེན་བདེ་གྲོལ། ཟི་ལིང་རྒྱལ་མཚན། རྔ་བ་བླུན་པོ་སྙུག་ཐོགས། ཐོར་གོད་སྟོབས་ལྡན་སེང་གེ། ཅོ་ནེ་ཡུམ་ཚེ་རིང༌། བྱ་གཞུང་དབྱངས་སྙ། མདོ་སྨད་ཧེ་རུ་ཀ བསམ་བློ་གསར་པའི་ན་གཞོན་གདོང་ལེན་རུ་ཁག་མེ་ལྕེ། ཟུར་གསུམ་མ། འཐོར་རླུང༌། གླག་མིག ཁྱུང་གཤོག  འོད་ཞགས།    འོད་བུ། ཨོཾ་འབར། ཅོར་འཇམ། གཟུ་མིག རྦབ་ཆུ། སྦི་རག  གཉན། གློག  རླུང༌། སྤྱན་སོགས་ཆར་ཤུལ་གྱི་ཤྭ་མོ་ལས་མང༌། གཞོན་ནུ་མ་སྙན་ངག་མཁན་བླ་བྲང་ཚེ་རིང་སྐྱིད།  ཁྲི་ཀའི་བོད་གཞུག་སྐྱིད།  བྱ་གཞུང་སྙིང་མོ་སྐྱིད།  འབའ་རྫོང་ལུ་གུ་སྐྱིད། གྲྭ་གཞོན་ཨ་འཇམ་དབྱངས་ཚུལ་ཁྲིམས། རྩེ་སྐྱེསྭ་དགེ་འདུན་དཀོན་མཆོག  ཁྲི་ལུང་རྟོགས། མིག་གསུམ་མ་སོགས་ཧ་ཅང་མང་སྟེ་གྱ་ས་འགར་རྩེ་དགོན་ཞེས་པའི་དགོན་ཆུང་གཅིག་ཁོ་ནར་འགར་རྩེ་སྦྱིན་པ། འགར་རྩེ་ཚུལ་ཁྲིམས། རྩེ་སྐྱེས་རིག་པའི་འཕུར་མདའ་འམ་འགར་རྩེ་བཟོད་པ། འགར་རྩེ་བརྩོན་འགྲུས། འགར་རྩེ་ཐབས་མཁས། འགར་རྩེ་འཇིགས་མེད། འགར་གསེར་ཏོག  འགར་རང་འབར། འགར་མེ་ཕུང༌། འགར་ཉག་ཕྲན་སོགས་ཁྱུ་ཞིག་འདུག་པ་ལྟ་བུའོ།  གོང་གསལ་དེ་དག་ནི་རང་ཉིད་ཀྱི་བློ་ངོར་བག་ཆགས་ཅུང་ཟད་ཟབ་པ་ཁ་ཅིག་གི་མིང་ཐོ་ལག་ལ་གང་འོང་བཀོལ་པ་ཙམ་ཞིག་མ་གཏོགས་ཡོད་ཚད་བགྲང་བས་ག་ལ་ལངས་ཏེ།  མི་གྲངས་ཁྲི་ཉི་ཤུ་གཡས་གཡོན་ཞིག་ལས་མེད་པའི་མཚོ་ལྷོའི་ས་ཁུལ་ཁོ་ནར་མིང་འབོད་ཆོག་པའི་རྩོམ་པ་པོ་བརྒྱ་ཚོ་ཁ་ཤས་ཡོད་པར་བཤད་འདུག་ལ་རྨ་ལྷོ་ཁུལ་ན་དེ་བས་མ་མང་ན་མི་ཉུང༌།  ཀན་ལྷོ་དང་རྔ་བ་སོགས་ས་ཁུལ་གཞན་དག་ལ་ཡང་རྩོམ་རིག་གི་དབྱིངས་འདི་མ་ཞུགས་ས་མེད།  ཉེ་ཆར་རེབ་གོང་གི་གྲྭ་པ་ཞིག་གིས་ཨ་རིའི་གསར་འགོད་པར། ང་ཚོ་ཨ་མདོའི་ལུང་བར་སྐྱ་སེར་སུ་ཡིན་ནའང་འདྲ། ན་གཞོན་ཞིག་ལ་མཚོན་ན་རྩོམ་ཡིག་འབྲི་རྒྱུ་ནི་ཉི་མ་རེ་རེའི་ནང་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཅེས་བཤད་སོང་བ་ཁོང་གི་ཕ་ཡུལ་ལ་མཚོན་ན་སྐད་ཆ་དེ་ཤབ་དང་ཤོབ་མེད་པའི་དྲང་གཏམ་ཡིན་ནོ།
   རྩོམ་པ་པོ་དེ་དག་གིས་བརྩམས་པའི་བརྩམས་ཆོས་ལ་བོད་བརྒྱུད་ཐུབ་བསྟན་གཙོ་བོར་གྱུར་པའི་སྲོལ་རྒྱུན་རིག་གཞུང་གི་འགྲེལ་བ། འགྲེལ་བཤད། དཀའ་གནད། བརྗེད་བྱང༌། བསྔུས་དོན། སྤྱི་དོན་སོགས་དང༌། དེང་སང་གི་རྩོམ་ལུས་སྙན་ངག སྒྲུང་གཏམ། ལྷུག་རྩོམ། འབོལ་རྩོམ། དཔྱད་གཏམ། བསྒྱུར་རྩོམ་སོགས་བགྲང་གིས་མི་ལངས་ཤིང༌། དེ་དག་འགྲེམ་སྤེལ་བྱེད་སའི་དཔེ་དེབ་ལོ་རེ་བཞིན་མ་བསྡད་པར་ཇེ་མང་དུ་འགྲོ་བཞིན་པ་དང༌། སྦྲང་ཆར། ཟླ་ཟེར། རྩེར་སྙེག  གངས་རྒྱན་མེ་ཏོག མཚོ་སྔོན་བོད་ཡིག་ཚགས་པར།  ཁྲིམས་ལུགས་ཚགས་པར་སོགས་གཞུང་གཉེར་དང༌། ཤར་དུང་རི། དུས་རབས་ཀྱི་ང༌། སྤང་ལྗོངས། སྒྲོན་སྟེགས། བླ་སྲོག བསམ་བློའི་ཤེས་རིག  གུར་གུམ་ཆུན་པོ།  དབུས་སྨྲ་སོགས་སྒེར་གཉེར་གྱི་ལོ་དེབ། དུས་དེབ། ཟླ་དེབ། ཚགས་ཤོག་སོ།གས་ཧ་ལས་དགོས་པའི་ཚོད་ཐོན་དང་འཐོན་བཞིན་པ་སྟེ། རེབ་གོང་རོང་བོ་དགོན་པ་ཁོ་ནས་དུས་དེབ་དང་ཚགས་ཤོག་རིགས་མི་འདྲ་བ་ཉུང་མཐར་དྲུག་བདུན་ཙམ་ཞིག་ལོ་རེ་བཞིན་དུ་འདོན་སྤེལ་བྱེད་བཞིན་ཡོད་པ་ལྟ་བུ་རེད། དེ་དག་ཡོད་ཚད་ཕུན་སུམ་ཚོགས་ཤིང་ཚད་དུ་ལོངས་པ་དེ་འདྲ་མིན་ན་ཡང་གོག་ལངས་འགྱེལ་གསུམ་གྱི་བརྒྱུད་རིམ་ཁྲོད་རིམ་བཞིན་འཐུས་སྒོ་ཇེ་ཚང་དང༌། ཁྱབ་ཁོངས་ཇེ་ཡངས་སུ་འགྲོ་བཞིན་ཡོད་ལ་རིམ་པ་དང་པོའི་གྲས་སུ་བགྲང་ཆོག་པའང་མང་པོ་ཡོད་སྐད། དབུས་གཙང་གི་རྫོང་ཁག་ལྔ་བཅུ་སྐོར་ཞིག་གི་ནང་ནས་གཞིས་ཀ་རྩེ་ནས་ཡིན་པའི་སྐུ་ཞབས་བཀྲ་ཤིས་དཔལ་ལྡན་དང༌། སྐྱེས་མ་ཚེ་རིང་དབྱངས་སྐྱིད་གཉིས་བཤད་རྒྱུ་གཏམ་རྒྱུ་མེད་པའི་རྩོམ་པ་པོ་བཟང་པོ་ཟུང་ཞིག་ཡིན། དེ་མིན་ལྷོ་ཁ་ན་མཁས་གྲུབ་ཟེར་བའི་ཚིགས་བཅད་སྙན་ངག་ཐ་རེ་ཐོར་རེ་འབྲི་ཤེས་མཁས་ཤིག་ཡོད་ཀྱང་ད་སྐབས་དཔོན་པོའི་གོ་ས་རག་ནས་བས་པའི་གོ་ས་ཤོར་སོང་བ་ཨེ་ཡིན་གོ་རྒྱུ་ཚོར་རྒྱུ་ཆེར་མི་འདུག  ལྷ་ས་ན་བཀྲ་ཤིས་ཟླ་བ་ཞེས་པ་ཅུང་སྐད་གྲགས་ཡོད་པའི་རྒྱ་ཡིག་གི་རྩོམ་པ་པོ་ཞིག་་ཡོད་པར་འདུག་ཀྱང་ཁོང་ཕ་ཡུལ་གང་ནས་ཡིན་པ་དང་བརྩམས་ཆོས་ཅི་ཞིག་ཕུད་ཡོད་པ་ཧ་གོ་མ་བྱུང༌། སྒྲུང་གཏམ་བརྩམས་ཆོསགཙུག་གཡུདངབཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུདལྟ་བུ་ལ་སྒྱུ་རྩལ་གྱི་རིན་ཐང་ཅུང་ཟད་ཡོད་ཀྱང་བསམ་བློའི་རིན་ཐང་ནི། མི་རབས་གཅིག་གི་སྔ་རོལ་ནས་ཤི་ཟིན་པར་མ་ཟད་རོའང་རུལ་ཚར་བའི་སྲིད་གཞུང་ཞིག་ལ་རོ་མདུང་བསྣུན་ནས་རང་ཉིད་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་པ་ཙམ་དུ་ཟད།  ཁམས་དབུས་གཉིས་ཀྱི་ས་མཚམས་བོད་བྱང་ཐང་ན་སྒྲུང་གཏམཐག་རིང་གི་སྦྲ་ནགརྩོམ་པ་པོ་བསྟན་པ་ཡར་རྒྱས་དངསྙན་ཚིག་རྒྱ་མཚོ་གསར་སྐྱེས་མེ་ཏོགགི་རྩོམ་པ་པོ་ཚེ་རིང་གནམ་མགོན་གཉིས་ཡོད་པ་ལས།  སྐུ་ཞབས་བསྟན་པ་ཡར་རྒྱས་ནི《གཙུག་གཡུ》དངབཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུདཀྱི་རྩོམ་པ་པོ་དག་དང་འདྲ་བར་སྒྱུ་རྩལ་ཡོད་ཀྱང་བསམ་བློ་མེད་པའི་སྒྲུང་གཏམ་རྩོམ་པ་པོ་སྟེ།  ཐད་ཀར་ཞུས་ན་ཕོ་བ་ལྟོགས་བཞིན་དུ་དགའ་འབོད་བྱེད་རྒྱུར་གོམས་པའི་རིག་གནས་གསར་བརྗེའི་བསམ་བློ་འདོར་མ་ཐུབ་པའི་གཡོན་ལྷུང་བ་ཞིག་གོ ཚེ་རིང་གནམ་མགོན་གྱི་སྐད་ཆ་ལ་རིན་ཐང་ཅི་ཙམ་ཡོད་ཨ་ལགས་དོར་ཞི་ཚང་གིས་མཁྱེན་བཞིན་ཡོད་སྐད། རང་ངོས་ནས་བཤད་ན་ནི་ཁོང་གི་སྒྲུང་གཏམཏང་བུ་ཟིང་ཉོགསོགས་ཀློག་པ་ལ་མི་དགའ་བ་ཅི་ཡང་མེད་དོ། ཁམས་ཡུལ་སྟོད་སྨད་བར་གསུམ་ན་གནའ་བོའི་མདོག་མ་འགྱུར་བའི་བསྟོད་རྩོམ་ལྡབ་ལྡིབ་ཐ་ཐོར་རེ་འབྲི་མཁན་ཡོད་ཀྱང་སྲིད་ལ་མེད་ཀྱང་སྲིད་མོད་ཕལ་ཆེར་མེད་ཤས་ཆེ།  དེ་མིན་དུས་རབས་དང་འཚམ་ལ་མི་རིགས་དང་འབྲེལ་བའི་གསུང་བྱིན་རླབས་ཅན་འབྱོན་མཁན་ཞིག་ཁོ་བོས་ད་སྔོན་མཐོང་ཐོས་བྱུང་བ་མི་དྲན་ནོ།  འོ་ན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཡོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཁམས་པ་མིན་ནམ་ཟེར་ན། ཁོང་གི་ཕ་ཡུལ་ནི་ཁམས་སྡེ་དགེ་ནས་ཡིན་པར་འདུག་མོད་ཁོང་རང་ཉིད་ས་ཕྱོགས་གཞན་དུ་སློབ་སྦྱོང་གནང་བའི་གོ་སྐབས་ཤིག་ཐོབ་ཡོད་པའི་བཀའ་དྲིན་ལ་བརྟེན་ནས་ད་གཟོད་འོད་ཟེར་ཕྱི་རུ་སྤྲོས་ཐུབ་པ་ཡིན་གྱི་སྤྲིན་སྐྱོགས་གོང་ཙམ་ཞིག་མེད་ནས་ཐོག་གཡག་རོ་ཙམ་ཞིག་བརྒྱབ་པ་དེ་འདྲ་མིན་པར་ངེས།  ད་དུང་ཁོང་དང་ཆ་འདྲ་བའི་མི་སྣ་རེ་རེ་ཙམ་བགྲང་རྒྱུ་ཡོད་ན་དེ་ལའང་གོ་སྐབས་དམིགས་བསལ་བ་ཞིག་རག་པ་ཡིན་རྒྱུ་རེད། ལྷག་པར་དུ་ཁམས་སྟོད་ཆབ་མདོའི་རྫོང་ཁག་བཅུ་གཅིག་དང་ལྷོ་རྒྱུད་ཉིང་ཁྲིའི་རྫོང་ཁག་བདུན་བཅས་ཀྱི་ཁོངས་སུ་ནི་རྩོམ་རིག་སྒྱུ་རྩལ་གྱི་ལག་ལེན་དངོས་སུ་བསྟར་མཁན་ཞིག་ཕར་བཞག  དེའི་སྐོར་གྱི་རྨིལམ་སྐྱིད་པོ་ཐེངས་ཤིག་བཏང་མྱོང་མཁན་ཡང་རི་བོང་གི་རྭ་མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག རུས་སྦལ་གྱི་སྤུ་ཡིན་ལ། ཐ་ན་བོད་ཀྱི་དུས་དེབ་གོ་ཆོད་མ་གཅིག་པུ་སྟེསྦྲང་ཆརཞེས་པའི་དུས་དེབ་གཅིག་ཡོད་པ་གོ་མྱོང་མཁན་ཡང་རེ་རེ་གཉིས་གཉིས་ཡིན་རྒྱུ་རེད་སྙམ། ཁོ་བོས་ཀྱང་སྤྱི་ལོ་ཉིས་སྟོང་ཐམ་པའི་ཡར་སྔོན་ནསྦྲང་ཆརཞེས་པ་ནམ་མཁའ་ནས་བབས་པའི་ཆུ་ཞིག་གི་མིང་ཡིན་པར་ཤེས་པ་ཙམ་ལས་ཟི་ལིང་ནས་ཐོན་པའི་དེབ་ཅིག་གི་མིང་ཡིན་པ་གཏན་ནས་མི་ཤེས།  ད་ལྟ་དེ་ཤེས་བཞིན་ཡོད་པས་ང་ཡི་ཕ་ཡུལ་ལ་མཚོན་ན་ང་རང་གོ་རྒྱ་ཐོས་རྒྱ་ཆེ་ཤོས་ཡིན་རྒྱུ་རེད་སྙམ་ནས་ང་རྒྱལ་བྱེད་བཞིན་ཡོད།  གནས་སྟངས་དེ་དག་དང་བསྡུར་ན་ཨ་མདོའི་ཡུལ་འདི་རྫོགས་ལྡན་གྱི་ཞིང་ཁམས་མིན་དུ་ཆུགས་ཀྱང༌། ཀླ་ཀློ་མཐའ་འཁོབ་ཀྱི་ཡུལ་ཞིག་ཡིན་དགོས་དོན་ཅི་ཡང་མི་འདུག་ལ།  དུད་འགྲོ་རྟ་ཡི་རིན་ཐང་གླེང་ནས་ངན་མཚང་འགེབ་ཐབས་བྱེད་དགོས་པའི་གནས་དེའང་འདི་མིན་པར་ངེས།  དེ་བས་ཡུལ་འདིར་མིང་རྫིག་པོ་ཞིག་གསར་དུ་མ་བཏགས་ཀྱང་ལོས་ཆོག་མོད་ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པ་ལྟར་ཆོས་དང་རིག་གཞུང་བསམ་བློ་ཀུན་སྤྱོད་གང་གི་ཐད་ནས་བལྟས་ཀྱང་རོ་མདོག་དོད་ཟིན་པའི་བོད་པ་ཚང་གི་གདོང་ལ་གསོན་པའི་རེ་ཐག་མ་ཆད་ཙམ་གྱི་རྣམ་རིག་གསལ་བའི་མིག་ཟུང་ལྟ་བུ་དེ་མདོ་སྨད་ཀྱི་ཡུལ་ན་སྣང་བས། ད་ནས་བཟུང་སྟེ་དབུས་གཙང་གི་གཞོན་སྐྱེས་མགོ་སྟོང་ཚོ་སྨྱོ་མཚམས་ཞོག  ཁམས་པའི་བླུན་རྒན་ཚོ་གཉིད་མཚམས་ཞོག་ལ།  རྟ་ཟིན་སྒ་ཟིན་གྱིས་ཨ་མདོའི་བུ་རྒོད་ཚོའི་རྗེས་སུ་རྒྱུགས་དང་ང་ཚོ་ཡང་དོན་ལྔ་སྣོད་དྲུག་ཚང་བའི་མི་གསར་པ་ཞིག་ཏུ་འགྱུར་ཆོག་ཆོག་ཡིན་ཏེ།  བོད་མི་ས་ཡ་དྲུག་གི་རྩ་ལམ་ན་ལྷོག་ལྷོག་ཏུ་རྒྱུ་བཞིན་པའི་ཟུངས་ཁྲག་ཡོད་ཚད་བོད་རྗེ་སྲོང་བཙན་སྒམ་པོའི་ཁྲག་རྒྱུན་དང་འདྲ་མཚུངས་ཡིན་པའི་ཕྱིར་རོ།
      ལྟེ་ཁྲག་དམར་པོ་སྒང་དྲུག་ཡུལ་དུ་གཏོར།།
      དུང་ཞེན་དཀར་པོ་རུ་བཞིའི་ལྗོངས་ལ་བཅོལ།།
      འོན་ཀྱང་ཁ་ནག་གྱོད་ཀྱི་མཁན་པོ་འདི།།
      འབྲེལ་མེད་གཡར་མོ་ཐང་གི་ཕྱོགས་སུ་ཤོར།
      ལེགས་ན་དགྲ་བོའི་གཏམ་ཡང་མཉན་འོས་ལ།།
      ཉེས་ན་བླ་མའི་གསུང་ཡང་འདོར་དགོས་པའི།།
      སྔོན་ཚེ་ཀུན་དགའ་དཔལ་གྱི་ལེགས་བཤད་དེ།།
      ད་ལྟ་ཁོ་བོའི་ཡིད་ལ་བྲིས་པ་བཞིན།།
      ཕ་ཡུལ་དམྱལ་ཁམས་ཡིན་ཡང་སྐྱིད་སྣང་དང༌།།
      ཕ་མཁར་གཡག་ར་ཡིན་ཡང་བདེ་སྣང་གི།
      ལོག་ཞེན་དེ་འདྲ་བདག་ལ་མི་མངའ་བས།།
      ཨུ་ཚུགས་མགོ་མཁྲེགས་ཚོགས་ཀྱིས་བཟོད་པར་མཛོད།
      བོད་ཡུལ་ཆོལ་ཁ་གསུམ་གྱི་བཟང་ངན་མི།།
      ལ་ལ་ཕན་ཚུན་འཆོལ་བ་ལོས་ཡོད་ཀྱང༌།།
      ཕལ་ཆེར་རིགས་མཐུན་ལྷན་དུ་བསྡུས་པ་བཞིན།།
      མ་བཅོས་བློ་ལ་འཆར་བའི་ངང་ཚུལ་ལགས།།    
 
·རྩོམ་ཡིག་གོང་མ:འཆི་ཁའི་ཉམས་ལེན་དང་ཉམས་ལེན་གྱི་འཕྲོ་མཐུད་ཚུལ།
·རྩོམ་ཡིག་འོག་མ:༢༠༡༢ལོའི་བོད་ལུགས་ལོ་སར་གྱི་མཚན་མོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·མདོ་སྟོད་མི་ཡི་ཆོལ་ཁའི་སྐོར།༣ 2012/2/10 11:11:05
·དབུས་གཙང་ཆོས་ཀྱི་ཆོལ་ཁའི་སྐོར།༢ 2012/2/2 10:08:09
·བོད་ཡུལ་ཆོལ་ཁ་གསུམ།ཚ་བ་མདའ་སྨྱུག 2012/1/27 18:28:32
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 9:55:22 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:11:13 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:39:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS