ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
རྩོམ་ཡིག་ཀློག་པ།

རྒྱལ་ཁབ་དབུལ་ཕྱུག་གི་ཁྱད་པར་འབྱེད་ཆོས།

རྩོམ་པ་པོ:སངས་རྒྱས་བསོད་ནམས་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2149ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/11/23 20:03:00ཚོགས་ཡར་སྤྲོད:admin
རྒྱལ་ཁབ་དབུལ་ཕྱུག་གི་ཁྱད་པར་འབྱེད་ཆོས།

ཅོ་ནེ་སངས་རྒྱས་བསོད་ནམས་ཀྱིས་བསྒྱུར།

རྒྱལ་ཁབ་བར་གྱི་དབུལ་ཕྱུག་གི་ཁྱད་པར་དེ་རྒྱལ་ཁབ་བཙུགས་པའི་ལོ་རྒྱུས་རིང་མིན་ལ་ལྟོས་པ་མེད་དེ། དཔེར་ན་རྒྱ་གར་དང་ཨེ་ཅིབ་ལྟ་བུ་རེད། རྒྱལ་ཁབ་དེ་གཉིས་ཀྱི་ལོ་རྒྱུས་ཧ་ཅང་རིང་ཡང་། ད་ལྟའང་དབུལ་ཕོངས་རྒྱལ་ཁབ་ཡིན་པ་ལྟ་བུ་རེད།
དེ་ལས་ལྡོག་སྟེ། ཨོ་སི་ཐྲ་ལི་ཡ་དང་ནིའུ་ཟེ་ལན་ནི་ལོ་ངོ༡༥༠ཡི་སྔོན་ལ་ཕལ་ཆེར་མིང་ཙམ་ལས་མེད་ཀྱང་། ད་ལྟ་དར་རྒྱས་ཆེ་བའི་འབྱོར་ལྡན་རྒྱལ་ཁབ་ཆགས་ཡོད་པ་རེད།
རྒྱལ་ཁབ་ཀྱི་དབུལ་ཕྱུག་དེ་རང་བྱུང་ཐོན་ཁུངས་ལ་ཡང་རག་ལས་པ་མ་ཡིན་ཏེ། དཔེར་ན་འཇར་པན་ལྟ་བུ་རེད། འཇར་པན་གྱི་ས་རྒྱ་ཧ་ཅང་ཆུང་བར་མ་ཟད། དེ་ལས་བརྒྱ་ཆའི༨༠ནི་ལོ་ཏོག་འདེབས་དཀའ་བའི་རི་ཁུལ་རེད། ཡིན་ན་ཡང་དེ་ནི་འཛམ་གླིང་གི་དཔལ་འབྱོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཨང་གཉིས་པ་རེད་ལ། འཇར་པན་པ་རྣམས་ཀྱིས་རང་གི་ས་ཆ་དེ་ཉིད་བཟོ་གྲྭ་ཆེན་པོ་ཞིག་ཏུ་བསྒྱུར་ཅིང་། འཛམ་གླིང་གི་ས་ཆ་སོ་སོ་ནས་མ་བཅོས་རྒྱུ་ཆ་ནང་འདྲེན་གྱིས་ལས་སྦྱོར་བྱས་པའི་ཐོན་རྫས་ཕྱིར་བཙོངས་པར་བརྟེན། འཛམ་གླིང་ཡུལ་གྲུ་ཀུན་ནས་རང་ལ་རྒྱུ་ནོར་འབོར་ཆེན་འཐོབ་ཀྱི་ཡོད་པ་རེད།
དེ་ལས་གཞན། སི་ཝེས་ཙེར་ནི་རྒྱ་མཚོ་མེད་པའི་སྐམ་སའི་རྒྱལ་ཁབ་ཅིག་ཡིན་མོད། དེའི་མཚོ་འགྲུལ་གྲུ་གཟིངས་རུ་ཁག་ནི་འཛམ་གླིང་གི་གྲུ་གཟིངས་རུ་ཁག་ཆེ་ཤོས་རེད། སི་ཝེས་ཙེར་རྒྱལ་ཁབ་ཏུ་སྲན་མ་ཁོ་ཁོ[1]འདེབས་ཀྱིན་མེད་ན་ཡང་། དེ་རུ་འཛམ་གླིང་སྟེང་ཆེས་ཞིམ་མངར་ལྡན་པའི་ལྕོག་ལེ་བཟོ་ཡི་ཡོད། སི་ཝེས་ཙེར་རྒྱལ་ཁབ་ཀྱི་མངའ་རིས་ལ་སྤྱི་ལེ་གྲུ་བཞི་མ་འགའ་ཙམ་ལས་མེད་པ་དང་། ལོ་རེར་ལོ་ཏོག་འདེབས་པ་དང་ཕྱུགས་ཟོག་འཚོ་བའི་དུས་ཀྱང་ཟླ་ངོ་བཞི་ཙམ་ལས་མེད་པར་དུས་ཚོད་གཞན་དག་ཚང་མ་དགུན་གྱི་དུས་ཚིགས་འབའ་ཞིག་ཡིན་མོད། དེ་རུ་ཡོ་རོབ་གླིང་གི་རྒྱུ་སྤུས་ཆེས་ལེགས་པའི་དཀར་ཟས་ཡོད།
སི་ཝེས་ཙེར་ཡང་འཇར་པན་དང་འདྲ་བར་རང་བྱུང་ཐོན་ཁུངས་ཀྱིས་དབུལ་ན་ཡང་། སི་ཝེས་ཙེར་པ་རྣམས་ཀྱིས་ཕྱིར་ཚོང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པར་མ་ཟད། ཞབས་ཞུའི་སྤུས་ཚད་ལ་ནི་རྒྱལ་ཁབ་གཞན་གྱིས་དོ་ཟླ་མི་ཡོང་། རྒྱལ་ཁབ་ཆུང་ངུ་དེ་དག་གིས་ཁ་དན་ཚིག་གནས་དང་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་ཕྱུག་པོའི་ཆོ་ལོ་བླངས་ཡོད།
རྒྱལ་དམངས་ལ་སྤྱང་གྲུང་འཛོམས་མིན་དེ་ཡང་རྒྱལ་ཁབ་དབུལ་ཕྱུག་གི་ཁྱད་པར་འབྱེད་ཆོས་མིན་ཏེ། རྒྱལ་ཁབ་དབུལ་པོ་དག་གི་སློབ་མ་ནི་དཔེ་མཚོན་གསོན་པོ་ཞིག་རེད་དེ། ཁོ་ཚོ་རྒྱལ་ཁབ་ཕྱུག་པོར་གནས་སྤོ་བྱས་རྗེས་སྦྱངས་འབྲས་ཧ་ཅང་ལེགས་པོ་ལེན་གྱིན་ཡོད། དེ་བཞིན་དུ་དཔེ་མཚོན་གཞན་ཞིག་ནི། རྒྱལ་ཁབ་ཕྱུག་པོའི་ཁེ་ལས་ཀྱི་འགན་འཛིན་མང་པོ་ལ་ཡང་གཞན་ལ་མེད་པའི་ཁྱད་འཕགས་ཤེས་རབ་མི་མངའ་བ་དེ་ཡིན།
རྒྱལ་ཁབ་དབུལ་ཕྱུག་གི་ཁྱད་པར་དེ་རིགས་རྒྱུད་ལའང་རག་མི་ལས་ཏེ། དཔེར་ན། ཡོ་རོབ་གླིང་དཀྱིལ་མ་དང་ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་ཁག་ཏུ། ལྷོ་ཕྱོགས་ཀྱི་མི་རིགས་སྒྱིད་ལུག་ཅན་ཡིན་ཟེར་བའི་མི་རྣམས་ནི་གོང་སྨོས་རྒྱལ་ཁབ་དེ་དག་གི་ཐོན་སྐྱེད་བྱེད་མཁན་གཙོ་བོ་ཆགས་ཡོད། དེ་ལྟར་ཡང་སོ་སོའི་རྒྱལ་ཁབ་ཏུ་། ཁོ་པ་ཚོ་ནི་སྒྲིག་ཁྲིམས་མི་བརྩི་མཁན་རྐྱང་རྐྱང་ཡིན་པས། རང་གི་རྒྱལ་ཁབ་ནི་དུས་ནམ་ཡང་རླབས་ཆེན་གྱི་རྒྱལ་ཁབ་ཆགས་མ་ཐུབ་པ་རེད།
རྒྱལ་ཁབ་དབུལ་ཕྱུག་གི་ཁྱད་པར་ནི་མདོར་དེད་ན། རྒྱལ་དམངས་ཀྱི་རྣམ་འགྱུར་ལ་རག་ལས་ཏེ། རྒྱལ་ཁབ་ཕྱུག་པོའི་རྒྱལ་དམངས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཞིབ་འཇུག་བྱེད་སྐབས། རྒྱལ་ཁབ་དེ་དག་ཏུ་མི་མང་ཤོས་ནི། ཀུན་སྤྱོད་ཀྱི་ཚད་གཞི་རྩ་དོན་དུ་འཛིན་པ་དང་། སྒྲིག་སྲོལ་བརྩི་སྲུང་བྱེད་པ། གཞུང་དྲང་ཕྱི་ཐག་ཡོད་པ། དུས་ཆད་དང་མི་འགལ་བ། བྱ་བར་འགན་འཁུར་བ། བརྩོན་འགྲུས་ཆེ་བ། ཁྲིམས་ལུགས་བརྩི་བ། མི་གཞན་པའི་བདག་དབང་ལ་བརྩི་འཇོག་བྱེད་པ། རང་འཁྲིའི་བྱ་བ་ལྷུར་ལེན་པ། བསྲི་ཚགས་ཆེ་ཞིང་མ་དངུལ་གཏོང་འཇོག་ལ་སྤྲོ་བོ་ཡོད་པ་ཞིག་ཡིན་པ་རེད།
རྒྱལ་ཁབ་དབུལ་ཕྱུག་གི་ཁྱད་པར་འབྱེད་ཆོས་ལ་དེ་དག་མ་ཡིན་པའི་རྒྱུ་མཚན་གཞན་དགོས་སམ། མི་དགོས་སོ།། གལ་པོ་ཆེ་ལ་ནན་ཏན་དུ་སྨྲས་ན། རང་བྱུང་ཐོན་ཁུངས་མེད་པ་ལས་རྒྱལ་ཁབ་དབུལ་པོ་ཆགས་པ་མ་ཡིན་ཏེ། གོང་སྨོས་ཀྱི་རྒྱུ་རྐྱེན་དེ་དག་དོན་འཁྱོལ་ཡོང་བར་བྱེད་པའི་སྙིང་སྟོབས་ཀྱིས་དབུལ་སོང་བས་རྒྱལ་ཁབ་དེ་དག་གཞི་ནས་དབུལ་པོ་ཆགས་པ་རེད་དོ།།

[1] སྲན་མ་ཁོ་ཁོ་ནི་ཚ་བའི་ཁུལ་དུ་སྐྱེ་བའི་སྲན་མའི་རིགས་ཤིག་སྟེ། ལྕོག་ལེ་དང་ཁོ་ཧྥེ་བཟོ་བྱེད་ཀྱི་རྒྱུ་ཆ་ཡིན་པ་རེད།
·རྩོམ་ཡིག་གོང་མ:ལམ་རིམ་བདུད་རྩིའི་སྙིང་པོ།༦
·རྩོམ་ཡིག་འོག་མ:འདུས་བྱས་མི་རྟག་པའི་གླུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་དྲྭ་བར་བགྲོ་བའི་གཏམ་སྣ་ནག་མ། 2012/11/2 21:53:15
·མི་ཚེ་དང་སྙན་ངག་ལ་ལྟ་ཚུལ། 2012/10/21 13:46:21
·བོད་གཞས་ལ་བཅངས་བའི་ལྷག་བསམ་དཀར་པོ། 2011/11/28 18:56:10
·བོད་ཀྱི་གླུ་གཞས་སྐོར་གྱི་སྐད་ཆ་ཐན་ཐུན། 2011/8/27 17:22:24
·དཔེ་དེབ་དཔྱད་བརྗོད་བྱེད་པའི་བསམ་ཚུལ་ཁ་ཤས། 2011/8/8 15:26:11
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:19:32 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:25:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 23:44:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS