ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

དད་པའི་མེ་ཏོག་རྐང་གཅིག

རྩོམ་པ་པོ:སྟོབས་ལྡན་བོད།ཡོང་ཁུངས:dmrj,okགཟིགས་གྲངས:2778ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/29 22:31:44ཚོགས་ཡར་སྤྲོད:admin
དད་པའི་མེ་ཏོག་རྐང་གཅིག

སྟོབས་ལྡན་བོད།

དྲི་མེད་དྭངས་བསིལ་གྱི་མཚོ་མོའི་དཀྱིལ་གྱི།།
འཇམ་མཉེན་འདབ་སྟོང་གི་པདྨ་གཞོན་ནུའི།།
མ་ཆགས་ཟེའུ་འབྲུ་ཡི་ཚོམ་བུའི་དབུས་ནས།།
སྐྱོན་བྲལ་གཟུགས་སྐུ་ཡི་ལང་ཚོ་བཞད་སོང་།།

དཀར་གསལ་ཞལ་རས་ཀྱི་མཁུར་བའི་འཕང་ན།།
རབ་དམར་མཚལ་མདངས་ཀྱི་ཐིག་འཕྲེང་བརྡལ་ཞིང་།།
གནག་སྣུམ་དབུ་སྐྲ་ཡིས་ཐོར་ཅོག་བཅིངས་བའི།།
དབྱིངས་ཕྱུག་ཌཱ་ཀི་ཡི་སྙིང་གི་དྭངས་མ།།

འཁྲུལ་ཞིག་རིག་འཛིན་ཚོས་དངོས་སུ་གནང་བའི།།
རྒྱུད་ལུང་མན་ངག་གི་བདུད་རྩིའི་ཆབ་ཀྱིས།།
རྟག་ཆད་སྒྲོ་འདོགས་ཀྱི་དྲི་མ་བཀྲུས་ནས།།
གདོད་མའི་ཆོས་སྐུ་ཡི་རང་ཞལ་མཇལ་སོང་།།

ངེས་མེད་དུར་ཁྲོད་ཀྱི་བམ་ཆེན་ཐང་ནས།།
ཟླ་མེད་རྟུལ་ཞུགས་ཀྱི་སྤྱོད་པ་བསྟེན་ཏེ།།
གཉིས་འཛིན་རྣམ་རྟོག་དེ་ཟས་སུ་གསོལ་བའི།།
འཁོར་འདས་དབང་སྒྱུར་གྱི་རྣལ་འབྱོར་ཆེན་པོ།།

རྒྱལ་ཁྲིམས་བཙན་པོ་ཡི་གཏུམ་སྤྱོད་འོག་ནས།།
བཟོད་དཀའ་དམར་ནག་གི་མེ་ལ་བསྒྲོན་ཀྱང་།།
རྡོ་རྗེའི་སྐུ་མཆོག་ལ་འབྱུང་བས་མ་ཚུགས།།
སྣང་སེམས་དབང་འབྱོར་གྱི་རིག་འཛིན་ཆེན་པོ།།

ལས་སྨོན་རྟེན་འབྲེལ་གྱི་ཤུགས་ཀྱིས་བསྐུལ་ནས།།
བྱང་ཕྱོགས་གངས་དཀར་གྱི་རི་བོའི་ལྗོངས་སུ།།
ཞབས་ཟུང་གསེར་འཁོར་གྱིས་དངོས་སུ་བཅགས་ཏེ།།
སྐྱིད་པའི་ཉི་མ་ཞིག་གླིང་འདིར་ཤར་སོང་།།

ཏིང་འཛིན་ཟབ་མོ་ཡི་འཕྲུལ་ཐབས་ཤིག་གིས།།
མི་བསྲུན་ལྷ་འདྲེ་རྣམས་དམ་ལ་བཏགས་ཤིང་།།
ཀུན་རྨོངས་སྨག་རུམ་དེ་རྒྱང་དུ་སྐྲོད་པའི།།
མདོ་སྔགས་དམ་ཆོས་ཀྱི་སྒྲོན་མེ་སྦར་སོང་།།

བཙད་པོ་ཁྲི་སྲོང་གི་སྟོབས་ཀྱི་དབང་ཐང་།།
གདུལ་བྱའི་བསོད་ནམས་ཀྱི་གྲོགས་སུ་བཀུག་ཅིང་།།
གསང་ཆེན་ཐེག་པ་ཡི་སྒོ་འཕར་ཕྱེས་ནས།།
རིག་འཛིན་གྲུབ་ཐོབ་ཀྱིས་ས་ཆེན་གང་ཐལ།།

འབྱུང་འགྱུར་བསྟན་འགྲོ་ཡི་རྒུད་པ་སེལ་བའི།།
ཟབ་གཏེར་འདོད་འབྱུང་གི་ནོར་བུ་འབུམ་གྱིས།།
བྷོ་ཊའི་ནོར་འཛིན་གྱི་ཁྱོན་ཀུན་ཁེངས་བའི།།
གཞལ་མེད་བཀའ་དྲིན་གྱིས་ཡང་ཡང་བསྐྱངས་མྱོང་།།

བཙན་པོ་ཐུ་བྷོད་ཀྱི་རྗེ་འབངས་ཡོངས་ཀྱིས།།
གུང་ཐང་ལ་ཁ་ན་སྐྱེལ་མ་བྱས་ཤིང་།།
བརྩེ་ཆེན་ཐུགས་རྗེ་ཡིས་བོད་ལ་གཟིགས་ཏེ།།
རིན་བྲལ་གདམས་ངག་གི་ཞལ་ཆེམས་གནང་སོང་།།

དཔའ་བོ་སྡེ་བཞི་ཡིས་ཆིབས་ཁ་དྲངས་ཤིང་།།
མི་མིན་མཁའ་འགྲོ་ཡིས་བསུ་མ་གནང་སྟེ།།
རང་བྱུང་འཇའ་འོད་ཀྱི་གུར་ཁང་ནང་ནས།།
ལྷོ་ནུབ་སྲིན་ཡུལ་ལ་དངོས་སུ་གཤེགས་སོང་།།
བོད་རབ་གནས་ཆུ་མོ་སྦྲུལ་གྱི་ལོའི་ཟླ་༨པའི་ཚེས་༢༥སྟེ་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཕུལ་བའོ།།
·རྩོམ་ཡིག་གོང་མ:མེ་ལོང་།
·རྩོམ་ཡིག་འོག་མ:བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་མདོར་བསྡུས་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བླ་མ་ཙོང་ཁ་པར་མཇལ་བ། 2012/12/7 19:23:00
·མེ་ལོང་ནག་པོ། 2012/3/25 9:40:59
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:56:48 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:52:15 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:27:39 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 61 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS