ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

རང་གི་རིགས་ལ་སྐུལ་བའི་བདེན་གཏམ།

རྩོམ་པ་པོ:དབྱངས་རྩེན།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:2238ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/11/8 22:52:14ཚོགས་ཡར་སྤྲོད:admin

༄༅།།  རང་གི་རིགས་ལ་སྐུལ་བའི་བདེན་གཏམ།

དབྱངས་རྩེན།

བོད་ཡིག་ཤེས་ན་བོད་རིགས་བརྗོད་ན་འོས།

བོད་ཡིག་མ་ཤེས་བོད་མི་ཟེར་བ་མིན།

བོད་སྐད་བཤད་ན་བོད་རིགས་ཡིན་ན་བསམ།

བོད་སྐད་མི་ཤེས་བོད་མི་ག་ལ་བརྗོད།

མི་རིགས་ལ་རྒྱ་འཛིན་པར་རང་ཡིག་སྦྱོངས།

རང་སྐད་རང་ཡིག་ཚན་རྩལ་མི་ཤེས་པར།

ང་ནི་ལ་རྒྱ་ཅན་ཡིན་བརྗོད་ནའང་།

ཁ་བཤད་ཆུ་ཡི་ལྦུ་བ་ལྟ་བུའོ།

བོད་གོས་གྱོན་ན་བོད་མི་ཨེ་ཡིན་བསམ།

བོད་ཀྱི་ལུགས་སྲོལ་མ་ཤེས་བོད་མི་མིན།

རང་ལུགས་མིན་པའི་ངན་ལུགས་འཛིན་པ་དེ།

ནོར་མགོ་ལུག་ལུས་ལྟ་བུར་ལྟས་ངན་བརྗོད།

རྒྱ་ཕྲུག་ཡིན་ན་རྒྱ་ཡིག་སློབ་པར་དགའ།

བོད་ཕྲུག་ཡིན་ན་བོད་ཡིག་སློབ་པར་སྤྲོ།

དེ་བཞིན་རང་སྐད་རང་གིས་བཤད་པར་དགའ།

གཞན་སྐད་བཤད་པར་དགའ་མཁན་མདོ་མེད་ཡིན།

གཞན་སེམས་མ་དཀྲུག་རང་སེམས་བཟང་པོ་བྱོས།

གཞན་ལ་གནོན་སེམས་མ་བྱེད་རང་ལུགས་ཆོང་།

གཞན་ལ་གནོད་དང་མི་དགའ་བྱུང་བས་ན།

རང་ལ་དེ་བཞིན་འབྲས་ངན་འབྱུང་བར་གསུངས།

ཡིག་རིགས་གང་མང་ཤེས་ན་ལེགས་མོད་ཀྱང་།

རང་ཡིག་རང་གིས་སློབ་པ་གཙོ་བོ་ཡིན།

གཞན་གྱི་སྐད་བརྡ་འཕྲོད་ན་བཟང་མོད་ཀྱང་།

རང་གི་ཕ་སྐད་བརྗེད་ན་ལྟས་བཙོག་ཡིན།

དེ་བས་བོད་མི་ཡིན་ན་བོད་ཡིག་སྦྱོངས།

བོད་ཀྱི་ལུགས་སྲོལ་བོད་ཀྱི་ལོ་རྒྱུས་དང་།

བོད་སྐད་ལ་སོགས་ཤེས་པར་རབ་བརྩོན་ནས།

དྲང་བདེན་བོད་ཀྱི་ལུགས་སྲོལ་འཛིན་པར་གྱིས།

རང་གི་རིགས་ལ་སྐུལ་བའི་བདེན་གཏམ་འདི་།

ཚིག་ཉུང་གནད་ལ་ཁེལ་བར་འགྱུར་བ་ཤོག

ལ་རྒྱ་ཡོད་པའི་བོད་མི་ཡིན་གྱུར་ན།

བོད་རིགས་དང་མ་ཞིག་ལ་འགྱུར་བར་ཤོག

·རྩོམ་ཡིག་གོང་མ:རག་ར་རིན་པོ་ཆེའི་རང་རྣམ།
·རྩོམ་ཡིག་འོག་མ:སྲིད་པའི་ཆོས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:10:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:05:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:26:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS