ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

སེམས་ཀྱི་སྟོན་པ་ཆེན་པོ། ཙོང་ཁ་པ་དྲན་པ།

རྩོམ་པ་པོ:རླངས་ཚང་གཡག་ཡོང་ཁུངས:དྲ་ཐོགགཟིགས་གྲངས:1337ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/12/25 21:39:49ཚོགས་ཡར་སྤྲོད:admin
སེམས་ཀྱི་སྟོན་པ་ཆེན་པོ། ཙོང་ཁ་པ་དྲན་པ།

ལོ་ཟླའི་བཞུར་རྒྱུན་དང་འགྲོགས་ནས།།
དབུ་ལ་དཀར་མདའ་ཞིག་ཟུག་དུས།།
དམར་ཆུང་སེམས་པ་ཡི་གསེབ་ལ།།
སྨུག་པ་ལྗང་ཁུ་ཞིག་འཐིབ་གི།

ལོ་ངོ་རེ་རེ་བཞིན་རྒས་ཀྱང་།།
རྡོག་བྲོས་རྟེན་འབྲེལ་ལ་རོལ་བའི།།
སྲ་མཁྲེགས་སེམས་པ་དག་བསམ་ན།།
མཆི་མ་སེམས་ཁོངས་ལ་འབབ་གི།

ཞབས་ཟུང་གཞན་ཁྱིམ་ལ་གཏད་ནས།།
རྨི་ལམ་གླིང་བཞི་ལ་ཕྱོགས་དུས།།
བརྩེ་འཛུམ་ལང་ཚོ་ཡི་ཟིལ་ཤུགས།།
དགྲ་བོའི་སྙིང་ལ་ཡང་སྡུག་པ།།

འབྱོར་མེད་ཨ་སྐྱོ་བ་ཞིག་གིས།།
སེམས་ཁམས་ཕྱུག་བསྒྱུར་ལ་བརྩོན་དུས།།
མིག་ཟུང་ཁ་དོག་གིས་བཟུང་བའི།།
དབུལ་བོ་གང་ས་ནས་ཕེབས་བྱུང་།།
བཙན་རྫོང་གནས་ལུགས་ལ་བཅས་པས།།
མཚོན་ཆ་བྱམས་བརྩེ་ཡིས་བཟི་དུས།།
ཉི་ཟླ་རྣ་ཆ་རུ་ཕེབས་པའི།།
དཔེ་མེད་ཆ་ལུགས་དེ་མཛེས་པ།།

གཟན་རྐྱང་སྲབ་འཇམ་གྱི་གོས་ལ།།
བཙག་རླུང་གྲང་ངར་གྱིས་གཙེ་དུས།།
ནང་སྙིང་དྲོད་ཁོལ་གྱིས་བཟུང་བའི།།
གྲུབ་ཆེན་ཉམས་སྣང་00དེ་མཚར་ཨང་།།

བདག་སོགས་མགོ་ནག་པའི་སེམས་ཅན།།
བུ་བཞིན་བྲང་ཤ་ལ་སྦྱར་ཡོད།།
མ་གྱུར་འགྲོ་བ་ཚོའི་བདེ་སྡུག།
ཡེ་ཤེས་དབྱིངས་ངོགས་ན་བཞད་ཡོད།།

ཙོང་ཁའི་ལ་མོ་ལ་བརྒལ་བའི།།
མི་ལྡོག་རྟེན་འབྲེལ་ལ་བརྒལ་ནས།།
སང་ཉིན་དེ་རིང་དུ་སྒྱུར་ལ།།
གོམ་ཁ་གཞིས་ཀ་ལ་ཕྱོགས་ཤོག།

རི་བོ་ཐོག་གློག་གིས་བསྲེག་ཐལ།།
ཆུ་བོ་ལུང་གཞུང་ན་སྐམ་ཐལ།།
ནོར་ལུག་བྱེ་ཐང་ལ་བཀྲམ་ཡོད།།
ཁྱིམ་སྒོ་སྲུང་རྒྱུ་འདི་དཀའ་གི།

ཕུགས་ཀྱི་གཡག་རྒན་ནས་བཟུང་སྟེ།།
སྒོ་ཁའི་དོམ་ནག་གི་བར་དུ།།
རྩ་ཆེན་རྩིས་ཆེན་ལ་བསམ་དུས།།
སེམས་པ་བདེ་ཐབས་ཤིག་མི་འདུག།

ཁྱིམ་མཚེས་བཙན་པོ་འདིའི་མཁྲིས་ན།།
སྨྱུག་རྩེ་ཆུ་རྡོ་ལས་སྟུག་ཀྱང་།།
སེམས་པའི་རང་ཚོད་ཀྱི་ནམ་མཁའ།།
གཞན་གྱིས་འགོག་ཐབས་ཤིག་མི་འདུག།

དེ་རིང་ཉི་ཤར་གྱི་རྩེ་ལ།།
ཙོང་ཁའི་སྟོན་པ་དེ་དྲན་སོང་།།
སྐུ་ཚེ་སྐལ་བའི་བར་བརྟན་ནས།།
ཞབས་ཟུང་རེ་ཁ་བཞིན་སྒྱུར་ཤོག།

སེམས་པའི་མཁའ་དབྱིངས་ན་བཞད་པའི།།
རེ་བའི་མེ་ཏོག་གི་ཟེའུ་འབྲུ།།
འདོད་རྒུའི་ཞིང་ས་ལ་བབ་ནས།།
གཡུར་ཟའི་འབྲས་བུ་དེ་སྨིན་ཤོག།
༢༠༡༡ལོའི་ཟླ་༧པའི་ཚེས་༦ཉིན་མགོན་པོ་གང་ལ་མི་ཕྱེད་པའི་དད་པས་གདུང་བ་རླངས་ཚང་གཡག་ཏུ་འབོད་པ་དེས་མདོ་སྨད་ལྷོ་རྒྱུད་གཙོས་གྲོང་ཁྱེར་དུ་ཤར་མར་བྲིས་སོ།།
·རྩོམ་ཡིག་གོང་མ:ཝ་ནག་ལུང་པ། ༡༠ ༡༡དང་བཀླག་ཐོ།
·རྩོམ་ཡིག་འོག་མ:ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྗེས་དྲན་པད་དཀར་འདབ་བརྒྱད། 2011/2/9 20:12:54
·དུང་དཀར་བློ་བཟང་འཕྲིན་ལས་མཆོག་ཉིད་རྗེས་དྲན་དུ། 2009/11/24 20:46:19
·ཆུང་གྲོགས་རྗེས་དྲན་གྱི་གླུ། 2009/10/23 18:02:36
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:31:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:52:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:56:58 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS