ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

ཀ་རྩོམ་འགྲིག་མཐུན་མ།

རྩོམ་པ་པོ:སོག་མདའ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1649ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/3/15 12:53:40ཚོགས་ཡར་སྤྲོད:admin
ཀ་རྩོམ་འགྲིག་མཐུན་མ།

སོག་མདའ།

ཀྭ་ཡེ་ཞེས་སེམས་ནས་འབོད་ན་འདོད་པའི་ཨ་ཅག་དེ་དབྱངས་ཅན་ལྷ་མོའི་མིང་ཅན།།
ཁ་མིན་གྱི་ཚིག་གི་ཕྲེང་བ་བརྒྱུས་ནས་ལབ་གླེང་གི་དུས་ཚོད་ཇ་ཡུན་ཙམ་ཞིག།
གང་ཞིག་གི་ཇ་ཁང་ཟ་ཁང་ནས་ནི་སྐར་འགའི་རིང་སྐད་ཆ་བཤད་ན་ཆོག་གམ།།
ང་དང་ཁྱེད་ཕན་ཚུན་ངོ་ཤེས་བཟོ་བར་དལ་དལ་ངང་ཁ་བརྡ་ཅུང་ཙམ་བྱེད་དགོས།།

ཅ་ཅོ་ཡི་འུར་ཟིང་འདུ་འཛི་མེད་སའི་ཁུ་སིམ་པའི་ཇ་ཁང་ཀེ་ལ་ཤ་རུ།།
ཆ་ཡོད་དང་ཆ་མེད་ཡོང་རོགས་མེད་པར་སྐུ་ཉིད་ལགས་ཁེར་རྐྱང་ངང་ལ་ཕེབས་དང་།།
ཇ་ཆང་དང་ཟས་རིགས་ཅི་འདོད་མངགས་ནས་སང་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་པ།།
ཉ་ཉོག་གི་ལབ་གླེང་སྐད་ཆ་མིན་པར་སེམས་གཏིང་གི་ཚིག་གསུམ་ཁྱེད་ལ་ཞུ་འདོད།།

ཏིང་ཏིང་གི་སྒྲ་དབྱངས་རྣ་ལ་སྙན་ཞིང་མར་མེ་འོད་མདངས་མིག་ལ་འཁུ་བས།།
ཐ་ཐོར་གྱི་མགྲོན་པོ་རེ་འགའ་འབྱོར་དུས་ཁྱེད་ཉིད་རེད་བསམ་ནས་སེམས་པ་འཚབ་ཁུ།།
ད་ལྟ་རང་དུས་ཚོད་དྲུག་པ་ཐོན་དུས་ཁྱེད་རང་ཡང་སྒོ་ནས་ཡར་ལ་འཛུལ་བས།།
ན་ཚོད་དང་སྒེག་ཉམས་གང་གི་ཆ་ནས་མི་ཡུལ་ན་ཁྱེད་ལས་ལྷག་ཞིག་མ་མཐོང་།།

པང་ཁེབས་ཀྱིས་མདུན་གྱི་པང་ནས་མ་དཀྲིས་བོད་ཆས་དེ་དེ་འདྲའི་གཙང་ཞིང་དག་པ།།
ཕན་ཚུན་གཉིས་མཐོང་དུས་འཛུམ་གྱིས་བསུ་ཞིང་ཕྱག་སོར་ཀྱིས་ལག་འཇུ་ཡང་མོ་བྱས་པ།།
བལ་དཀར་ལྟར་འཇམ་པའི་གཤིས་ཀ་བཟང་པོ་འཚམས་འདྲི་ཡིས་ཚིག་གསུམ་ངག་ནས་བྱུང་དུས།།
མོ་བརྒྱ་ཡི་གཙུག་རྒྱན་ཨ་ཅག་ཁྱེད་ལ་དེ་རིང་ང་ཐུག་པ་སྐལ་བ་བཟང་བྱུང་།།

ཙ་རི་ཡི་རི་ཁྲོད་ཀྱི་བྲག་ཕུག་འདྲ་བའི་ཁུ་སིམ་གྱི་ཟ་ཁང་ཆུང་ཆུང་འདི་ནས།།
འཚབ་འཚུབ་གྱི་དལ་བྲེལ་གང་ཡང་མེད་པར་མཉམ་གཅིག་ཏུ་དགོང་ཟས་བཅུད་ལ་རོལ་བཞིན།།
མཛའ་སེམས་ཀྱི་སྙིང་གཏམ་མདུན་ལ་སྤུངས་དུས་ཨ་ཅག་ལགས་ཅུང་ཙམ་ངོ་ཚས་ཁེངས་སོང་།།
ཝ་མོ་བཞིན་གཡོ་སྒྱུ་ཁྲམ་གསུམ་མིན་པར་སེམས་གཏིང་ནས་དགའ་བ་ཁོ་མོར་བརྗོད་ཡིན།།

ཞེ་སེམས་འདི་མི་འགྱུར་གོར་མོ་རྡོ་ཡིན་བརྩེ་བ་ནི་མི་འགྱུར་སྔོན་མོ་ཆུ་ཡིན།།
བཟའ་ཚང་གི་ཁྱིམ་གཞི་སྨོན་ལམ་མ་གཏོགས་འགྲོགས་བཟང་གི་དགའ་རོགས་ང་ཡང་མི་མཁོ།།
འདོད་པ་ཡི་བརྩེ་སེམས་ཁྱེད་ལ་ཡོད་ན་འགྲིག་མཐུན་གྱི་དུང་ཟླ་ངའི་ཕྱོགས་ལོས་ཤར།།
ཡིད་ཆེས་ཀྱི་མེ་ཏོག་མཉམ་གཅིག་བཞད་ན་ཚེ་གང་གི་བཟའ་ཚང་འུ་གཉིས་ལོས་ཉན།།

རང་སེམས་ཀྱི་སྙིང་གཏམ་མར་ལོ་སེར་བོ་ཁོ་མོ་ལ་འདི་ལྟར་ལྷོད་ཀྱིས་བརྗོད་དུས།།
ལས་དབང་གི་མདུད་པ་ཕོག་ནི་ལོས་ཡིན་ཁོ་མོ་ཀྱང་འགྲིག་པའི་སྙིང་གཏམ་ཚིག་གསུམ།
ཤ་ཚའི་ངང་ང་ལ་འདི་ལྟར་སྨྲས་བྱུང་ཁྱེད་རང་ཀྱང་ཤེས་ནས་ད་ལྟའི་བར་ཏུ།།
སོང་ས་དང་ཕེབས་ས་གང་དུ་བཞུད་ཀྱང་ཁྱོད་ཕྱོགས་ལ་ཁོ་མོ་སེམས་པ་འཕྲེང་ཡོད།།

ཧ་ཅང་གི་སྙན་པའི་ཚིག་གསུམ་བུ་རམ་སྒྲ་ལེན་གྱི་རྣ་བའི་བུ་གར་རྒྱུ་དུས།།
ཨ་མཚན་ངང་སྐྱིད་པའི་འཛུམ་མདངས་ཁྲོད་ནས་ཁོ་མོ་ཡི་འགྲམ་པར་འོ་ཞིག་བྱས་པས།།
ཧ་ཧ་ཞེས་ཁོ་མོ་ཅུང་ཙམ་འཚབ་ནས་ཕྱག་སོར་གཉིས་ང་ཡི་ལག་ནང་བཞག་ཐལ།།
ཨ་ཅག་དང་ངེད་གཉིས་མཐུན་པའི་འཕྲིན་ཡིག་དངོས་བྱུང་གྱི་ཀ་ཕྲེང་འདི་ན་ཕབ་ཡོད།།
༢༠༡༤་༣་༡༢་ཉིན་རང་ཤག་ནས་བྲིས།།
·རྩོམ་ཡིག་གོང་མ:རྔ་པའི་ཤེས་ཡོན་པ་དང་ཁྲམ་རྟགས་དོན་རྐྱེན།
·རྩོམ་ཡིག་འོག་མ:གྲགས་ཅན་གསུང་ཚིག༤༤
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཀ་རྩོམ་ཤོ་རྒྱག་མ། 2010/3/15 23:23:46
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:58:12 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:25:51 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:40:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS