ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
 རྩོམ་ཡིག་ཀློག་པ།

དམངས་སྒྲུང་།སྣང་རྩེ་བློ་གྲོས་ལས་བཟང་།

  རྩོམ་པ་པོ:ཟླ་བ་ཚེ་རིང་།ཡོང་ཁུངས:ཚངས་དབྱངས་དྲྭ་བ།གཟིགས་གྲངས:1794ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/5 10:43:49ཚོགས་ཡར་སྤྲོད:ངེད།
                                             སྣང་རྩེ་བློ་གྲོས་ལས་བཟང་། དམངས་སྒྲུང་
                                                     ཟླ་བ་ཚེ་རིང་། ལྷ་ས་
 
    གནའ་སྔ་མོ་སྣང་རྩེ་རྫོང་གི་ཡབ་ཉི་མ་རྒྱལ་པོ་དང་ཡུམ་རྡོ་འཛོམས་བུ་ཁྲིད་ཟེར་བ་ཞིག་ལ་སྲས་སྣང་རྩེ་བློ་གྲོས་ལས་བཟང་ཟེར་བ་ཞིག་ཡོད། སྐབས་ཤིག་གཞིས་ཀ་དེས་ཨར་ལས་རྒྱ་ཆེན་པོ་ཞིག་ལས་པར་འུ་ལག་པ་མང་པོ་བསྐུལ་ཡོད་པ་དང་དེ་ཚོའི་ཁྲོད་ཕལ་པའི་བུ་མོ་བྱང་ཕྱོགས་ཚེ་རིང་རྒྱལ་མོ་ཟེར་བ་མཛེས་ཤིང་ཡིད་དུ་འོང་བ། བུ་སུས་མཐོང་ཡང་སེམས་ལ་འགྲོ་ཞིང་བྱམས་པོ་བྱེད་་་་འདོད་པ་ཞིག་ཡོད།  དུས་ཚོད་རིང་པོ་མ་སོང་ཡང་སྲས་སྣང་རྩེ་བློ་གྲོས་ལས་བཟང་ཀྱི་སེམས་པ་བྱང་ཕྱོགས་ཚེ་རིང་རྒྱལ་མོར་ཆགས། བྱང་ཕྱོགས་ཚེ་རིང་རྒྱལ་མོའི་སེམས་ལ་སྣང་རྩེ་བློ་གྲོས་ལས་བཟང་ཁོ་ན་ལས་འཁོར་རྒྱུ་མེད་པར་གྱུར་ཏེ།  སྡོད་ན་མཉམ་སྡོད་དང་། འགྲོ་ན་མཉམ་འགྲོ་བྱེད་པའི་གསེར་བྱ་ངང་པ་ཆ་གཅིག་དང་འདྲ་བར་འགྲོགས་པ་ན། བརྩེ་དུང་གི་རྒྱ་མཚོར་ལྷུངས་ཤིང་བྱང་ཕྱོཊ་ཚེ་རིང་རྒྱལ་མོའི་སྐེད་པའི་དངུལ་དཀར་མེ་ལོང་དེ་ལ་སྲས་སྣང་རྩེ་བློ་གྲོས་ལས་བཟང་ཧ་ཅང་མགུ་བར་གྱུར།  བྱང་ཕྱོགས་ཚེ་རིང་རྒྱལ་མོས་ཀྱང་དངུལ་དཀར་མེ་ལོང་དེ་སྲས་སྣང་རྩེ་བློ་གྲོས་ལས་བཟང་ལ་སེམས་རྟེན་གྱི་ཚུལ་དུ་ཕུལ།  དེ་ལྟར་ཉིན་འགའ་སོང་བའི་རྗེས་བྱང་ཕྱོགས་ཚེ་རིང་རྒྱལ་མོའི་ཨ་མས་བུ་མོའི་སྐེད་པའི་དངུལ་དཀར་མེ་ལོང་མེད་པ་ཤེས་ནས་གར་སོང་རྩད་གཅོད་བྱས་པའི་ཚེ་བྱང་ཕྱོགས་ཚེ་རིང་རྒྱལ་མོས་ཨ་མར།   དངུལ་དཀར་ཆག་ཡང་མ་སོང་།  དངུལ་དཀར་བརླགས་ཀྱང་མ་སོང་། དངུལ་དཀར་ཐག་པ་ཆད་ནས།  སྦ་ཁུག་ནང་ལ་བླུགས་ཡོད། ཉིན་མ་སང་དང་གཅིག་བྱས། གནངས་དང་གཉིས་བྱས།  གཞེས་ལྷ་ཉིན་དཀར་མོར་ཨ་མའི་ཕྱག་ཏུ་ཕུལ་ཆོག་ཅེས་བཤད་པས་ཨ་མ་རྡོ་འཛོམས་བུ་ཁྲིད་ཡིད་ཆེས་ནས་གང་ཡང་མ་བཤད། གསང་བ་དེའི་ཆེད་བྱང་ཕྱོགས་ཚེ་རིང་རྒྱལ་མོས་རང་གི་བྱུ་རུའི་ཕྲེང་བ་ལས་ཕྲེང་རྡོག་རེ་ལས་རོགས་ཚོར་བྱིན་ཏེ་ཁོང་ཚོའི་ཁ་བཀག་དགོས་བསམ་ཡང་བུ་མོ་གཅིག་ལ་བྱུ་རུ་ཆད་པས་བུ་མོ་དེས་མི་རིང་བར་བྱང་ཕྱོཊ་ཚེ་རིང་རྒྱལ་མོའི་ཨ་མར་དངུལ་དཀར་མེ་ལོང་སྲས་སྣང་རྩེ་བློ་གྲོས་ལས་བཟང་ལ་སྟེར་ཚུལ་གྱི་ལན་བསྐྱལ། ཡིན་ན་ཡང་ཨ་མ་རྡོ་འཛོམས་བུ་ཁྲིད་ཀྱིས་རང་གི་བུ་མོའི་འདོད་པར་བསྟུན་ནས་བུ་མོ་སྲས་སྣང་རྩེ་བློ་གྲོས་ལས་བཟང་ཀྱི་ཆུང་མར་སྟེར།   ནམ་ཞིག་གི་ཚེ་སྲས་སྣང་རྩེ་བློ་གྲོས་ལས་བཟང་དེ་ལུང་པའི་མདའ་རུ་གཞིས་ཀ་ཞིག་ཟིན་པར་འགྲོ་དགོས་བྱུང་།   རྒྱལ་སྲས་ལམ་དུ་བཞུགས་པའི་ཉིན་དེར་ཨ་མ་རྡོ་འཛོམས་བུ་ཁྲིད་དང་།  བྱང་ཕྱོགས་ཚེ་རིང་རྒྱལ་མོ།  གཞིས་ཀའི་འཁོར་གཡོག་སོགས་ཚང་མས་ཕེབས་སྐྱེལ་ལ་བཅར་ཡོད་པ་དང་ལྷག་པར་དུ་སྲས་སྣང་རྩེ་བློ་གྲོས་ལས་བཟང་ལ་ཤིན་ཏུ་བྱམས་པའི་ཡུམ་རྡོ་འཛོམས་བུ་ཁྲིད་་དྲག་ཏུ་བཤུམས་བྱུང་བ་ན།  སྲས་སྣང་རྩེ་བློས་གྲོས་ལས་བཟང་དེས། བཞུཊ་ཅིག་ལགས་དང་བཞུགས་ཅིག  ཡུམ་ཆེན་རྡོ་འཛོམས་བུ་ཁྲིད།  ད་རེས་གཤིབ་པའི་བསྐལ་བ།  མ་བུ་གཉིས་ལ་མི་་འདུག   ཕྱི་མ་གཤིབ་རྒྱུ་ཡོང་བའི། སྨོན་ལམ་ཚིག་གསུམ་བརྒྱབ་ཆོག་ཅེས་གསུངས་ཤིང་ཡུམ་གྱི་སྤྱན་ཆབ་རྣམས་ཕྱག་གིས་འཕྱིས་གནང་ཞིང་དབུ་གཏུགས་ནས་ཕེབས་རྩིས་བྱས་པ་ན།  ཡང་སྣང་རྩེ་བློ་གྲོས་ལས་བཟང་ལ་གཅིག་ཏུ་བརྩེ་བའི་བྱང་ཕྱོགས་ཚེ་རིང་རྒྱལ་མོས་སྲས་ལུང་པའི་མདའ་རུ་གཞིས་ཀ་ཟིན་པར་ཕེབས་ན་མོ་རང་ཡང་མཉམ་དུ་འཁྲིད་དགོས་རྒྱུའི་ཨུ་ཚུགས་བྱེད་པའི་སྐབས།  སྲས་སྣང་རྩེ་བློས་གྲོས་ལས་བཟང་དེས།  བཞུགས་ཅིག་ལགས་དང་བཞུགས་ཅིག  བྱང་ཕྱོགས་ཚེ་རིང་རྒྱལ་མོ།  ད་རེས་གཤིབ་པའི་བསྐལ་བ། ང་རང་གཉིས་ལ་མི་འདུག ཕྱི་མ་གཤིབ་རྒྱུ་ཡོང་བའི། སྨོན་ལམ་ཚིག་གསུམ་བརྒྱབ་ཆོག་ཅེས་གསུངས་ཤིང་ཁོ་རང་གི་མཛུབ་དཀྲིས་དེ་བྱང་ཕྱོགས་ཚེ་རིང་རྒྱལ་མོར་སེམས་རྟེན་དུ་བཞག་ནས་ཕེབས་རྩིས་བྱེད་པའི་སྐབས་གཞིས་ཀའི་ཁྱི་མོས་རྗེས་སུ་རྒྱུཊ། ཡང་སྲས་སྣང་རྩེ་བློ་གྲོས་ལས་བཟང་གིས་ཁྱི་མོར།  བཞུགས་ཅིག་ལགས་དང་བཞུགས་ཅིག སྣང་རྩེའི་ཁྱི་མོ་བཞུགས་ཅིག ད་རེས་གཤིབ་པའི་བསྐལ་བ།  ང་རང་གཉིས་ལ་མི་འདུག་ཅེས་གསུངས་ནས་སྤགས་ལྡག་ག་གཅིག་ཁྱི་མོར་བྱིན་ཞིང་མར་མར་བྱོན་པའི་སྐབས་སྣང་རྩེའི་ལྕང་གླིང་ནས་་་ཀྱང་སྲས་ཀྱི་རྗེས་སུ་འགྲོ་རྩིས་བྱས་པ་ན། རྒྱལ་སྲས་ཀྱིས་སྔར་ལྟར་གསུངས་ནས་ལྕང་མ་གཅིག་གི་ཡལ་གར་ཚིགས་ཁེབས་གཅིག་བསྐོན་ནས་ལུང་པའི་མདའ་རུ་ཆས་སོ།
ལུང་པའི་མདའ་རུ་གཞིས་ཀ་ཟིན་ནས་རྒྱུན་རིང་པོ་མ་ཕྱིན་གོང་། གཞིས་ཀ་དེའི་དཔོན་གྱི་བུ་མོ་སྨན་ལགས་ལགས་དབང་མོ་ཟེར་བ་ཤིན་ཏུ་མཛེས་པ་གཅིག་གིས་སྲས་སྣང་རྩེ་བློ་གྲོས་ལས་བཟང་བློ་ལ་བབས་ཏེ་བཙན་ཤེད་ཀྱིས་བཟའ་ཟླ་བྱེད་དུ་བཅུག བུ་མོ་དེ་ནི་བདུད་མོ་ཞིག་ཡིན་སྟབས་སྲས་སྣང་རྩེ་བློ་བྲོས་ལས་བཟང་མོས་གང་བཤད་གང་བྱས་ལ་གྱུར།  དེ་ལྟར་བཟོད་དཀའ་བའི་ལོ་ཟླ་མང་པོ་སྡུག་བསྔལ་ཁོ་ནའི་ཁྲོད་འདས་པ་དང་སྲས་སྣང་རྩེ་བློ་གྲོས་ལས་བཟང་དེ་ཡང་བྱང་ཕྱོགས་ཚེ་རིང་རྒྱལ་མོ་དང་ཡུམ་ཆེན་ཤིན་ཏུ་དྲན་པར་གྱུར་ཅིང་།  བདུད་མོར་ཨ་མ་འཕྲད་རྒྱུའི་དགོངས་པ་འདི་ལྟར་ཞུས།   རབ་ན་དགོངས་པ་ལོ་གསུམ་སྟེར་རོགས་གྱིས།  མ་བྱུང་ཟླ་བ་གསུམ་རང་སྟེར་རོགས་གྱིས། དེ་ཡང་མ་བྱུང་ཞག་གསུམ་སྟེར་རོགས་གྱིས་ཞེས་བཤད་པར་བདུད་མོས་དགོངས་པ་ཞག་གསུམ་རང་སྟེར།  སྲས་སྣང་རྩེ་བློ་གྲོས་ལས་བཟང་དགོངས་པ་ཞག་གསུམ་ལས་མ་བྱུང་ཡང་དགའ་སྤྲོ་དཔག་མེད་བྱུང་སྟེ།  སྐས་རིང་རྣམས་ནས་བབས།  སྐས་ཐུང་རྣམས་ལས་མཆོངས་གིན་མཆོངས་གིན་དུ།  དགའ་བ་ལགས་དང་དགའ་བ།  ཨ་མ་རྡོར་འཛོམས་བུ་ཁྲིད་ཐུག་གི་རེད།   བྱང་ཕྱོགས་ཚེ་རིང་རྒྱལ་མོ་ཡང་འཕྲད་ཀྱི་རེད་ཅེས་ཆིག་ལབ་རྒྱག་གིན་རྒྱག་གིན་དུ་འགྲོ་བའི་སྐབས་སྐས་ཀའི་འོག་ཏུ་བསྡད་ཡོད་པའི་བདུད་མོའི་གཡོག་མོ་ཁ་ལ་སྒོ་ལྕགས་ཀྱིས་སྐད་ཆ་རྣམས་གོ་ཞིང་དགའ་ཐག་ཆོད་ནས་བདུད་མོའི་སར་ཡོང་སྟེ།  ངས་སྐད་ཆ་སྙན་པོ་ཚིག་གསུམ་བཤད་ཆོག  སྔོན་ལ་ངའི་ཁའི་སྒོ་ལྕགས་དེ་ཕྱེ་རོགས་ཞེས་ཞུ་བ་ཕུལ་བར། བདུད་མོས་ཀྱང་མོ་ལ་དོན་དག་གལ་ཆེན་པོ་ཞིག་ཤོད་རྒྱུ་ཡོད་ངེས་བསམ་ནས་མོའི་ཁའི་སྒོ་ལྕགས་ཕྱེ་བས་མོས་སྣང་རྩེ་བློ་གྲོས་ལས་བཟང་གི་གཏམ་གོ་བ་རྣམས་གཅིག་ཀྱང་མ་ལུས་མ་ཆད་པར་བདུད་མོར་བཤད།   བདུད་མོས་ཀྱང་གཡོག་མོ་ལ་གང་དྲག་ཅི་དྲག་གི་སྐད་ཆ་དྲིས་པར་གཡོག་མོས་ཐོག་ཁ་ནས་ཁ་་་་ བཏགས་ཀྱིས་གཡོབ་ན་སྣང་རྩེ་བློ་གྲོས་ལས་བཟང་གི་བསམ་པར་དགོངས་པ་དེ་ལས་མང་པ་ཡོང་ངེས་རེད་བསམས་ནས་ཚུར་ལོག་ཡོང་བས།  བདུད་མོས་ཀྱང་གཡོག་མོ་ཁ་ལ་སྒོ་ལྕཊ་ཀྱིས་བཤད་པ་ལྟར་ཐོག་ཁ་ནས་ཁ་བཏགས་གཡོབ་སྟེ་སྣང་རྩེ་བློ་གྲོས་ལས་བཟང་ཚུར་གཞིས་ཀར་ལོག་ཡོང་་དགོས་པའི་ལག་བརྡ་བྱས།   སྲས་སྣང་རྩེ་བློ་གྲོས་ལས་བཟང་གིས་ཀྱང་བདུད་མོས་རང་ལ་དགོངས་པ་དེ་ལས་མང་བ་ཞིག་སྟེར་མི་ཡོང་ངམ་སྙམ་ཏེ་མར་གཞིས་ཀར་ཤར་རྒྱག་ལོག   གཞིས་ཀར་སླེབས་དུས་བདུད་མོས་ཁྲག་གང་བླུཊ་པའི་གཞོང་པ་ཞིག་གི་ནང་སྲས་སྣང་རྩེ་བློ་གྲོས་ལས་བཟང་གི་རྐང་པ་བརྒྱུས་བཅུག་པ་དང་།  ཡུལ་ལ་ལོག་རྗེས་ཨ་མར་མ་གཏོགས་གཞན་སུ་གང་ལའང་སྐད་ཆ་བཤད་མི་ཆོག་པའི་མནའ་སྐྱེལ་དུ་བཅུག་ནས་ཡུལ་ལ་སློག 
   སྲས་སྣང་རྩེ་བློ་གྲོས་ལས་བཟང་ཡུལ་དུ་ལོག་ཡོང་བའི་གཏམ་དེ་ལུག་རྫིས་གོ་ནས་གཞིས་ཀར་ལན་སྐྱེལ་བར་ཕྱིན་པས་ཡུམ་རྡོ་འཛོམས་བུ་ཁྲིད་དང་བྱང་ཕྱོཊ་ཚེ་རིང་རྒྱལ་མོ།  གཡོག་པོ། གཡོག་མོ་སོགས་ཀྱིས་ཐོས་པས་དགའ་ངུ་ཤོར་ཏེ་དེ་ལམ་སེང་སྲས་སྣང་རྩེ་བློ་གྲོས་ལས་བཟང་བསུ་བར་ཕེབས་པ་དང་སྔོན་ལ་ཡུམ་རྡོ་འཛིན་བུ་ཁྲིད་ཀྱིས་སྲས་ཀྱི་ཕྱག་ནས་འཇུས་ཏེ།  ཕྱག་ལ་ཕེབས་སམ་ཕེབས་སམ།   ཨ་མའི་སྣང་རྩེ་བློ་གྲོས།  འུ་ཅག་མ་བུ་འཛོམས་པ།  དཀོན་མཆོག་གསུམ་གྱི་བཀའ་དྲིན།  གཞིས་ཀའི་ནང་དུ་ཕེབས་ནས།  གསུང་གླེང་ཞིབ་རྒྱས་གནང་ཆོག་ཅེས་བུ་ལ་འཐམས་ཏེ་དྲག་ཏུ་བཤུམས།  ཡང་བྱང་ཕྱོགས་ཚེ་རིང་རྒྱལ་མོས་སྲས་སྣང་རྩེ་བློ་གྲོས་ལས་བཟང་ལ།  ཕྱག་ལ་ཕེབས་སམ་ཕེབས་སམ།   སྣང་རྩེ་བློ་གྲོས་ལས་བཟང་།   ཞལ་ཅིག་སྐྱེམས་ཡང་ཨེ་བྱུང་། ཆང་ཕུད་འདི་ནས་མཆོད་དང་།  གསུས་གྲོད་བཅོམ་ཡང་ཨེ་བྱུང་།  ཕྱེ་མར་འདི་ན་བཞེས་དང་ཞེས་གསུངས་པར་སྣང་རྩེ་བློ་གྲོས་ལས་བཟང་གིས་ལན་གང་ཡང་མ་རྒྱབ་པར་ཤར་རྒྱག་གཞིས་ཀའི་ནང་ཕྱིན།   གྲོ་འབོ་གང་དང་དེའི་ཁར་དཀར་ཡོལ་དཀར་སང་གཅིག་གི་ནང་འོ་མ་གང་བླུགས་ནས་བཞག་པ་དང་དེའི་སྟེང་སྒོ་ལྕགས་གཅིག་ཀྱང་བཞག་པས་དོན་རྣམས་ཨ་མ་དང་བྱང་ཕྱོགས་ཚེ་་རིང་རྒྱལ་མོ་སོགས་ཀྱིས་ཧ་མ་གོ།  དེའི་སྐབས་སྲས་སྣང་རྩེ་བློ་གྲོས་ལས་བཟང་གི་དེ་སྔའི་གཡོག་པོ་སྣང་རྩེ་ཀེར་ཀེར་དང་། སྣང་རྩེ་གཞོང་གཞོང་།  སྣང་རྩེ་སྒུར་སྒུར་ཟེར་བ་གསུམ་པོས་དེའི་དོན་ཧ་གོ་ནས་སྣང་རྩེ་ཀེར་ཀེར་གྱིས་གྲོས་བསྟན་པའི་དོན་ནི་ནང་མི་རྣམས་མཉམ་འཛོམས་བྱུང་བ་ཁ་བྲོ་བའི་དོན་དང་། སྣང་རྩེ་གཞོང་གཞོང་གིས་འོ་མས་མཚོན་པ་ནི་བྱང་ཕྱོགས་ཚེ་རིང་རྒྱལ་མོར་་བཅངས་པའི་བརྩེ་དུང་སྔར་བཞིན་འགྱུར་བ་མེད་པ་འོ་མ་ནང་བཞིན་ཡིན་པ།  སྣང་རྩེ་སྒུར་སྒུར་གྱིས་སྒོ་ལྕགས་ཀྱི་མཚོན་དོན་ནི་སྐད་ཆ་བཤད་མི་ཆོག་པའི་དོན་ཡིན་ཞེས་འགྲེལ་བཤད་གསལ་པོ་བྱས་སྟབས་ཚང་མས་གཞི་ནས་ཧ་གོ་ཞིང་དགའ་ཡང་དགའ་ལ་སྐྱོ་ཡང་ཧ་ཅང་སྐྱོ་པོ་བྱུང་། 
   སྲས་སྣང་རྩེ་བློ་གྲོས་ལས་བཟང་ཞག་གསུམ་གྱི་དགོངས་པའི་དུས་ཚོད་རྫོགས་ཏེ། བདུད་མོ་ཡོད་སའི་་གཞིས་ཀར་ལོག་རན་པ་ན། བྱང་ཕྱོགས་ཚེ་རིང་རྒྱལ་མོས་ཀྱང་ཨུ་བཙུཊ་མཐར་སྐྱེལ་གྱིས་ཐེངས་འདིར་སྲས་སྣང་རྩེ་བློ་གྲོས་ལས་བཟང་དང་མཉམ་དུ་འགྲོ་རྒྱུའི་ཐག་ཆོད་ཐབས་བྱང་ཕྱོགས་ཚེ་རིང་རྒྱལ་མོ་དེ་ཉིད་ཁྲིད་དགོས་བྱུང་།  ཉི་མ་དགོང་དྲོར་སླེབས་དུས་སྲས་སྣང་རྩེ་བློ་གྲོས་ལས་བཟང་དང་བྱང་ཕྱོགས་ཚེ་རིང་རྒྱལ་མོ་གཞིས་ཀར་སླེབས་རན་པ་ན།  བྱང་ཕྱོགས་ཚེ་རིང་རྒྱལ་མོ་དེ་ཉིད་གཞིས་ཀར་འཁྲིད་ཕྱིན་ན་བདུད་མོ་དཔོན་གཡོག་གཉིས་ཀྱིས་བསད་ཡོང་བསམས་ནས་གཞིས་ཀའི་རྒྱབ་ཏུ་ཡོད་པའི་ལྷ་ཁང་ཆེན་པོ་དེའི་ནང་གནས་སྐབས་བཞག་ཅིང་རྗེས་སུ་གང་དྲག་བལྟ་རྒྱུ་བྱས།  སྣང་རྩེ་བློ་གྲོས་ལས་བཟང་ནས་ཀྱང་དུས་ཚོད་བྱུང་རེས་བཞིན་བྱང་ཕྱོགས་ཚེ་རིང་རྒྱལ་མོ་ཐུག་པར་འགྲོ། དུས་ཚོད་རིང་པོ་མ་སོང་བར་གཡོག་མོ་ཁ་ལ་སྒོ་ལྕགས་ཀྱིས་སྲས་སྣང་རྩེ་བློ་གྲོས་ལས་བཟང་རྒྱུན་དུ་ཕྱི་པོ་ལོག་སྟངས་ལ་བལྟས་ན་གསང་བ་ཆེན་པོ་གཅིག་ཡོད་པ་ཐག་ཆོད་སྙམ་ནས་རྗེས་འདེད་བྱས་པས་ལྷ་ཁང་ནང་སྦས་ཡོད་པའི་བྱང་ཕྱོགས་ཚེ་རིང་རྒྱལ་མོ་མཐོང་སྟེ་བདུད་མོར་ཞུས།  བདུད་མོ་ཁོང་ཁྲོ་ཆེན་པོ་ལངས་ཤིང་གཡོག་མོར་གང་འདྲ་བྱེད་དགོས་མིན་དྲིས་པར།  གཡོག་མོ་ཁ་ལ་སྒོ་ལྕགས་ཀྱིས་ལྷའི་དཀྱིལ་ལ་སྲན་མ་གཏོར་ན་མི་ཡིན་ན་མིག་བཙུམས་ཡོང་།  ལྷ་ཡིན་ན་མིག་མི་ཚུམ།  གྲི་བརྒྱབ་ན་ལྷ་ལ་ཁྲག་མི་འབྱུང་།  མི་ཡིན་ན་ཁྲག་དོན་ཡོང་ཞེས་ཇུས་ངན་བཏོན། བདུད་མོས་ཀྱང་ལྷ་ཁང་ནང་དུ་ཕྱིན་ཏེ་སྔོན་ལ་སྲན་མ་གཏོར་བས་མིག་བཙུམ་མཁན་མ་བྱུང་།  བདུད་མོས་ལྷ་རེ་རེ་བཞིན་ལ་གྲི་བཙུགས་་པས་ལྷ་གཅིག་གི་ལུས་ཐོག་ནས་ཁྲག་ནར་གྱིས་དོན་བྱུང་བས་བདུད་མོས་ལམ་སེང་བྱང་ཕྱོགས་ཚེ་རིང་རྒྱལ་མོ་བཟུང་སྟེ། ལྷུ་ལག་འཕྲལ་ནས་སྡུག་གསོད་བཏང་ནས་ནང་ཁྲོལ་དང་ཤ་སོགས་ཟམ་པའི་ཐོག་བཀྲམས་ཏེ་བཞག་པས་སྲས་སྣང་རྩེ་བློ་གྲོས་ལས་བཟང་ལས་ཀ་ནས་ལོག་ཡོང་།   རྟ་ཕོ་དེ་ཟམ་པའི་འགྲམ་དུ་་སླེབས་དུས་རྒྱུན་གཏན་དང་མི་འདྲ་བར་ཕྱི་བཤིག་ཁོ་ན་བྱས་ཏེ་རྩ་བ་ནས་མི་འགྲོ།  མར་བབས་ནས་བལྟ་དུས་མིག་གིས་བལྟ་མི་བཟོད་པའི་མི་བསད་པའི་ནང་ཁྲོལ་སོགས་མཐོང་ཞིང་སྙིང་ཡང་གས་གྲབས་བྱེད་བཞིན་ལྷ་ཁང་གི་ཕྱོགས་སུ་རྒྱུགས་པས་བྱང་ཕྱོགས་ཚེ་རིང་རྒྱལ་མོ་དེ་ཉིད་མཐོང་སར་བསྡད་མེད་པས་དྲན་མེད་དུ་བརྒྱལ།
   དེ་ནས་བཟུང་སྲས་སྣང་རྩེ་བློ་གྲོས་ལས་བཟང་སྨྱོན་པ་ལྟ་བུར་གྱུར་ཞིང་ཉིན་ལྟར་གཞིས་ཀའི་་ཉེ་འདབས་ཀྱི་ལྕང་གསེབ་ཏུ་སྐྱོ་སངས་ལ་ཕེབས་ཀྱི་ཡོད་པ་དང་། ཕེབས་ནས་ཀྱང་སྤང་ལྗོངས་ཀྱི་ཐོག་བྱང་ཕྱོགས་ཚེ་རིང་རྒྱལ་མོའི་མིང་ནས་འབོད་ཀྱིན་སྡོད། བྱང་ཕྱོགས་ཚེ་རིང་རྒྱལ་མོ་ཡང་ནགས་གསེབ་དེའི་བྱིའུ་ཞིག་ལ་སྐྱེ་བ་བླངས་ཏེ་སྣང་རྩེ་བློ་གྲོས་ལས་བཟང་ཉིན་ལྟར་ཕེབས་རེས་་བཞིན་ཁོང་གི་དབུ་དང་། དཔུང་པ། པང་ཁའི་ནང་སོགས་ལ་བབས་ཏེ་ཤིན་ཏུ་དགའ་བའི་རྣམ་འགྱུར་སྟོན་ཡོད་ལ་སྲས་སྣང་རྩེ་བློ་གྲོས་ལས་བཟང་ཡང་བྱིའུ་དེར་ཤིན་ཏུ་བརྩེ་བར་གྱུར། གནས་ཚུལ་དེ་རི་དེར་ཡོད་པའི་དྲང་སོང་ཏིང་ངེ་འཛིན་ཞེས་པ།  མངོན་ཤེས་ཅན་དེས་ཤེས་ནས་རང་གི་དགེ་ཕྲུག་རྫུ་འཕྲུལ་ཐོགས་མེད་དེ་ཉིད་བདུད་མོ་དཔོན་གཡོག་གཉིས་པོ་འདུལ་བར་བཏང་།   རྫུ་འཕྲུལ་ཐོགས་མེད་ཀྱིས་དྲང་སྲོང་ཏིང་ངེ་འཛིན་གྱི་བཀའ་ལྟར་བདུད་མོ་དཔོན་གཡོག་གཉིས་འདུལ་བར་ཡོང་།  ཉིན་ཞིག་བདུད་མོ་དཔོན་གཡོག་གཉིས་གཞིས་ཀའི་ཐོག་ཁར་བྱང་་་་་ཕྱོགས་ཚེ་རིང་རྒྱལ་མོ་གསོད་ཐུབ་པའི་རྟེན་འབྲེལ་དུ་ཇ་ཆང་སོགས་ལ་ལོངས་སུ་སྤྱོད། གཞས་་  དང་ཞབས་བྲོར་མགོ་གཡེངས་ནས་བསྡད་ཡོད་པའི་སྐབས།  རྫུ་འཕྲུལ་ཐོགས་མེད་དེས་གློ་བུར་བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན་འཇིགས་སུ་རུང་བ། ལུས་པོ་ཆེ་བ་རི་རབ་ཙམ་ཡོད་པ་ཞིག་ལ་སྤྲུལ་ནས་བདུད་མོ་དཔོན་གཡོག་མོ་སྦར་ཁྱིམ་གྱིས་བཟུང་སྟེ། ལུང་པ་དེའི་ཕུ་ན་ཡོད་པའི་བྲག་རི་མུན་པ་དགུ་བརྩེགས་ཀྱི་འདབས་ན་ཡོད་པའི་དུག་མཚོ་འཁོལ་མའི་ནང་གཡུགས་ནས་བཏུལ།   བྱིའུ་ཡི་ལུས་སུ་སྐྱེ་བ་བླངས་པའི་བྱང་ཕྱོགས་ཚེ་རིང་རྒྱལ་མོར་ཡང་འཆི་གསོས་ཀྱི་སྨན་རིན་ཆེན་རིལ་བུ་ཆེན་མོ་ཞེས་པ་བྱིན་ནས་སྔར་ལྟར་གྱུར་བར་བྱས།  དུས་དེ་ནས་བཟུང་བྱང་ཕྱོགས་ཚེ་རིང་རྒྱལ་མོ་དང་སྣང་རྩེ་བློ་གྲོས་ལས་བཟང་དེ་ཉིད་སྔར་ལས་བརྩེ་དུང་ཟབ་ཅིང་མཐུན་པར་གྱུར་ཏོ།།།།                 
   〔སྒྲུང་འདི་ནི་ཁོ་བོས་དམངས་ཁྲོད་ནས་བསྡུས་པ་ཞིག་ཡིན་ཡང་སྒྲུང་ཤོད་མཁན་གྱིས་སྒྲུང་གི་མགོ་རྔ་ཆ་ཚང་བ་ཞིག་ཤོད་མི་ཐུབ་སྟབས་ཁོ་བོས་སྒྲུང་འདིའི་ནང་དོན་ལ་གཞིཊ་ཏེ་མཇུག་གི་དྲང་སྲོང་ཏིང་ངེ་འཛིན་དང་། དགེ་ཕྲུག་རྫུ་འཕྲུལ་ཐོགས་མེད་ཀྱིས་བདུད་མོ་དཔོན་གཡོག་གཉིས་བཏུལ་ཚུལ་གྱི་ནང་དོན་གསར་དུ་བསྣན་པ་དང་རྗོད་བྱེད་ཀྱི་ཚིག་སྦྱོར་ཐད་ཀྱང་ཁ་སྣོན་མང་པོ་ཞིག་བྱས་ཏེ་སྒྲུང་ཆ་ཚང་བ་ཞིག་ཏུ་བཅོས་ཁུལ་བྱས་པ་ཡིན་〕
·རྩོམ་ཡིག་གོང་མ:བྱ་གཞུང་དབྱངས་བྷའི་སྙན་ངག སྟོན་ལོ་འབབ་ས།
·རྩོམ་ཡིག་འོག་མ:སྙན་ངག་པ་ཞིག་ལ་སྤྲིངས་པ། (ཞར་བཀོད་གཅིག)
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 18:19:09 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:21:43 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 10:58:53 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS