ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
རྩོམ་ཡིག་ཀློག་པ།

ཚོང་དཔོན་ནོར་བུ་བཟང་པོ།

རྩོམ་པ་པོ:ཕུར་བུ་རྡོ་རྗེ་སོགས།ཡོང་ཁུངས:སྤོ་ཡུལ་གྱི་དམངས་སྲོལ་རིག་གནས་ལས།གཟིགས་གྲངས:2107ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/1 11:36:22ཚོགས་ཡར་སྤྲོད:ངེད་དྲ་བ།
ཚོང་དཔོན་ནོར་བུ་བཟང་པོ།

ཕུར་བུ་རྡོ་རྗེ་སོགས་ཀྱིས་བསྡུས།
རྒྱ་ཟོག་བོད་ལ་འདྲེན་ཞིང་བོད་ནོར་རྒྱ་ལ་དབོར་བའི་ཚོང་དཔོན་ནོར་བུ་བཟང་པོ་ནི་བོད་ཁ་བ་ཅན་གྱི་ལྗོངས་ན་སྟོབས་འབྱོར་དང་སྐད་གྲགས་ཆེ་ཤོས་ཀྱི་ཚོང་དཔོན་ཆེན་པོ་ཞིག་ཡིན་ལ།  གནའ་དུས་ནས་ད་བར་ཚོང་པ་རྣམས་ཀྱིས་དད་གུས་བྱ་ཡུལ་ཞིག་ཀྱང་ཡིན།
ཡིན་ནའང་ཚོང་དཔོན་དེ་ཉིད་ནི་ཕ་མེས་ཡང་མེས་ཀྱི་ཤུལ་བཞག་ལ་བརྟེན་ནས་སྟོབས་འབྱོར་དང༌།   སྐད་གྲགས་ལྡན་པ་ཞིག་ལ་གྱུར་པ་མ་ཡིན་ལ།  སྟབས་ལེགས་སྟེས་དབང་ཐོག་ནས་སྐད་གྲགས་དང་སྟོབས་འབྱོར་ལྡན་པ་ཞིག་ཏུ་གྱུར་པའང་དེ་བས་ཀྱང་མ་ཡིན།   ཁོང་ནི་ལན་བརྒྱར་ཕམ་ཡང་ཡིད་ཐང་མི་ཆད་པར་དཀའ་བ་དུ་མ་སྤྱད་པའི་མཐར་གཞི་ནས་རིམ་བཞིན་སྟོབས་འབྱོར་ཅན་གྱི་ཚོང་དཔོན་ཆེན་པོ་ཞིག་ཏུ་གྱུར།   མ་གཞི་ཚོང་དཔོན་དེ་ཉིད་དགུང་ལོ་དགུའི་ཐོག་ནས་ཚོང་གི་བྱ་བ་མཛད་པ་ཡིན་པས།   དགུང་ལོ་དགུ་ནས་བཅོ་ལྔའི་བར་ཚོང་གི་མ་རྩ་ཐེངས་དགུ་རྡིབས་མྱོང་བ་དང༌།  མ་རྩ་ཐེངས་དགུ་པ་རྡིབས་པ་ནི་ཧ་ཅང་རྡིབས་ཚབས་ཆེ་བས།  ཚོང་དཔོན་ཉིད་ཚོང་རྒྱག་རྒྱུར་ཡིད་ཐང་ཆད་ནས་སྤྲང་འཁྱམ་ཞིག་དང་འདྲ་བར་རི་ལྡེབས་ཤིག་ལ་ཧྲེང་པོར་ཉལ་ནས་བཞུགས།   ཧྲེང་པོར་ཉལ་བཞུགས་སའི་སྔས་མགོའི་འགྲམ་གྱི་རྩྭ་རྐང་ཞིག་ལ་འབུ་འཛེགས་འགྲོ་བ་གཟིགས་པ་ལས།   ཁོང་ལ་བསམ་རྒྱུ་དྲན་རྒྱུ་གཞན་མེད་བཞིན་དུ་འབུ་དེའི་འགུལ་སྐྱོད་ལ་ཅེ་རེར་གཟིགས་བཞུགས།   འབུ་དེས་རྩྭ་རྐང་དེ་ལ་ལན་གཅིག་ནས་དགུ་བར་འཛེགས་ཀྱང་སྐབས་འགར་སྐེད་པར་སླེབས་ཙམ་ནས་མར་ལྷུང་བ་དང༌།   སྐབས་འགར་རྩྭ་རྐང་གི་གསུམ་ཆ་གཅིག་ཙམ་འཛེགས་ཙམ་ནས་མར་ལྷུང་བས།   ཚོང་དཔོན་གྱི་ཐུགས་ལ་འབུ་དེ་རྩྭ་རྐང་འདིར་འཛེག་ཐེངས་ལྷུང་ཐེངས་དང༌།   ངའི་ཚོང་གི་མ་རྩ་རྡིབས་ཐེངས་ཀྱི་གྲངས་དང་མཉམ་པ་བྱུང་སོང་སྙམ།   ཡང་འབུ་དེས་ཡིད་ཐང་མ་ཆད་པར་མུ་མཐུད་རྩྭ་རྐང་དེར་ཡར་འཛེགས་པས་འཛེག་ཐེངས་བཅུ་པར་རྩྭ་རྐང་དེའི་རྩེ་མོར་འཛེགས་ཐུབ་པ་བྱུང་བ་མ་ཟད།   རྩྭ་རྐང་གི་རྩེ་མོར་འདབ་མ་སོས་པ་ཞིག་ཡོད་པ་དེ་བཟས་ནས་བསྡད།    དེའི་སྐབས་སུ་ཚོང་དཔོན་གྱི་ཐུགས་སུ་ནུས་མེད་ཀྱི་འབུ་འདི་ལྟ་བུ་ཞིག་གིས་སེམས་ཤུགས་འདི་ལྟ་བུ་ཞིག་བསྐྱེད་དེ་མཐར་སོ་སོའི་དམིགས་ཡུལ་དེ་བསྒྲུབས་སོང་བས།   ང་ནི་མི་ལུས་རིན་པོ་ཆེ་ཐོབ་པའི་སྐྱེ་བོ་ཞིག་ཡིན་པས་ཚོང་གི་མ་རྩ་ཐེངས་དགུ་རྡིབས་པར་ཡིད་ཐང་ཆད་ནས་བསྡད་པས་ཅི་ལ་འགྲིག་སྙམ་སྟེ།    སླར་ཡང་ཚོང་འཁོས་ཀྱི་འགོ་བརྩམས་པས།   དེ་ནས་བཟུང་ཚོང་རྒྱག་བཞིན་རྒྱག་བཞིན་ཚོང་ལམ་ཇེ་ལེགས་སུ་སོང་སྟེ་མཐར་ཚོང་དཔོན་ནོར་བུ་བཟང་པོ་ཞེས་སྐད་གྲགས་ལྡན་པ་ཞིག་ཏུ་གྱུར་བར་གྲགས་སོ། །
སྤོ་ཡུལ་གྱི་དམངས་སྲོལ་རིག་གནས་ལས་བཤུས།  །
·རྩོམ་ཡིག་གོང་མ:དམངས་གླུ་བསམ་པ་རྣམ་གསུམ།
·རྩོམ་ཡིག་འོག་མ:ཐོལ་བརྒལ་གྱི་ཚོར་ཤེས་དང་བདག་གི་གཏམ་གླེང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:06:40 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:54:37 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:33:42 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 91 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS