ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
 རྩོམ་ཡིག་ཀློག་པ།

ལུག་ལྤཊ་མགོ་ལ་གྱོན་ན་སྐྲ་སྐྱེ་བར་འགྱུར།

  རྩོམ་པ་པོ:བཀྲ་ཤིས་ཚེ་རིང༌།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2697ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/8/14 13:08:36ཚོགས་ཡར་སྤྲོད:admin
ལུག་ལྤཊ་མགོ་ལ་གྱོན་ན་སྐྲ་སྐྱེ་བར་འགྱུར།
བཀྲ་ཤིས་ཚེ་རིང༌།
 
   “རི་ཆེན་མགོ་ལ་རྩྭ་མི་སྐྱེ།།    མི་ཆེན་མགོ་ལ་སྐྲ་མི་སྐྱེ།།  ཞེས་མགོ་ལ་སྐྲ་མེད་པའི་ཀླད་འདག་ཅན་གྱི་མི་ལ་མི་ཆེན་ཡིན་ཟེར་བའི་གཏམ་དཔེ་འདི་དམངས་ཁྲོད་དུ་རླུང་ལྟར་གྲཊ་ནའང་གྲོང་པའི་ཕ་རྒན་བཀྲ་ཤིས་ནི་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་མགོ་ལ་སྐྲ་མེད་པའི་དབང་གིས་གྲོང་པའི་མི་ཕལ་ཆེར་བས་ཟངས་འགིར་མགོ་ཞེས་འབོད་པ་ལས་མིང་ངོ་མ་འབོད་མཁན་ནི་ཧ་ཅང་ཉུང༌།  ཕ་རྒན་བཀྲ་ཤིས་ཀྱིས་རང་ཉིད་ལ་མུ་མཐུད་མིང་ངན་དེ་མི་ཡོང་བ་དང༌།   སྐྱེ་བཟང་ལ་མི་གནོད་པའི་ཆེད་དུ་རྒྱ་བོད་ཀྱི་སྨན་ཅི་རིཊ་བསྟེན་ཞིང་མཆོད་ཁ་རིམ་གྲོ་གསོལ་བ་སྨོན་ལམ་སོཊ་ཐབས་ཤེས་ཡོད་རྒུ་བཏོན་རུང་སྐྲ་རྐང་གཅིག་ཀྱང་གསར་དུ་སྐྱེ་མ་ཐུབ།    དེས་ཁོའི་ཉིན་མོ་ཟས་ཀྱི་བྲོ་བ་དང་མཚན་མོ་གཉིད་ཀྱི་བདེ་བ་ཡང་ཉམས་པར་བྱས།  དེས་ན་ལོ་ཟླ་ཉིན་ཞག་འགྲོ་རིམ་བཞིན་དུ་མགོ་ཡི་མདོག་དེ་ཡང་ཟངས་ཀྱི་ཁ་དོག་ངོ་མ་བཞིན་དུ་འགྱུར་བཞིན་ཡོད་པས་ཟངས་འགིར་མགོ་ཞེས་པའི་མིང་དེ་ཡང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏཊ་པ་མངོན།   འོན་ཀྱང༌།    ཕ་རྒན་བཀྲ་ཤིས་ཀྱིས་སྐྲ་ལ་སྨོན་པའི་རེ་བ་དེ་ཆད་མ་མྱོང་ལ་དཀའ་སྐྱོབ་ལྡོག་སྐྱོང་གི་སྐྲ་སྐྱེ་ཐབས་དེ་ཡང་དེ་བས་ཀྱང་མཚམས་བཞག་མ་མྱོང༌།
     སྟོན་བསྡུའི་ལས་ཀ་ཐམས་ཅད་གྲུབ་ཟིན་པའི་སྟོན་གཞུག་ཏུ་སོ་ནམ་པ་རྣམས་སོས་དལ་གུ་ཡངས་སུ་གནས།       ཕ་རྒན་བཀྲ་ཤིས་ཚང་གིས་བཀའ་འགྱུར་ཀློག་པའི་ཆེད་དུ་ཚག་ཤ་ཕག་ཤ་དང༌།   སྔོ་ཚལ་གྱི་རིཊ་སོཊ་སྔར་ནས་གྲ་སྒྲིག་བྱས་ཟིན་ནས་དེ་རིང་བཀའ་འགྱུར་ཀློག་འགོ་ཚུཊ་པ་རེད།    ཨ་མཆོད་རྣམས་ཐོག་ཁའི་མཆོད་ཁང་དུ་སྦྱིན་བདག་གིས་སྲུབ་ཇ་དང་ཁ་ཟས་སོཊ་ཀྱི་ཞབས་ཞུའི་རྣམ་འགྱུར་བཟང་ངན་ལ་གཞིཊ་ཏེ་ཆོས་ཀློག་སྐབས་ཀྱང་སྐབས་རེར་སྒྲ་གདངས་བདེ་ཞིང་ཉམས་འགྱུར་ལྡན་པར་ཀློག་པ་དང་མཚམས་རེར་མགོ་གཡུཊ་ཙམ་གཡུཊ་ཙམ་བྱེད་པ་ལས་སྒྲ་ནི་གོ་རྒྱུ་མེད་པ་དང་ཡང་སྙིང་ཅི་ཞིག་ཀློག་པ།    མཚམས་གང་དུ་སླེབས་མིན་ཤེས་ཐབས་མེད་པ་མ་ཟད་སྐབས་འགར་ཤོག་ལྷེབ་འགའ་ཞིག་ཀློག་ཅིང་འགའ་ཞིག་སྐྱུར་ནས་འཕག་མཆོངས་བྱས་ནས་ཀློག་འགྲོ་བ་ནི་རྒྱལ་བའི་གཟིཊ་གསན་གྱིས་འཐད་མིན་མཁྱེན་ན་མ་གཏོཊ་སེམས་ཅན་ཕལ་པས་རྟོཊ་མི་ཐུབ་ཅིང་གལ་ཏེ་ཤེས་པའི་དབང་དུ་བཏང་ནའང་སྙིང་ཁོང་དཀྱིལ་དུ་འཇོག་ནས་སྡོད་པ་ལས་ངག་ལས་ཐལ་བའི་ཉེས་དམིཊ་ག་ལ་གསག་ཕོད།
ཨ་མཆོད་དེ་དག་གི་ཁྲོད་དུ་རིག་པ་གསལ་ཞིང་གཏམ་ཁ་སྒོ་ལ་མཁས་པ།   མགོ་བདེ་དྲན་འཁྲུལ་ཅི་བསམ་གཡོ་སྒྱུ་རྐྱང་རྐྱང་ལ་གོམས་པའི་ཟ་རྔམ་ཅན་གཅིག་ཡོད་པ་དེས་ཟས་སྣ་མང་ཞིང་རོ་བཅུད་སུམ་ཕུན་ཚོཊ་པའི་ཟ་མ་ལ་ཡི་ག་མ་སོང་བ་དང་ཚག་ཤ་ཕག་ཤ་ཡི་ཚལ་ལ་ཡིད་མ་མགུ་བར་སེམས་ཀྱི་དམིཊ་པ་རྩེ་གཅིག་ཏུ་ཤོད་ཁང་དོ་རྭའི་ནང་ཡོད་པའི་ལུག་ཚོན་པོ་དེ་ལ་གཏད་ནས་བསྡད།  མཆོད་ཁང་གི་རབ་གསལ་ལས་ལུག་དེ་མཐོང་བའི་དུས་ནས་བཟུང་ངག་ནས་རྒྱལ་བའི་གསུང་རབ་སྒྲོཊ་རུང་ཁོག་ཏུ་ལུག་ཤའི་གཟུཊ་བརྙན་ཞུཊ་ནས་ཟ་འདོད་ཀྱི་ཁ་ཆུ་ཟགས།  སྲེད་ཞེན་ཆེ་བ་ནི་སྤྱང་ཀིའི་མིག་མདུན་དུ་ཤ་གཟན་འཁོར་བ་དང་གཉིས་སུ་མ་མཆིས།   དེ་ནས་བློ་བཀུག་ཐབས་འཚོལ་ཡང་ཡང་བྱས་པའི་མཐར་སྡེ་པའི་མི་རྣམས་ཀྱིས་ཕ་རྒན་བཀྲ་ཤིས་ལ་ཟངས་འགིར་མགོ་ ཞེས་འབོད་ཀྱི་ཡོད་པ་དང་ཁོ་རང་ཡང་ངོ་ཚ་ཁ་སྐྱེངས་བྱེད་ཚུལ།     སྨན་དང་རིམ་གྲོ་སོཊ་ཀྱི་ཐབས་ནུས་བཏོན་རུང་ཕན་པ་མ་བྱུང་བའི་གནས་ཚུལ་ཚང་མ་རྒྱུས་མངའ་ལོན་རྗེས་ངག་ནས་རྒྱལ་བའི་བཀའ་བསྟན་གྱི་འབྲུག་སྒྲ་གྲཊ་རུང༌།    ཁོག་ནས་ནག་པོའི་རྡོག་ཆར་འབེབས་བའི་ཟ་རྔམ་ཅན་གྱི་ཨ་མཆོད་དེ་ལ་ལུག་ཤ་ཟ་བའི་ཐབས་ཤིག་རྙེད་པ་རེད།
    ཕ་རྒན་བཀྲ་ཤིས་ནི་ཡི་གེ་ཚིག་རྡོག་གཅིག་དང་ཆོས་ཀྱི་གནས་ལུཊ་རྒྱུ་མཚན།    རྒྱུ་འབྲས་མི་བསླུ་བའི་ཆོས་རྣལ་མ་ཞིག་ཇི་ལྟར་སྒྲུབ་དགོས་མིན་མི་ཤེས་རུང་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་ནས་སྐུ་འདྲ་མཐོང་ཚད་ལ་ཕྱག་འཚལ་མཁན་དང༌།   མདོག་དམར་སེར་ཅན་གྱི་ཆོས་གོས་གོན་པའི་མགོ་རིལ་རིལ་མཐོང་ཚད་ལ་དད་པ་བཞག་མཁན   །གླེཊ་ཤིང་བར་དུ་དཔེ་དེབ་བཅུག་ཚད་གཙུག་ཏུ་བཀུར་ཞིང་མཆོད་པར་བྱེད་མཁན།     ནང་དོན་གང་ཡིན་མིན་དང༌།   ཀློག་དག་མིན་ལ་མ་བལྟོས་པར་ལེཊ་སྦྱར་གྱི་སྐད་ཡིན་པ་ཙམ་གྱིས་དེ་ནི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གྲོལ་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་མཆོག་གི་དངོས་གྲུབ་དང་བདུད་རྩིའི་དམ་ཚིག་ཏུ་སྒོམ་མཁན་དེ།   རྒྱུན་ལྡན་ཡིན་ན།  ཁྱིམ་གྱི་ཟ་གོན་ལ་བསྲི་ཚཊ་དང་ཕྱིའི་གཏོང་སྒོ་ལའང་གྲོན་ཆུང་མཁས་ཅན་དེ།  ཐ་ན་ན་ཚ་ཕོག་ཀྱང་སྡུག་བསྲན་བྱེད་པ་ལས་སྨན་ཉོབ་ཙམ་དང་རང་གི་བུ་རྒྱུད་ལ་སློབ་ཆས་ཙམ་ཡང་ཉོ་མི་བྲ་བའི་སེར་སྣ་ཅན་དེ།   ལྷ་གསོལ་འདྲེ་བཏུལ།  དགྲ་འདུལ་གཉེན་སྐྱོང་གི་མཆོད་ཁ་རིམ་གྲོའི་གཏོང་སྒོ་ཐད་གྱ་ནོམ་པ་དང་ཕུན་སུམ་ཚོཊ་པ།    འཇུངས་སེམས་བྲལ་བ།  གཏོང་ཕོད་ཆེ་བའི་དྲང་བདེན་གཞུང་བཟང་དུ་འཛིན་པའི་ཕ་རྒན་བཀྲ་ཤིས་ནི་ཨ་མཆོད་དེའི་གདུལ་བྱར་གྱུར་པའི་སེམས་ཅན་སྙིང་རྗེ་ཅན་ཞིག་དང་ཆོས་པ་རྣམ་དག་ཅན་ཞིག་ནི་ལོས་ཡིན།
    གུང་ཚིཊ་ཚར་ནས་ངལ་གསོ་བའི་སྐབས་ཕ་རྒན་བཀྲ་ཤིས་དང་ཨ་མཆོད་གཉིས་དབེན་པའི་གནས་ཤིག་ཏུ་ཡུལ་གྲོང་གི་གནས་ཚུལ་དང་འཚོ་བའི་བདེ་སྡུག་སོཊ་ཅི་གྲོས་མོལ་གྲོས་ཀྱི་གཏམ་མོལ་འགའ་བྱས་མཚམས་སུ་ཨ་མཆོད་ཀྱིས་ལྷ་ཆོས་དང་མི་ཆོས་ཀྱི་བསླབ་བྱའི་སྐོར་ལ་སངས་རྒྱས་དངོས་ཀྱི་གསུང་ནང་བཞིན་ཤོད་པས་ཕ་རྒན་བཀྲ་ཤིས་ཀྱིས་དད་པ་བླ་ལྷག་སྐྱེས་ཤིང་ཕྱག་རྒྱ་བཅས་ནས་སྐྱབས་སུ་མཆིའོ།    སྐྱབས་སུ་མཆིའོ་ཞེས་གུས་ལན་ཞུས།   དེ་ནས་ཨ་མཆོད་ཀྱིས་ཕ་རྒན་ལ་ཞིབ་མོ་ཞིག་བལྟས་ནས་གལ་ཏེ་ཕ་རྒན་ཁྱོད་སེར་མོ་བ་ཞིག་ཡིན་ཚེ་ཁྱོད་ནི་སྤྲུལ་སྐུ་རྩ་ཆེན་ཞིག་གམ་ཡང་ན་དགེ་བཤེས་ཆེན་མོ་ཞིག་ཡིན་སྲིད།   གང་ཡིན་ཞེ་ན།    ཁྱོད་ཀྱི་མགོ་དེ་ནི་ཚེ་རབས་དུ་མ་ལ་བསོད་ནམས་ཀྱི་ཚོཊ་དཔག་ཏུ་མེད་པ་བསཊ་པ་ལས་གྲུབ་པའི་ཆེད་དུ་བསྐོས་པའི་སྤྲུལ་སྐུ་དང་དགེ་བཤེས་སོཊ་སྐྱེས་ཆེན་དམ་པའི་དབུ་རང་རེད།  འོན་ཀྱང༌།   འཇིག་རྟེན་མི་སྐྱ་ཞིག་ལ་མགོ་དེ་འདྲ་ཞིག་ཡོད་པ་ནི་བསོད་བདེ་བསོད་ནམས་མེད་པའི་རྟཊ་རང་རེད།   སྡེ་པས་ཁྱོད་ལ་ཟངས་འགིར་མགོ་ཞེས་མིང་ནས་འབོད་པ་ལ་ཁག་ཅི་ཡོད།  དེ་ནི་སྐྱེ་བ་སྔོན་མའི་ལས་རེད་ཅེས་བཤད་ཚེ་ཕ་རྒན་བཀྲ་ཤིས་ངོ་ཚ་དང་སྡུག་བསྔལ་སྦྲཊ་ནས་ཆོས་སྲིད་གཉིས་ཀྱི་ལུཊ་ལ་བརྟེན་ནས་བཅོས་ཐབས་བྱས་རུང་ཕན་ཐོཊ་གང་ཡང་མ་ཐོན་པས་ད་ནི་འུ་ཐུག་ཐབས་ཟད་སོང་ཞེས་ཡིད་རླམ་པོའི་ངང་ནས་བཤད།   རྐྱེན་ཡོད་ན་དེ་ཟློག་ཐབས་ཤིག་ཡོད་ན།    སྐྲ་མེད་ན་དེ་སྐྱེ་ཐབས་ཤིག་ལོས་ཡོད།   དེ་མེད་ན་ལས་རྒྱུ་འབྲས་ཟེར་བ་དེ་ཡང་སྐྱག་རྫུན་དུ་འགྲོ་ངེས་རེད་ཅེས་ལག་པའི་ཁྱོར་བ་གཉིས་ཁ་ཟུམ་ནས་དཔྲལ་བར་སྦྱར།   མིག་བཙུམ།  ཁ་ནས་ལྷ་ཀླུའི་སྐད་གང་ཡིན་མ་ངེས་པའི་ཆོ་ག་ཞིག་ཏོན་རྗེས་ཧུང༌།  ཧུང༌།  ཧུང་ཞེས་ཧུང་སྒྲ་དྲུག་གསུམ་བཅོ་བརྒྱད་སྒྲོཊ་མཚམས་ད་ངེད་གཉིས་སངས་རྒྱས་ཀྱི་བཀའ་ལུང་དུ་ཇི་ལྟར་གསུངས་མིན་བལྟའོ་ཞེས་ཨ་མཆོད་ཀྱིས་དཔེ་སྒྲོམ་སྟེང་ནསབཀའ་འགྱུར་པོ་ཏི་གཅིག་བླངས།   ཁ་བཀྱག་ནས་ལྟ་སྐབས། འོ། ད་ཁྱོད་ཀྱིས་ཡག་པོ་ཉོན་ཨང༌།     སངས་རྒྱས་ཀྱིས་མགོ་ལ་ལུག་ལྤཊ་གྱོན་ན་མགོ་ལ་སྤུ་སྐྱེ་པར་གྱུར་ཅིག །མགོ་ལ་ལུག་ལྤཊ་མ་གྱོན་ན། མགོ་ལ་སྤུ་མི་སྐྱེ་བར་གྱུར་ཅིག་ཅེས་གསལ་གསལ་ཐིང་ཐིང་གསུངས་འདུག་པས་ད་ནི་ཁྱོད་ཀྱི་མགོ་ལ་སྐྲ་མི་སྐྱེ་བའི་དོཊ་པ་མི་དགོས།   འདི་ནི་རྒྱུ་འབྲས་མི་བསླུ་བའི་ཚད་མས་གྲུབ་པའི་བཀའ་ལུང་ཡིན་པས་འདི་ལ་ཡིད་ཆེས་མི་བྱས་སུ་ལ་བྱེད།   གལ་ཏེ།   འདི་ལ་ཐེ་ཚོམ་སྐྱེ་གྱུར་ན་མགོ་ལ་སྐྲ་སྐྱེ་རྒྱུ་ཕར་ཞོག་དུས་གཏན་དུ་དམྱལ་ཁམས་བཅོ་བརྒྱད་དུ་ཁྱིམ་གཞིས་བཙུཊ་ནས་སྡོད་པ་ལས་ཡར་ཐར་གྱི་རེ་བ་རྩ་བ་ནས་མེད་ཅེས་འཇིཊ་སྐྲག་སྐུལ་བས་ཕ་རྒན་བཀྲ་ཤིས་དང་པོ་དགའ་བ་ནས་ད་ནི་སྐྲག་པར་གྱུར་ཏེ་ངག་འདར་བཞིན་དུ།     སྡེ་པའི་ཕྱུཊ་རིཊ་ཀྱི་པཊ་པ་ཡོད་ཚད་ལྤཊ་པ་སྒྲུབ་མཁན་གྱི་ཚོང་པ་ལ་བཙོང་ཟིན།   ད་ལྟ་ཁྱིམ་དུ་ཡོད་པའི་ལུག་གཅིག་པོ་དེ་བཀའ་འགྱུར་བཀླཊ་ཚར་རྗེས་ཚེ་ཐར་གཏང་རྩིས་ཡོད།  དེ་བསད་ན་དེ་སྔར་ཆོས་བསྒྲུབས་ཚད་ཐམས་ཅད་སྟོང་རྐྱང་དུ་འགྱུར་བའི་སྟེང་སླར་ཡང་སྡིག་པ་ཆེན་པོ་གསག་འགྲོ་ངེས་རེད་པས་ད་གང་འདྲ་བྱེད་དོ་ཟེར་སྨྲེ་སྔཊ་འདོན།    ཨ་མཆོད་ཀྱིས་རྒད་པོ་ཁྱོད་ཀྱིས་གླེན་གཏམ་མ་ཤོད་དང་དུད་འགྲོ་ཞིག་ཚེ་འཕོས་རྗེས་གཞི་ནས་བདེ་འགྲོའི་ལུས་རྟེན་འཐོབ་དགོས་པས་མ་ཤི་ན་ཁམས་གཞན་དུ་ལུས་རྟེན་ཇི་ལྟར་འཐོབ་སྲིད།    ལུག་ཤི་ན་ཡང་འདྲ།    བསད་ནའང་རུང༌།  ག་ཚོད་ཤིབསད་མགྱོཊ་ན་དེ་ཙམ་གྱིས་བདེ་འགྲོ་ལ་སླེབས་སྔ་བས་ཁྱོད་ཀྱིས་ལུག་དེའི་བདེ་འགྲོའི་ལམ་བཀག་ནས་ངན་འགྲོའི་ལམ་དུ་བརྫང་རྩིས་ཡོད་དམ་ཞེས་དྲི་བ་དང་སྦྲཊ་བཙན་འགེབས་བྱེད་པའི་རྒྱུ་མཚན་མང་དག་ཅིག་བཤད་མཐར་ལུག་བཤའ་ནས་མགོ་ལ་ལུག་ལྤཊ་གྱོན་རྒྱུ་བྱས།   
       ལུག་བཤས་ནས་ཤ་བཙོས་རྗེས་ཨ་མཆོད་ལ་དྲངས་པས་ཧབ་ཐོབ་བརྒྱབ་ནས་ཤ་ཁུ་དང་བཅས་པ་གཙང་མ་ཟོས།       ལུག་ལྤཊ་དེ་ཐོག་གི་ཉི་འོད་དཀྱིལ་དུ་བརྒྱངས་ནས་བཞག།     ཕ་རྒན་བཀྲ་ཤིས་ཀྱིས་ཉིན་ཞག་འགའ་སྒུག་རུང་ཨ་མཆོད་ས་ནས་ལུག་ལྤཊ་ག་དུས་སུ་ཇི་ལྟར་བྱས་ནས་གྱོན་དགོས་མིན་གྱི་གདམས་ངག་གང་ཡང་མ་འཐོབ་པས་བྲེལ་འཚབ་ལང་ཡང་ཐབས་ཤེས་མེད་པར་ལུས།    འོན་ཀྱང༌།   ཨ་མཆོད་ནི་གོ་མེད་ཚོར་མེད་ཀྱི་རྣམ་པ་ཞིག་བསྟན་ནས་བསྡད་པ་ལས་ཚུར་ལ་རང་འགུལ་གྱིས་བསླབ་བྱ་བསྟན་པའི་བཟོ་ནི་རྩ་བ་ནས་མེད།    དེ་ནས་ཡང་ཉིན་ཞག་འགའ་འདས་ཀྱང་ཨ་མཆོད་ཀྱིས་ད་དུང་ཨ་ལན་མ་བྱས་སྟབས་ཕ་རྒན་བཀྲ་ཤིས་སྒུག་བསྲན་མ་ཚུཊ་ནས་ཕར་བཅར་ཏེ་ཤིན་ཏུ་ཉམ་ཆུང་བ་དང་དོཊ་མི་བདེ་བའི་འཛུམ་ཆུང་ཞིག་བསྟན་བཞིན་ངག་འཇམ་པོའི་ངང་རྒན་ལཊ།   ཁྱེད་ལ་བཀའ་འདྲི་ཞུ་རྒྱུ་ལ་ད་ངས་ལུག་ལྤཊ་ག་དུས་སུ་ཅི་འདྲ་བྱས་ནས་གྱོན་དགོས་སམ།   ངས་ཁྱེད་ཀྱི་བཀའ་སློབ་སྒུག་ནས་བསྡད་ཡོད་ཅེས་འདྲི་བའི་ཚེ་ཨ་མཆོད་ཀྱིས།   འོ་རེད།   དགོངས་པ་མ་ཚོམ།  ང་རྦད་དེ་གཏིང་བརྗེད་ཁུར་འདུག།  དགོངས་པ་མ་ཚོམ།   དགོངས་པ་མ་ཚོམ་ཞེས་བརྗོད་རྗེས་ལུག་ལྤཊ་ཇི་ལྟར་བྱས་ནས་ག་དུས་གྱོན་དགོས་མིན་ཡང་སངས་རྒྱས་ཀྱི་བཀའ་ལུང་དུ་ཇི་ལྟར་གསུངས་མིན་ལ་བལྟ་དགོས་ཞེས་ཡང་《བཀའ་འགྱུར་》པོ་ཏི་གཞན་ཞིག་ཁ་བཀྱག་ནས་ལུག་ལྤཊ་དམར་བཤུས་བྱེད་མ་ཐག་པ་དེ་ཚ་གྱོན་བྱས་ན་མགོ་ལ་སྤུ་སྐྱེ་བར་འགྱུར་རོ།   ལུག་ལྤཊ་སྐམ་པོ་གྱོན་ན་མགོ་ལ་སྤུ་མི་སྐྱེ་བར་འགྱུར་རོ་ཞེས་སངས་རྒྱས་ཀྱི་གསུང་དུ་འདུག་པས་ད་ནི་ཁྱོད་ཀྱིས་ལུག་ལྤཊ་གྱོན་ཕྱིས་དྲཊ་པས་ལན་པ་དང༌།   རང་གི་མ་ཤེས་རུང་ཤེས་མཁན་གཞན་ལ་མ་དྲིས་པ་ནི་ལྐུཊ་པ་རང་རེད་ཅེས་འཁང་ར་དྲག་པོ་བྱས། མ་ཟད།   དུས་ཐོག་ཏུ་ལུག་ལྤཊ་མ་གྱོན་པ་དེ་ནི་རྒྱལ་བའི་བཀའ་ལུང་དང་འགལ་བའི་སྡིག་ཉེས་ཡོད་རུང་དེ་ལ་ཁྱོད་སེམས་ཁྲལ་མི་དགོས་ངས་གསང་སྔཊ་ཀྱི་སྒྲུབ་པ་བརྒྱབ་སྟེ་སྡིག་ཉེས་དག་པ་བྱེད་ཆོག་ཅེས་སེམས་གསོའི་ཚུལ་དུ་བཤད་མོད་ཕ་རྒན་བཀྲ་ཤིས་ནི་ལུག་བསད་པའི་འགྱོད་པ་དང༌།  སྐྲ་མ་སྐྱེ་བའི་སྡུག་བསྔལ།   མཐར་དམྱལ་ཁམས་སུ་ལྷུང་ཉེན་ཡོད་པའི་འཇིཊ་སྐྲག་བཅས་ཉམ་ཆུང་ཡ་ང་བའི་ལུས་སེམས་སྟེང་དུ་ལྷུང་དུས་རྒས་པོ་དབུཊ་ཧལ།  ལུས་འདར།   ཞེན་ཁ་ལོག།   ཁྲག་ཤེད་རྒྱས།  མིག་རབ་རིབ་ཏུ་གྱུར་ནས་དྲན་མེད་དུ་བརྒྱལ།   འདི་ནི་མི་འདོད་བཙན་གྱིས་བསྐུལ་བའི་ཡ་ང་ཞིང་ཉམ་ཐག་པའི་སྐྱོ་གར་ཞིག་རེད་ལ་ཨ་མཆོད་ཀྱིས་བཤད་ཚུལ་ལྟར་ན་ཕ་རྒན་བཀྲ་ཤིས་ནི་འཆི་གསོན་གང་བྱུང་ཡོད་རུང་འདི་ཕྱི་གཉིས་ཀ་ལ་ཉེས་པ་ཡོད་མཁན་ཞིག་ཏུ་གྱུར་ཟིན་པ་རེད།
     བརྩེ་བའི་གྲོཊ་པོ་རྣམ་པ།   རང་རེའི་དག་པའི་ཡུལ་གྲུ་འདི་རུ་གཟོད་མ་ནས་དག་པ་ཡིན་བཞིན་དུ་བཙན་གྱིས་མ་དག་པ་བཟོས་ཤིང་ཉམ་ཐག་པའི་གདུང་བ་བསྐྱེད་པའི་ཕ་རྒན་བཀྲ་ཤིས་འདྲ་བའི་གླེན་རྨོངས་ཤེས་མེད་ཀྱི་སྐྱེ་བོ་ཇི་སྙེད་ཅིག་ལྷ་ཆོས་ཀྱི་འབག་གྱོན་བའི་གཡོ་སྒྱུ་ཅན་དང་ཟ་རྔམ་ཅན་སྤྱང་ཀི་གཏུམ་པོ་ཅན་དེ་དག་གི་མཆེ་འོག་ཏུ་ཚུད་པའི་ཞི་འཇམ་དྲང་བདེན་གཞུང་བཟང་གི་ལུ་གུ་ལྟར་གྱི་སྐྱེ་བོ་དེ་དག་ག་དུས་སུ་རང་སྟོབས་ཀྱིས་རིག་པ་སད་ཅིང་ཚན་རིག་དང་ཤེས་རབ་ཀྱི་མིག་རྒྱང་ལ་བརྟེན་ནས་རང་རང་གི་མི་ཚེ་དང་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པའི་དུས་ཤིག་ཤར་རྒྱུ་ཡོད་དམ། །
·རྩོམ་ཡིག་གོང་མ:དེ་རིང་གི་ང༌།
·རྩོམ་ཡིག་འོག་མ:གཞས་ཚིག སྙིང་གི་བུ་མོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྟ་གཡག་ལུག་གསུམ་གྱི་གཏམ་རྒྱུད། 2014/4/18 10:54:55
·མང་རྩོམ་ཁྲ་ཆིལ་མ། 2010/5/9 9:22:06
·གླིང་གི་གཏམ་དཔེ། དང་པོ། 2010/1/5 20:58:18
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 1:10:31 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:38:07 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:18:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS