ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
རྩོམ་ཡིག་ཀློག་པ།

བོད་ཀྱི་ལོ་རྒྱུས་སྟེང་གི་མཛངས་བློན་བདུན།

རྩོམ་པ་པོ:ཀུན་གསལ།ཡོང་ཁུངས:ཁམས་པའི་དྲ་བ།གཟིགས་གྲངས:3659ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/11/24 15:40:28ཚོགས་ཡར་སྤྲོད:ལྡོང་།

བོད་ཀྱི་ལོ་རྒྱུས་སྟེང་གི་མཛངས་བློན་བདུན།

ཀུན་གསལ།

སྤུར་རྒྱལ་བོད་ཀྱི་མཛངས་བློན་མི་བདུན་ཞེས།།  སྙན་པའི་གྲགས་པ་ས་སྟེང་ཁྱབ་པ་ཡི།།  ཐོག་མར་གྱུར་པ་སྟོད་ཀྱི་སྟེང་གཉིས་ལས།།  ཕྱི་མ་རྒྱལ་པོ་པུ་དེ་གུང་རྒྱལ་གྱི།།  མཛངས་པའི་བློན་པོ་རུ་ལས་སྐྱེས་ཡིན་ལ།།  མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་།།  དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་སྦྱངས།།  ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།།   ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།།   རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།།  བརྒལ་བར་དཀའ་བའི་ཆུ་ལ་ཟམ་པ་བཙུགས།།  རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་།།  ལེགས་དྲུག་ཐོག་ཨི་ཤོ་ལེགས་ཀྱི་བློན།།   བློན་པོ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས།།   བློན་འདིའི་མཚན་ལ་ལྷ་བུ་མགོ་དཀར་བྱ།།  འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན།།  མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས།།  འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།།  མདའ་རུ་ཆུ་མ་རྨོ་བ་འདི་ནས་དར།།  འཕྲུལ་བློན་མཛངས་མི་བདུན་གྱི་གསུམ་པ་ནི།།   སྟག་རི་གཉན་གཟིགས་ཞེས་སུ་གྲགས་པ་ཡི།།  བོད་ཀྱི་རྒྱལ་པོ་སོ་གཅིག་པ་ཡི་བློན།།   ཁྲི་ངོར་སྣང་བཙུན་མོང་གི་བུ་ཡིན་ལ།།   འདི་དུས་བྲེ་ཕུལ་སྲང་དང་ཚོང་ལས་དར།།  འཕྲུལ་བློན་མཛངས་མི་བདུན་གྱི་བཞི་བ་ནི།།  འཕྲུལ་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡི།།  ཆོས་ཀྱི་སློབ་དཔོན་ཐོན་མི་སྟེ།།    ཁོང་གིས་བོད་ཡིག་ཐོག་མར་གསར་བཟོ་མཛད།།  བོད་ཡུལ་མུན་པའི་སྨག་ལ་སྒྲོན་མེ་བཏེགས།།  མཛངས་བློན་བདུན་ལས་ལྔ་བ་སྲོང་བཙན་གྱི།།   བློན་པོ་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས།།   མཛངས་པའི་ལས་སུ་རི་ཁྱིམ་ཀློང་དུ་ཕབ།།  སྤོ་མཐོའི་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས།།   འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད།།    བོད་ཀྱི་གྲོང་ཁྱེར་དུས་སྐབས་འདི་ནས་བྱུང་།།   ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི།།   མགོས་རིགས་བློན་པོ་ཁྲི་བཟང་ཡབ་ལྷགལྷནི།།འཕྲུལ་བློན་མཛངས་མི་བདུན་གྱི་དྲུག་པ་སྟེ།།   བློན་པོ་འདི་ཡིས་གསོས་ཐང་སྟོང་ཐང་སོགས།  ཁྲིམས་ཀྱི་བྱང་བུ་ཆ་དགུ་གཏན་ལ་ཕབ།།  བོད་ཀྱི་ཁྲིམས་ཀྱི་ཐོག་མར་འདི་ནས་དར།།  མཛངས་བློན་བདུན་པ་ཁྲི་སྲོང་ལྡེའུ་བཙན་གྱི།།   བློན་པོ་སྟག་བཙན་གདོང་གཟིགས་ཞེས་བྱ་སྟེ།།   བློན་པོ་འདི་ཡིས་འབངས་མི་ཁྱིམ་རེ་ལ།།  རྟ་མཛོ་བ་དང་གླང་སོགས་རེ་རེ་བཞིན།།  ཆ་སྙོམས་བགོས་ཤིང་དབྱར་གྱི་རྩྭ་བྲེགས་ནས།།  བསྐམས་རྗེས་དགུན་དུས་ཕྱུགས་ཀྱི་གཟན་དུ་བྱིན།།   ཕྱུགས་ལ་གཟན་རྩྭ་སྟེར་བའི་སྲོལ་ཀ་ཡང་།།  བློན་པོ་འདི་ཡི་རིང་ནས་དར་བ་བཤད།།

·རྩོམ་ཡིག་གོང་མ:ཨ་མཚར་མཚར་དགུའི་དྲུག་པ།
·རྩོམ་ཡིག་འོག་མ:གཟུར་གནས་ཀྱི་འོད་ཟེར་འཕྲོ་བའི་ལྷུག་རྩོམ་ཞིག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:32:04 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:52:53 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:15:06 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS