ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

གོ་འཇོའི་ཡུལ་ལ་སྐྱ་རེངས་དང་པོ་ཤར།

[རྩོམ་པ་པོ:དགེ་བུ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/1/18 16:50:56  བཀླགས་ཐེངས:1654][ཡིག་གཟུགས:ཡིག་གཟུགས་མདོག]
གོ་འཇོའི་ཡུལ་ལ་སྐྱ་རེངས་དང་པོ་ཤར།

གོ་འཇོའི་ཡུལ་ལ་སྐྱ་རེངས་དང་པོ་ཤར།
གུ་དོག་རྨོངས་པའི་གཉིད་ལས་རབ་སད་དེ།
ནང་དམེའི་གདུག་སྤྱོད་མུན་པ་རང་སར་ཞི།
ཞི་མཐུན་དགའ་འཛུམ་རྒྱས་པའི་བཀྲ་ཤིས་ཤོག

ཁམས་གོ་འཇོའི་སློབ་གསོའི་གླེང་སྟེགས་༼སྐྱ་རེངས་༽ལོ་དེབ་གསར་དུ་ཐོན་པར་དགའ་སྤྲོའི་རྟེན་འབྲེལ་ཞུ།

༼སྐྱ་རེངས་༽ལོ་དེབ་ཀྱི་རྩོམ་སྒྲིག་པའི་མཇུག་གཏམ།

ལྗིད་ཏིག་ཏིག་གི་སྐད་ཆ་ཐར་ཐོར་ཞིག་༼སྐྱ་རེངས༽ཀྱི་འོད་སྣང་དང་འགྲོགས་བཞིན་དུངས་
བ་ཟབ་པའི་ཡུལ་མི་སྤུན་མཆེད་རྣམས་ཀྱི་སྤྱན་ལམ་དུ་འབྱོར་ཚེ། དང་པོ་ནས་སད་མ་འཐོམ་གྱི་གཉིད་ལབ་ཅིག་ཏུ་མི་བརྩི་བར།  རིན་ཐང་བྲལ་བའི་བཀའ་སློབ་དང༌།  ལྷག་བསམ་གཙང་མའི་རེ་འབོད་འདི་དག་གི་ཉིང་བཅུད་སྙིང་ལ་སིམ་པར་བྱས་ཐོག་ངེད་ཅག་ཁམས་གོ་འཇོའི་གཞིས་བྱེས་སྐྱ་སེར༌ཡོངས་ཀྱིས་ལྷད་མེད་མཐུན་སྒྲིལ་གྱི་ལག་རྡང་ལྷན་དུ་སྦྲེལ་ཏེ་ངན་སྤྱོད་མཐའ་དག་ལེགས་བཅོས་དང༌། སྒེར་སེམས་ཀྱི་འདུ་ཤེས་ཙམ་ལས་བརྒལ་ཏེ་རང་ནུས་གང་ཡོད་ཀྱིས་བདེ་སྐྱིད་ཀྱི་གཞི་རྩ་ཤེས་རིག་དང་སློབ་གསོའི་ཐབས་ལམ་དེའི་ཆེད་དུ་འགོར་འགྱངས་མེད་པར་མིག་དཔེ་ཡར་ལྟོས་ཀྱི་ངང་ནས་གཞན་རྗེས་ཟིན་པར་མྱུར་བསྐྱོད་བྱ་དགོས་ཞེས་ཞུ་བ་དང་ཆབས་ཅིག་༼སྐྱ་རེངས༽ལོ་དེབ་ལ་མ་དངུལ་ཡོངས་རྫོགས་ཀྱི་མཐུན་རྐྱེན་སྦྱར་བའི་མཁན་སངས་རྒྱས་རྒྱ་མཚོ་མཆོག་དང་རྒྱ་སྒོར་༢༠༠༠ཐམ་པའི་རྒྱབ་
སྐྱོར་མཛད་པའི་མཁན་དཀོན་མཆོག་བསྟན་འཛིན་རྣམ་གཉིས། དེ་བཞིན་དམངས་སྒོར་༣༠༠༠ཐམ་པའི་ཞལ་འདེབས་ཕུལ་བའི་སྤྲུལ་སྒྲོན་སྐྱབས་སོགས་ཐེངས་འདིར་གང་ཅིའི་ཐད་རོགས་རམ་གནང་བའི་གྲོགས་པོ་དང་མཁྱེན་ལྔན་པ་ཡོངས་ལ་ངེད་རྩོམ་སྒྲིག་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།
དམིགས་བསལ་གྱིས་ཞུ་རྒྱུ་ཞིག་ལ།   ད་རེས་དུས་ཚོད་ཀྱིས་རྐྱེན་པས་རྩོམ་ཐུང་ཁ་ཤས་ཤིག་དེབ་ཐོག་ཏུ་འགོད་མ་ཐུབ་ཅིང༌།  ས་གནས་སོ་སོར་ཡོད་པའི་གོ་ཡུལ་གྱི་རྩོམ་པ་པོ་དག་ལ་རྩོམ་བསྡུའི་གསལ་བརྡ་ཞིག་ཀྱང་ཕུལ་མ་ཁོམ་པས་སྙིང་དབུས་ནས་དགོངས་དག་ཞུ།
ཐེངས་རྗེས་མར་ལོ་དེབ་འདི་ཉིད་ཅུང་ཟད་གྲ་དག་པོ་ཞིག་ཡོང་རྒྱུའི་རེ་བ་འཆང་གིན་ཡོད་པས་སྐྱ་སེར་དང་ཕོ་མོའི་དབྱེ་འབྱེད་མེད་པར་རང་ཡུལ་གྱི་མཁྱེན་ལྡན་རྩོམ་པ་པོ་དག་གིས་གཙོ་བོར་རང་ཡུལ་གྱི་ལོ་རྒྱུས་དང་སློབ་གསོ་སོགས་དང་འབྲེལ་བའི་རྩོམ་ཡིག་ལེགས་པོ་རེ་གནང་རྒྱུའི་རེ་བ་ཞུ་རྒྱུ་དང༌། རྩོམ་ཡིག་གི་མ་ཕྱིའི་ཡིག་གཟུགས་དབུ་ཅན་ཡིན་དགོས་པ་ལས་རྩོམ་ལུས་ལ་ངེས་པ་མེད།  ཐེངས་དང་པོའི་༼སྐྱ་རེངས༽ནི་སློབ་གྲོགས་གཞན་གྱི་རིན་ཐང་ཆེ་བའི་དུས་ཚོད་ལ་བསམ་ཤེས་ཀྱིས་རང་ཉིད་གཅིག་པུས་སློབ་ཞོར་དུ་བསྒྲིགས་པ་ཞིག་ཡིན་སྟབས་ནོར་འཁྲུལ་གྱི་ཆ་མི་ཉུང་བ་ཞིག་ཡོད་ངེས་པས། ཀློག་པ་པོ་དག་གིས་དགོངས་འཆར་ལྷུག་སྩོལ་གནང་བར་བཀའ་དྲིན་ཆེ།

གློག་ཡིག་སྒམ།  1364279936@qq.com
གླེང་མོལ་ཨང་གྲངས།  1364279936
ཁ་པར་ཨང་གྲངས།  ༡༥༣༥༡༤༥༣༡༢༡

ཐེངས་དང་པོའི་རྩོམ་སྒྲིག་པ་རིག་ལྡན་ཉི་མས།

འདིར་ཁམས་གོ་འཇོའི་སློབ་གསོའི་གླེང་སྟེགས་སྐྱ་རེངས་ལོ་དེབ་ནང་ནས་རྩོམ་ཡིག་གཉིས་ཞོར་འགོད་བྱས་ན།

ཕ་ཡུལ་གཅིག་པའི་སྤུན་ཟླར་ཕུ་ལ་བའི་
སེམས་ཀྱི་ཞུ་འབོད།

མཁན་དཀོན་མཆོག་བསྟན་འཛིན།  གོ་འཇོ།
ན་མོ་ལོ་ཀེ་ཤྭ་ར་ཡེ།
དེ་ཡང་རང་རེའི་ས་ཆ་མང་པོ་ཞིག་ན་ཕ་མེས་ཀྱི་སྲོལ་ངན་པའི་ཤུགས་རྐྱེན་འོག  རྒྱུ་མཚན་ཡང་དག་ཅི་ཡང་མེད་པར་དོན་མེད་ཀྱི་ལས་ལ་དཔའ་བློ་ཁོག་ངོམ་རྒྱུར་དགའ་བའི་རྐྱེན་གྱིས་རང་རེའི་ཕ་ས་ན་རྩྭ་ཆུ་ཕྲན་བུ་རེའི་དོན་དང༌། ཕན་ཚུན་རྩོད་གཞི་ཆུང་ཆུང་རེའི་དོན་དུ་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་ནས་མི་གསོད་རྟ་སྒྱེལ་གྱི་ལས་ངན་ཁོ་ན་གསོག་པ་ནི་དབྱིངས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བླ་མ་དགེ་བའི་བཤེས་གཉེན་རྣམ་པས་ཐུགས་ཁྲེལ་བ་དང༌། ཕ་མ་སྤུན་ཉེ་ཐམས་ཅད་ཡི་མུག་ཞིང་སེམས་སྐྱོ་བའི་གནས་ཁོ་ན་ལས་མ་འདས་པས། ད་ཕྱིན་ཆད་ཤ་རུས་གཅིག་པའི་སྤུན་ཟླ་ཕན་ཚུན་ནང་འཛིང་མི་བྱེད་པར།  གཅིག་ཕན་གཅིག་རོགས་དང་གཅིག་སེམས་གཅིག་ལ་གཏད་ནས་མཛའ་བརྩེ་དང་འཆམ་མཐུན་གྱི་སྒོ་ནས་མི་ཚེ་སྐྱེལ་རྒྱུ་ནི་ཆོས་འཇིག་རྟེན་དང་ཚེ་འདི་ཕྱི་གཉིས་ཀའི་དོན་ཆེན་ལགས་པས་ཀུན་གྱིས་ཐུགས་བསམ་ལེགས་པར་བཞེས་པར་ཞུ། དེ་དང་དུས་མཚུངས་ཕ་ཡུ་ལ་གྱི་དགོན་སྡེ་ཁག་གི་བླ་གྲྭ་རྣམས་ནས་ཀྱང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཐོག་མཁས་བཙུན་བཟང་གསུམ་དང་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་བཅས་ཀྱི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བའི་རྨང་གཞིའི་ཐོག་རང་གི་ཁ་རྩ་ཉེ་འཁོར་དུ་ཡོད་པའི་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་ཟབ་བཞེས་ཀྱིས་མང་ཚོགས་ཀྱི་ཆོས་ཀྱི་ཤེས་ཚད་གོང་མཐོར་གཏོང་བ་དང༌། མི་མང་ནང་ཁུལ་གྱི་འཁོན་པ་བསྡུམ་པའི་ཆེད་དུ་རང་ཉིད་ཀྱི་ལྷག་བསམ་དང་རྣམ་དཔྱོད་ཀྱི་ནུས་པ་གང་ཡོད་འདོན་གནང་མཛད་རྒྱུ་དེ་ཡང་དོ་གལ་ཆེ་བར་མཐོང་ངོ༌།  གཞན་ཡང་ལུས་ཕོ་མོ་དང་ལོ་རྒན་གཞོན་མེད་པར་ཚང་མས་ནང་ཆོས་གཙོ་བོར་གྱུར་པའི་ཤེས་ཡོན་སྤྱི་དང་་བྱེ་བྲག་ལ་སློབ་སྦྱོང་མཛད་རྒྱུ་ནི་གལ་འགངས་ཤིན་ཏུ༌ཆེ་ཞིང་།  ལྷག་པར་དུ་ན་ཆུང་རྣམས་ནི་མ་འོངས་པའི་རེ་བ་བཅོལ་ཡུལ་ཡིན་པས་ཁ་མིག་ཡར་བལྟ་བྱས་ཏེ་ཡ་རབས་བཟང་སྤྱོད་ལ་བསླབ་པ་དང༌། དུས་ཚོད་དམ་འཛིན་གྱིས་ཤེས་རིག་ཡོན་ཏན་སྦྱོང་བ་ལས་ཆང་རག་འཐུང་བ་དང་ཤོ་་སྦག་རྒྱན་རྩེད་ལ་རོལ་བ་སོགས་མ་རབས་ཀྱི་ལམ་དུ་ཞུགས་ནས་གཞོན་ནུའི་ལང་ཚོ་འཕྲོ་བརླག་གཏོང་བ་ནི་ཤིན་ཏུ་བློ་ཕམ་སྐྱེ་འོས་པའི་གནས་ལགས་པས་ཕ་མ་རྣམས་ཀྱིས་ཀྱང་བུ་ཕྲུག་གི་སྤྱོད་ཡོན་ཡར་རྒྱས་འགྲོ་རྒྱུར་ཐུགས་འཁུར་ཆེར་བཞེས་གནང་གལ་ཆེའོ །  ད་དུང་དམིགས་བསལ་ཞུ་རྒྱུ་ཞིག་ནི་རང་རེའི་ཡུལ་དུས་ཆ་གཞན་དང་མི་འདྲ་བར་ནོར་ལུག་མང་པོ་གསོད་པའི་གནས་སྟངས་ཛ་དྲག་ཤིན་ཏུ་ཆེ་བས་ཁོ་བོའི་བསམ་པར་རང་རེའི་ཡུལ་དུ་མི་གསོད་རྟ་སྒྱེལ་གྱི་འཁྲུག་འཛིང་མང་བ་དེ་ཡང་ཕྱོགས་གཅིག་ནས་སྲོག་གཅོད་ལ་དགའ་བའི་ལས་དེའི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་མིན་ནམ་སྙམ་མོ།  གང་ལྟར་འཕྲོད་བསྟེན་གྱི་ཆ་ནས་ཀྱང་ཤའི་ཟས་ལ་བསྟེན་དྲགས་ན་ནད་སྣ་ཚོགས་འདུ་བར་བྱེད་པས་རང་གཞན་ཚང་མས་སྲོག་གཅོད་ཀྱི་ལས་ལ་འཛེམ་བག་དང་ཤའི་ཟས་སྤོང་གང་ཐུབ་གནང་རྒྱུའི་རེ་འབོད་སྙིང་ནས་ཞུའོ། །།

སྙན་ཞུ་དོན་ཚན་ལྔ།

མཁན་སངས་རྒྱས་རྒྱ་མཚོ།  གོ་འཇོ།

ཉེ་བའི་ལོ་ཤས་ནང་གོ་འཇོའི་དགོན་པ་མང་ཕྱོགས་སེར་འཚོགས་ཐོག་དགེ་བཅུའི་ཁྲིམས་ཀྱི་བརྗོད་བྱ་གཙོ་བོར་བྱས་ནས་བགྲོ་གླེང་གནང་བར་ཡི་རང་བྱེད་ཀྱི་ཡོད། མ་འོངས་པར་བགྲོ་གླེང་གི་ནང་དོན་ཐད་རང་གི་བསམ་ཚུལ་ཁ་ཤས་ཞུ་རྒྱུ།
༡ སྐྱ་སེར་དང་ཕོ་མོའི་དབྱེ་བ། ཕྱོགས་ཁག་དང་མི་སྒེར་མཐུན་མིན་ལ་མ་ལྟོས་པར་རང་རྫོང་གི་ཁོངས་སུ་གཏོགས་པའི་ལྷག་བསམ་དང་དྲང་བདེན་ཤེས་འཇོན་ལྡན་པའི་མི་སྣ་དག་ཚོགས་ཞུགས་གནང་སྟེ། བཀོད་སྒྲིག་དང་འཆར་གཞི་ཡོད་པའི་སྒོ་ནས་རང་ཡུལ་གྱི་སྐྱ་སེར་ཡོངས་ཀྱི་བསམ་བློའི་སྣེ་ཁྲིད་ནུས་པའི་བགྲོ་གླེང་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པར་བྱ་དགོས།
༢  དགོན་ཡུལ་ཚང་མ་མཉམ་འབྲེལ་གྱིས་འཐུས་སྒོ་ཚང་བའི་ཚད་ལྡན་གྱི་སློེ་གྲྭ་ཞིག་འཛུགས་གཉེར་ཐུབ་པར་བྱས་ཏེ། ན་གཞོན་སྐྱ་སེར་ཡོངས་ཀྱིས་གནའ་དེང་གི་རིག་གནས་ལ་སློབ་སྦྱོང་བྱ་རྒྱུ་དང༌། ཁྱད་པར་དུ་རབ་བྱུང་ཕོ་མོ་ཡིན་ཕྱིན་མ་མཐའ་ལོ་དྲུག་རེར་ནང་བསྟན་རིག་གཞུང་ལ་ཐོས་བསམ་བྱ་དགོས།  རང་ཡུལ་གྱི་ཁྱིམ་པ་ཕོ་མོ་ཚང་མ་སྐྱབས་སུ་འགྲོ་བའི་དགེ་བསྙེན་ཡིན་དགོས་ལ་དེའི་དགག་སྒྲུབ་ཀྱི་བསླབ་བྱ་རྣམས་ཤེས་སུ་འཇུག་རྒྱུ་དང༌། ཟླ་བ་རེའི་ནང་དུས་ཁྲིམས་ཡན་ལག་བརྒྱད་པ་ཐེངས་རེར་བསྲུང་དུ་འཇུག་དགོས།
༣  རང་ཡུལ་གྱི་ཁེ་ལས་པ་དང་མང་ཚོགས་མཉམ་འབྲེལ་གྱིས་སྣེ་མང་ཅན་གྱི་བཟོ་ལས་དང་ཚོང་ལས་ཚད་ལྡན་གཉེར་ཐུབ་པར་བྱས་ཏེ། རང་ཡུལ་གྱི་་ཡོང་འབབ་བརྒྱ་ཆ་བདུན་ཅུ་ཡན་རང་རེའི་ཡུལ་མི་ལ་དབང་བའི་འབད་བརྩོན་བྱ་དགོས།
༤  ཉེར་གཅིག་པའི་དུས་གསར་འདི་ནི་ཁྱིམ་པ་ཕོ་མོ་རྣམས་ཀྱིས་རིགས་རུས་མཐོ་དམན་དང་རྩྭ་ས་རྩོད་གླེང༌། རང་སྒེར་གྱི་ཤ་འཁོན་རྩོད་པའི་དུས་མིན་ལ། རབ་བྱུང་རྣམས་ཀྱིས་ཆོས་རྒྱུད་བཟང་ངན་དང་ལྷ་ཁང་ཆེ་ཆུང་སོགས་རྩོད་པའི་དུས་དེ་བས་ཀྱང་མིན།  སྐྱ་སེར་མཐོ་དམན་མཐུན་སྒྲིལ་གྱི་སྒོ་ནས་ནང་དམེ་དང་རྐུ་འཕྲོག་ཧམ་ཟོས་སོགས་བསམ་སྤྱོད་ངན་པ་དག་སྔོན་འགོག་བྱ་རྒྱུ་དང༌། ཁྱད་པར་དུ་བུད་མེད་རྣམས་ཀྱིས་རང་རྒྱུད་གསོད་པའི་སྤྱོད་ངན་དེ་རིགས་སྔོན་འགོག་ནན་པོར་བྱ་དགོས། གཏེར་ཁ་སྔོག་འདོན་སོགས་ཀྱིས་ཚབས་ཆེའི་ཉམས་རྒུད་དུ་འགྲོ་བཞིན་པའི་རང་་རེའི་རང་བྱུང་གི་ཁོར་ཡུག་ལ་སྲུང་སྐྱོབ་དང༌། རྒྱུན་ཆད་ལ་ཉེ་བའི་ར་ལུག་རྟ་བོང་སོགས་རྩ་ཆེའི་སྒོ་ཕྱུགས་ཀྱི་རིགས་རྣམས་མྱུར་སྐྱོབ་དང་གཙང་སྦྲ་འཕྲོད་བསྟེན་སོགས་རྒྱུན་ཤེས་ཀྱི་སྐོར་ཁྲིད་སྟོན་བྱ་དགོས།
༥ དགོན་་པ་ཆེ་ཆུང་སུ་ཡིན་ཡང་དེའི་དབང་ཆ་ཡོངས་རྫོགས་འདུས་པ་སྤྱི་ལ་ཡོད་པས་ལྷག་བསམ་དང་དྲང་ང་བདེན་ཤེས་འཇོན་ལྡན་པའི་གཞོན་སྐྱེས་རྣམས་ལོ་ལྔ་རེར་དགོན་པའི་དགོན་དཔོན་ནམ་དབང་ཆ་ཡོངས་རྫོགས་ཡོད་པར་མང་མོས་འདེམ་བསྐོ་བྱ་དགོས། དེ་ལྟར་མཛད་ན་དོན་དངོས་དང་མཐུན་ཞིང་སྟོན་པའི་བཀའ་བཞིན་འགྲུབ་པར་མ་ཟད་གཞོན་སྐྱེས་རྣམས་ཤེས་ཡོན་དང་ལྷག་བསམ་དྲང་བདེན་འཇོན་ཐང་བཅས་ལ་དགའ་ཞེན་དང་དེ་དག་གི་རིན་ཐང་ཡང་མངོན་ཐུབ། དེང་གི་དུས་འདིར་ཉན་རྐྱང་ཙམ་དང་རིག་རིག་ཙམ་རྒྱུ་མཚན་དུ་བྱས་ཏེ་གཞན་ཕན་གྱི་ཁ་གཡང་ཇི་ལྟར་སྒྲོག་ཀྱང་ཁུངས་འཁྱོལ་ཐབས་མེད་པས་སྒེར་གྱི་བྱ་བ་འགྲུབ་མིན་ལ་མ་ལྟོས་པར་ལག་ལེན་ངོ་མའི་ཐོག་ནས་རང་རིགས་ཀྱི་ཆོས་དང་རིག་གཞུང་ལས་དབང་བཅས་ལ་འགན་ཁུར་གྱི་འདུ་ཤེས་དང་རང་གི་ཉེ་འཁོར་དུ་གནས་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་ཁ་ཡོད་ལག་ཡོད་ཀྱི་ཕན་པ་དངོས་བསྒྲུབ་རྒྱུ་གལ་ཆེ་བར་འདུག་གོ །
·གསར་འགྱུར་གོང་མ:ཡང་དྲ་བའི་ནད་དུག་གདུག་པ་ཅན་ཞིག་ཡོད་ས་རེད།
·གསར་འགྱུར་འོག་མ:མི་ཆོས་གཙང་མ་བཅུ་དྲུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་གཉིས་དྲ་ཐོག་བཀྲམ་པ། 2014/9/24 15:46:30
·༼བྱམས་བརྩེ་དང་སློབ་གསོ་ཞེས་པའི་དེབ་གསར་མཚམས་སྦྱོར། 2014/8/24 19:09:35
·འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་འགྲེམ་སྤེལ་བྱས། 2014/3/29 22:26:39
·བགྲེས་པོའི་འབེལ་གཏམ་ཐེངས་༡༤པ་ལེགས་ཐོན་བྱུང་བ། 2014/3/8 9:20:27
·ཆུ་ཐིགས་དེབ་ཕྲེང་གསུམ་པ་བཀྲམ་པ། 2014/3/7 19:11:52
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:37:54 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:02:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:01:31 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS