ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

མི་ཆོས་དང་པོ། དཀོན་མཆོག་ལ་མོས་གུས་བསྐྱེད་པ།

[རྩོམ་པ་པོ:བློ་བཟང་བསྟན་འཛིན་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/1/20 19:02:42  བཀླགས་ཐེངས:1577][ཡིག་གཟུགས:ཡིག་གཟུགས་མདོག]
མི་ཆོས་དང་པོ། དཀོན་མཆོག་ལ་མོས་གུས་བསྐྱེད་པ།
 
ཀིརྟི་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ།
 
   དཀོན་མཆོག་གསུམ་བླ་མར་བཟུང་བ་སྟེ་སྐྱབས་གནས་སམ་ཡིད་ཆེས་བློ་གཏད་བྱེད་ས་མཐར་ཐུག་ཏུ་ཁས་བླངས་ཏེ་སྐྱབས་འགྲོའི་བསླབ་བྱ་ཇི་ལྟ་བ་བཞིན་རང་གི་ལུས་ངག་ཡིད་གསུམ་ཡ་རབས་སྤྱོད་བཟང་ཅན་དུ་བསྒྱུར་ཞིང༌། རྒྱུན་དུ་དཀོན་མཆོག་གསུམ་རྗེས་སུ་དྲན་ནས་གུས་པས་མཆོད་པར་བྱེད་དགོས།
   ཆོས་ཁས་ལེན་པའི་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན་དང་མིན་ནི། སྐྱབས་གནས་དཀོན་མཆོག་གསུམ་ལ་དགའ་དད་དང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགའ་མོསཀྱིས་ལག་ལེན་བྱེད་ཀྱི་ཡོད་མེད་ཀྱིས་ཤེས་ཐུབ།
  ནང་པ་སངས་རྒྱས་པ་ཤིག་ཡིན་མིན་གྱི་ཆད་འཛིན་ས་ནི་རྒྱུ་འཇིགས་དད་གཉིས་ཀྱིས་་དྲངས་པའི་སྐྱབས་འགྲོ་རྒྱུད་ལ་ཡོད་མེད་ཀྱིས་འཇོག་པས་ནང་པ་སངས་རྒྱས་པར་འཇུག་པའི་སྒོ་དང་པོ་སྐྱབས་འགྲོ་ཡིན། སྐྱབས་འགྲོ་རྒྱུད་ལ་ཡོད་ན་ནང་པ་སངས་རྒྱས་པའི་ནང་དུ་ཚུད་པ་དང་སྐྱབས་འགྲོ་རྒྱུད་ལ་མེད་ན་ནང་པ་སངས་རྒྱས་པའི་ནང་དུ་ཚུད་ཀྱི་མེད། དེས་ན་སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་སྦྲོད་ཕལ་སྐད་གོ་བདེ་བའི་རོབ་བཤད་ཀྱིས་ཞུས་ན།
༡༽ སངས་རྒྱས་དཀོན་མཆོག  སངས་རྒྱས་དཀོན་མཆོག་ནི་འཇིག་རྟེན་པའི་ཁ་སྐད་ལྟར་གོ་བདེ་བར་བཤད་ན། ང་ཚོ་ལ་བྱ་བ་འདི་དང་འདི་བྱེད་དགོས། འདི་དང་འདི་བྱེད་མི་རུང་ཞེས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཡང་དག་པ་དང་སྐྱབས་བཅོལ་སའམ་ཕུགས་གཏད་ས་མ་ནོར་བ་འདི་རེད་ཅེས་ངོ་སྤྲོད་དང་ལམ་སྟོན་མཛད་མཁན་གྱི་དགེ་རྒན་ནམ་སྐྱབས་སྟོན་པ་པོ།   དུས་གསུམ་ཅིག་ཅར་དུ་མཁྱེན་ཞིང༌། ཕ་མའི་བརྩེ་བ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་བརྩེ་བ་མཐར་ཐུག་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ནི་སངས་རྒྱས་དཀོན་མཚག་རེད། སངས་རྒྱས་ལ་དགའ་པོ་དང་སངས་རྒྱས་ཀྱིས་གསུངས་པ་ལ་མོས་མཐུན་ཡོད་ན་སྲོག་གཅོད་པ་སོགས་མི་དགེ་བ་བཅུ་སྟེ་ལུས་ངག་ཡིད་གསུམ་གྱིས་གཞན་ལ་གནོད་པའི་བྱ་བ་ངན་པ་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་མི་ཆོག་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་རེད། བཀའ་དེ་ལ་བརྩིས་ནས་དགེ་བའི་ལས་ལ་གང་ཐུབ་ཐུབ་ཀྱིས་འབད་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་དང༌། བཀའ་ཇི་བཞིན་མ་བརྩིས་པར་སྡིག་པའེ་ལས་བྱས་ན་སངས་རྒྱས་བཙོམ་ལྡན་འདས་ལ་སྐྱབས་སུ་སོང་བའི་བསླབ་བྱ་དང་འགལ་བ་རེད།
  སངས་རྒྱས་དཀོན་མཆོག་མཚོན་བྱེད་དུ་སངས་རྒྱས་ཀྱི་འདྲ་སྐུ་སྣ་ཚོགས་བཞེངས་ཏེ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་སངས་རྒྱས་རྗེས་སུ་དྲན་པའི་དད་གུས་ཀྱིས་མཆོད་པ་དང་མཆོད་མེ་འབུལ་བ། དད་པས་ཕྱག་འཚལ་བ་དང་བསྐོར་བ་བྱེད་པ། གསོལ་འདེབས་ཞུ་བའི་སྲོལ་དར་བ་འདིས་རང་གཞན་གྱི་རྒྱུད་ལ་ཞི་བདེ་དང་རེ་བ་གསར་པ་ཞིག་བསྐྲུན་གྱི་ཡོད། སྐུ་འདྲ་ནི་སངས་རྒྱས་དཀོན་མཆོག་མཚོན་བྱེད་རྩ་བ་ཆེ་ཤོས་དང་དགའ་དད་བྱེད་ས་གཙོ་བོ་ཡིན་པས་དེ་དངུལ་དང་བརྗེས་ཏེ་སྐུ་ཚོང་བྱས་ན་སྡིག་པ་ཆེན་པོ་ཡོད།  དེ་བཞིན་དུ་སྐུ་འདྲ་བཅོམ་ནས་མེད་པར་བཟོ་བ་དང༌། སྐུ་ལ་འཕྱ་སྨོད་བྱེད་པ།  སྐུ་རྡོག་བརྫིས་གཏོང་བ།  འགོམ་ཡུག་སོགས་མ་གུས་པ་བྱས་ཚེ་སངས་རྒྱས་དཀོན་མཆོག་ལ་མི་གནོད་ནའང་དད་པ་ཅན་ཚོའེ་སེམས་ལ་འཚེ་ཞིང་གནོད་པས་སྡིག་ཆེན་པོ་་ཡོད། དཔེར་ན། དེང་སང་གི་ཆབ་སྲིད་ཀྱི་འགོ་ཁྲིད་རང་ཉིད་དགའ་ས་དེའི་སྐུ་པར་དང་འདྲ་གཟུགས་མཛེས་པར་སྒྲིག་གཤོམ་བྱས་ཡོད་ན།  དེ་མེད་པར་བཟོ་བ་དང་།  དེ་དངུལ་ལ་བརྗེས་ནས་ཟོས་པ་དང༌། དེ་ལ་བརྙས་བཅོས་དང༌། མ་གུས་པ་བྱས་ཚེ་དེ་ལ་དགའ་པོ་བྱེད་མཁན་གྱི་མི་མང་གི་སེམས་ལ་གནོད་པའི་སྡུག་བསྔལ་གྱི་ཚོར་བ་ཡོང་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལ་མ་གུས་པ་བྱས་ན་དགའ་དད་ཡོད་མཁན་ཚོའི་སེམས་ལ་འཚེ་བ་ཡིན་པས་སྡིག་པ་ཡོད།
འདྲ་སྐུ་ཐམས་ཅད་ཀྱི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འདི་མཆོག་དང་གཙོ་བོ་ཡིན་པས་ཁྱིམ་དང་ལྷ་ཁང་གང་དུ་ཡིན་ཀྱང་སངས་རྐྱས་བཅོམ་ལྡན་འདས་ཀྱི་སྐུ་རྟེན་གྱི་གཙོ་བོ་སྟེ་དཀྱིལ་དུ་བཞུགས་དགོས། སྟོན་པའི་སྐུ་འདི་གཅིག་པུ་ཡོད་ན་སྐུ་ཐམས་ཅད་ཡོད་པའི་གོ་ཆོད་པས་སྐུ་མང་པོ་བཞེངས་མ་ཐུབ་ནའང་འགྲིག  གལ་སྲིད་སྐུ་གཞན་དག་བཞེངས་ཚེ་གཡས་ཕྱོགས་ལ་བླ་སྐུ་ཞིག་བཞེངས། བྱང་སེམས་དང་ཡི་དམ་སོགས་ལྷག་ལྷ་རྣམས་གཡས་གཡོན་གང་བདེར་བཞུགས། མགོན་ཆོས་སོགས་འཇིག་རྟེན་ལས་འདས་པའི་སྲུང་མ་རྣམས་འོག་གི་ཕྱོགས་ཀྱི་གཡས་གཡོན་གང་རུང་དུ་བཞུགས་ཆོག  འཇིག་རྟེན་པའི་སྲུང་མ་རྒྱལ་པོ་དང༌། བཙན།  ཡུལ་ལྷ། གཞི་བདག་སོགས་ཀྱི་སྐུ་དང་ཐང་ཁ་འདྲ་ཡོད་ཚེ་གྲལ་མཇུག་དང་གཡས་གཡོན་གང་རུང་དུ་འཇོག་པ་མ་གཏོགས་སངས་རྒྱས་བཅོམ་ལྡན་འདས་བཞུགས་སའི་མཆོད་བཤམས་དེའི་ནང་དུ་འཇོག་མི་རུང་།
   རྒྱལ་པོ་དང༌། བཙན། ཡུལ་ལྷ་གཞི་བདག་སོགས་འཇིག་རྟེན་པའི་སྲུང་མ་རྣམས་ལ་སྐྱབས་སུ་སོང་ན་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་བསླབ་བྱ་དང་འགལ་བས་ཚེ་ཕྱི་མའི་སྐྱབས་སུ་བསྟེན་མི་རུང༌། འཇིག་རྟེན་པའི་ལྷ་དེ་དག་ལ་ཚེ་འདིའི་གྲོགས་དང་རོགས་པའི་འདུ་ཤེས་ཀྱིས། ཚེ་འདིའི་ཁ་འཛིན་དང༌། རྒྱབ་བརྟེན། བསམ་དོན་བཞིན་ལས་བཞིའིོ་འཕྲེན་ལས་སྒྲུབ་མཁན་གྱི་གདོང་གྲོགས། ཉིན་གསུམ་གྱི་བྱ་ར་དང་མཚན་གསུམ་གྱི་མེལ་ཚེ་བྱེད་མཁན༌གྱི་གྲོགས་བློས་ཐུབ་ཅིག་ཡིན་སྙམ་པའི་ཡིད་ཆེས་བློ་འགེལ་གྱིས་ཚེ་འདིའི་རེ་བ་བཅོལ་ནས་གསོལ་མཆོད་བྱས་ན་ཚེ་འདིའི་ཆོས་མཐུན་མཐུན་གྱི་བྱ་བ་འགའ་ཤས་འགྲུབ་ཐུབ།
༢ ༽ ཆོས་དཀོན་མཆོག   ཆོས་དཀོན་མཆོག་ནི་འགོག་པ་དང་ལམ་གྱི་བདེན་པས་བསྡུས་པ་སྟེ། འཇིག་རྟིན་པའི་ཁ་སྐད་ལྟར་གོ་བདེ་བར་བཤད་ན། སངས་རྒྱས་བཅོམ་ལྡན་འདས་བརྩེ་བ་བླ་ན་མེད་པ་དང་ལྡན་པ་དེས་ལམ་ནོར་བ་དང་ལམ་ངན་པ་ལས་སྐྱོབ་པར་བྱེད་པའི་གདམས་ངག་ཇི་ལྟར་གནང་བ་བཞིན་ཉམས་སུ་བླངས་པ་ལས་ལུས་ངག་ཡིད་གསུམ་གྱི་སྐྱོན་ཕྲ་རགས་གང་རུང་མེད་པར་བཟོས་པའི་ཆ་སྟེ་འགོག་པ་དང༌། ཡོན་ཏན་གྱི་ཆ་ཐམས་ཅད་ཡོངས་སུ་རྫོགས་པར་སྒྲུབ་བྱེད་ཀྱི་ཐབས་སམ་མཁྱེན་པའི་བདགཉིད་ཅིག་ལ་ཆོས་དཀོན་མཆོག་ཟེརར།  དེས་ན་ཆོས་དཀོན་མཆོག་ནི་རང་གཞན་ཀུན་ཚེ་ཕྱི་མའི་ངན་སོང་གི་སྡུག་བསྔལ་ནས་བཟུང་འཁོར་བའི་གཡང་ས་ཆེ་ཕྲ་ཐམས་ཅད་ལས་སྐྱོབ་པར་བྱེད་པའི་སྐྱབས་གནས་ངོ་མ་འདི་གཅིག་པུ་ཡིན་པས་ཆོས་དཀོན་མཆོག་ནི་སྐྱབས་དངོས་ཡིན།
   ཆོས་དཀོན་མཆོག་མཚོན་བྱེད་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་བསླབ་བྱ་བོད་སྐད་དུ་བསྒྱུར་བའི་སངས་རྒྱས་ཀྱི་བཀའ་ལ་བཀའ་འགྱུར་དང༌། དེའི་འགྲེལ་པ་རྒྱ་གར་གྱི་མཁས་པས་བརྩམས་པའི་བསྟན་བཅོས་བོད་སྐད་དུ་བསྒྱུར་བ་ལ་བསྟན་འགྱུར་ཏེ་བཀའ་བསྟན་འགྱུར་དང༌། བོད་ཀྱི་མཁས་པས་བརྩམས་པའི་ཕྱག་དཔེ་རྣམས་ཆོས་དཀོན་མཆོག་མཚོན་བྱེད་ཡིན། བཀའ་བསྟན་འགྱུར་གྱིས་མཚོན་པའི་དཔེ་ཆ་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་ཀྱིས་མཆོད་གཤོམ་དུ་བསྒྲིགས་ཏེ་ཆོས་དཀོན་མཆོག་རྗེས་སུ་དྲན་ནས་དེ་ལ་ཕྱག་འཚལ་བ་དང༌། བསྐོར་བ་བྱེད་པ། མཆོད་པ་འབུལ་བ་དང༌། དག་སྒྲོག་བྱེད་པ། ཁ་འདོན་བྱེད་པ། གསུང་རབ་དཔེ་ཆ་དེ་ཚོའི་ནང་དོན་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་སྦྱོང་བྱས་ཏེ་ཤེས་རེས་བཞིན་ལག་ལེན་དུ་བསྟར་ནས་ཆོས་དཀོན་མཆོག་རང་རྒྱུད་ལ་ཨེ་སྐྱེ་བལྟས་ཏེ་ཉམས་སུ་ལེན་པ།  ཚུལ་ཁྲིམས་སྲུང་བ། གཞན་ལ་ཕན་པ་དང་སྙིང་ནས་བརྩེ་བ་བྱེད་པ། འཚེ་བ་སྤོང་བ་དང༌།  ཡ་རབས་སྤྱོད་བཟང་ལ་གང་ཐུབ་ཀྱིས་འབད་པ། ཐ་ན་སྐྱབས་འགྲོ་དང་གཟུངས་སྔགས་ཡིག་དྲུག་སོགས་བྱེ་བ་ས་ཡ་མང་པོའི་གྲངས་གསོག་བྱེད་པ་སོགས་སྒོ་སྣ་ཚོགས་པས་ཆོས་ལ་འབད་བརྩོན་བྱས་ན་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བ་ཡིན། འབུ་སྲིན་ནས་བཟུང་སེམས་ཅན་གཞན་ལ་འཚེ་བའི་ལས་བྱས་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསླབ་བྱ་དང་རྒྱབ་འགལ་ཡིན་པས་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་བསླབ་བྱ་དང་འགལ་བ་ཡིན།
  དོན་ཟབ་མོ་སྟོན་པའི་གསུང་རབ་ཀྱི་ཕྱག་དཔེ་རྣམས་ཆོས་དཀོན་མཆོག་མཚོན་བྱེད་ཡིན་པས་དངུལ་དང་བརྗེས་ནས་དཔེ་ཚོང་བྱས་ན་སྔིག་པ་ཆེན་པོ་ཡོད།  དེ་བཞིན་དུ་ཕྱག་དཔེ་ལ་ན་བཟའ་མེད་པ་དང༌།ས་རྗེན་པར་འཇོག་པ། དཔེ་ཆའི་ནང་དོན་ཕྱིན་ཅི་ལོག་ཏུ་འགྲེལ་བ། བདག་མེད་ཆུད་ཟོས་སུ་གཏོང་བ། འགོམ་ཡུག་སོགས་མ་གུས་པ་བྱས་ན་སྡིག་པ་ཆེན་པོ་ཡོད། དཔེར་ན།  དེང་སྐབས་རང་ཉིད་དགའ་སའི་འགོ་ཁྲིད་ཀྱི་གཏམ་བཤད་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡིག་ཆ་སོ་གས་ལ་མི་འདོད་པ་བྱས་པའམ་དོན་ལོག་པར་འགྲེལ་བ་དང༌། མ་གུས་པ་སོགས་བྱས་ན་དགའ་མཁན་ཚོའི་སེམས་ལ་འཚེ་བའི་སྡུག་བསྔལ་བསྐྱེད་པ་བཞིན་ཆོས་ལ་དགའ་མཁན་ཚོའི་སེམས་ལ་གནོད་པའི་སྡུག་བསྔལ་ཡོང་བས་སྔིག་པ་ཡོད། ཁྱིམ་མམ་ལྷ་ཁང་ལྟ་བུར་གསུང་རྟེན་ཕྱག་དཔེ་རྣམས་སྒྲིག་པའི་སྐབས་སྐུ་འདྲའི་དབུའི་ཐོད་དམ་སྐུ་འདྲའི་གཡས་གཡོན་གང་རུང་དུ་བསྒྲིགསན་འགྲིག  སྐུ་འདྲའི་འོག་ཏུ་ཕྱག་དཔེ་འཇོག་མི་རུང༌།
༤༽ དགེ་འདུན་དཀོན་མཆོག   དགེ་འདུན་དཀོན་མཆོག་ནི་སྔར་བཤད་པའི་ཆོད་དཀོན་མཆོག་སྐབས་ཀྱི་འགོག་ལམ་གང་རུང་རྒྱུད་ལ་ལྡན་པའི་གང་ཟག་ཅིག་ལ་ཟེར།  སྤྱིར་དགེ་འདུན་ལ་སོ་་སོ་་སྐྱེ་བོའི་དགེ་འདུན་དང༌། འཕགས་པ་སློབ་པའི་དགེ་འདུན། མི་སློབ་པའི་དགེ་འདུན་དང་གསུམ་ཡོད་ཀྱང་འདིར་དགེ་འདུན་པ་ཞེས་པ་འཇིག་རྟེན་གྱི་ཁ་སྐད་ལྟར་གོ་བདེ་བར་བཤད་ན། དགེ་བ་ནི་ཐར་པ་མྱང་འདས་སམ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ངན་པ་ཕྲ་རགས་རྣམས་ཆོས་དང་མཐུན་པར་ལེགས་པར་བཅོ་པ་པའམ་སྤངས་པ་ལ་འདུན་པ་སྟེ་བསམ་ཚུལ་གཅིག་མཚུངས་ཡོད་ཡོད་མཁན་གྱི་བློ་མཐུན་པ། སྐྱབས་སྒྲུབ་པའི་གྲོགས་ཏེ་ཆོས་བཞིན་དུ་བྱེད་པའི་ཆོས་གྲོགས་སམ་རོགས་པ་སྟེ་ཁ་མིག་ཡར་བལྟ་བྱེད་ས་དེ་དག་ལ་དགེ་འདུན་པ་ཟེར། དེས་ན་དགེ་འདུན་པ་ནི། རང་བཞིན་དྲང་བས་རྫུན་མི་བཤད་པ། བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན་ཡིན་པས་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལ་འཚེ་བ་མེད་པ། ཚིག་རྩུབ་དང་ངག་ཀྱལ་མི་སྨྲ་བས་ངག་འཇམ་ཞིང་དོན་མེད་པའི་སྨྲ་བ་ཉུང་བ། ཡ་རབས་སྤྱོེད་བཟང་ཅན། སྦྱོད་ལམ་ནི་ཞི་ཞིང་དུལ་བས་ངོ་ཚ་ཁྲེལ་ཡོད་དང་ལྡན་པ། རང༌གི་ལུས་ངག་ཡིད་གསུམ་ཆོས་དང་མཐུན་པར་བྱེད་པ་མ་ཟད།  གཞན་སྦྱིན་བདག་མི་སྐྱ་ཕོ་མོ་ཚོའི་ཀུན་སྤྱོད་ཆོས་དང་མཐུན་པར་འཁྲིད་མཁན་གྱི་གྲོགས་པོ་སྟེ་ཡིད་ཆེས་བྱེད་ཆོག་ས་དང་དེའི་རྗེས་སུ་འགྲོ་ཆོག་སའི་རོགས་པ་བཟང་པོ། ཚེ་འདིའི་དོན་དང་རང་དོན་སྒྲུབ་རྒྱུ་ཉུང་བས་རྟག་ཏུ་དབེན་པ་སྟེ་དགོན་པར་བཞུགས་པ་ལ་དགའ་བ།  ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ནི་དད་པའི་ཡུལ་དང་ཕྱག་བྱ་བའི་འོས་སུ་གྱུར་པ་ཞིག་ལ་དགེ་འདུན་ཟེར། རང་ཉིད་ཀྱིས་དགེ་འདུན་པ་དེ་དག་དང་གང་མཐུན་མཐུན་གྱི་ཡ་རབས་སྤྱོད་བཟང་བྱས་ན་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བ་ཡིན།
   ཆོས་ཁས་མི་ལེན་པའི་ལྟ་ལོག་ཅན་དང་ཆང་དང་ཐ་མ་ཁ་སོགས་དུག་རྫས་སྤྱོད་མཁན། རྐུ་ཇག་ཁྲམ་གསུམ་བྱེད་མཁན། གཞན་ལ་འཚེ་བའི་ལས་བྱེད་མཁན། དམ་ཚིག་ཉམས་པ་དང༌། དད་ལོག་ཅན་སོགས་སྡིག་པའི་གྲོགས་པོ་སྟེ་གྲོགསའ་པོ་ངན་པ་དེ་དག་གི་རྗེས་སུ་འབྲངས་ན་སྤྱོད་ལམ་ངན་པ་རང་བཞིན་གྱིས་འགོ་བར་གྱུར་བས་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བའི་བསླབ་བྱ་དང་འགལ་བ་ཡིན། ཐ་ན་ལྷན་པ་དམར་སེར་ཚུན་ཆད་ལའང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་ཀྱིས་འགོམ་་ཡུག་མི་ཉན་པར་གསུངས་པས་དེ་སྔོན་ཡུལ་དབུས་སུ་གོས་དམར་སེར་གཉིས་ཁྱིམ་པ་སྤྱི་དང་ལྷག་པར་བུད་ཀྱིས་གྱོན་མི་རུང་ཞེས་པའི་ཡུལ་ཁྲིམས་ཀྱང་བཟོས་མྱོང་ཡོད།
 དེས་ན་དཀོན་མཆོག་གསུམ་ལ་གུས་པ་དང་མོས་པ་ཡོད་ཕྱིན་ཆད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོ་ང་བའི་སོ་སོའི་བསླབ་བྱ་དེ་དག་དང་མ་འགལ་བའི་གཞན་ཕན་གྱི་སྦྱོད་ལམ་ཡག་པོ་ཞིག་བྱེད་དགོས་པ་འདི་དམ་པའི་ལྷ་ཆོས་ཡིན་པར་མ་ཟད།  མི་ཆོས་གཙང་མ་བཅུ་དྲུག་གི་དང་པོ་ཡིན་པས། བོད་མི་ཞིག་ཡིན་ཕྱིན་མི་ཆོས་འདི་ལག་ལེན་དུ་བསྟར་ན་ཡུལ་ཕྱོགས་ལ་ཞི་བདེ་ཡོང་བར་ཕན་རླབས་ཆེ།
·གསར་འགྱུར་གོང་མ:མི་ཆོས་གཙང་མ་བཅུ་དྲུག
·གསར་འགྱུར་འོག་མ:ཕ་མས་ལོ་ན་བཅུ་གསུམ་མན་གྱི་བྱིས་པར་ཤུཊ་རྐྱེན་ཐེབས་ཚུལ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·མི་ཆོས་ལས་འཕྲོས་པའི་བསླབ་བྱ་ 2015/12/1 14:15:34
·དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། 2015/1/17 11:39:30
·མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི། 2014/4/1 10:52:59
·མི་ཆོས་ལྔ་པ། རིཊ་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། 2012/2/13 10:35:53
·མི་ཆོས་བཞི་པ། ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ། 2012/2/6 15:33:49
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 9:35:19 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:47:27 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:01:45 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS