ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

མི་ཆོས་གཉིས་པ། དམ་པའི་ཆོས་བཙལ་ཞིང་སྒྲུབ་པ།

[རྩོམ་པ་པོ:ཀིརྟི་བློ་བཟང་བསྟན་འཛིན་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/1/23 16:33:51  བཀླགས་ཐེངས:1226][ཡིག་གཟུགས:ཡིག་གཟུགས་མདོག]
མི་ཆོས་གཉིས་པ། དམ་པའི་ཆོས་བཙལ་ཞིང་སྒྲུབ་པ།

ཀིརྟི་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ།

དམ་པའི་ལྷ་ཆོས་ཏེ་སེམས་ཅན་དུད་འགྲོ་འབུ་སྲིན་ནས་བཟུང་རང་གཞན་སེམས་ཅན་ཐམས་ཅད་ལ་ཕན་བདེ་ཁོར་ན་སྒྲུབ་པའི་ཆོས། སྦྱོད་པ་འཚེ་བ་མེད་ཅིང༌། ཞི་བདེའི་ལམ་སྟོན་པ། ཚེ་འདི་ཕྱི་གཉིས་དང་ལྷག་པར་ཚེ་རབས་གཏན་གྱི་བདེ་བ་སྦྱིན་བྱེད། དངོས་ཡོད་གནས་ཚུལ་ཇི་ལྟ་བ་བཞིན་ཁས་ལེན་པས་ཚན་རིག་དང་མཐུན་པའི་ལྷ་ཆོས་ཏེ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བཙལ་བ་སྟེ་བསླབས་ནས་ཆོས་སྒྲུབ་དགོས།  ལུས་ཀྱི་སྒོ་ནས་སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ་གསུམ་སྤོང་བ།  ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་སྤོང་བ། ཡིད་ཀྱི་སྒོ་་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྤོང་བ་སྟེ་དགེ་བ་བཅུ་བློ་ཚོད་མཐོ་དམན་དང་འཚམས་པར་སྤྱོད་ལམ་ཅི་འདྲ་བས་ཉམས་སུ་ལེན་པའི་ཚུལ་ཤེས་པར་བྱེད་པ་ལ། དེའི་མི་མཐུན་ཕྱོགས་ལུས་ཀྱི་མི་དགེ་བ་གསུམ་ནི།
སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ།  ངག་གི་མི་དགེ་བ་བཞི་ནི། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱི་མི་དགེ་བ་གསུམ་ནི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་སྤང་བྱ་འདི་བཅུ་པོ་རེ་རེ་བཞིན་སྤོང་བའི་ཚུལ་ཤེས་པའི་ཆེད་དུ་དག་གི་དོན་སྟོན་པའི་ཡི་གེ་སྟེ་དཔེ་ཆ་ཡང་ཡང་ཀློག་ནས་བློ་ལ་ངེས་སུ་འཇུག་པ་དང༌།  དེ་དག་གི་དོན་འགྲེལ་བཤད་གནང་མཁན་གྱི་དགེ་རྒན་ནམ་བླ་མ་ཞིག་བསྟེན་ནས་བསླབ། གང་ཤེས་པ་དེ་རེ་རེ་བཞིན་ལག་ལེན་དུ་བསྟར་ནས་དམ་པའི་ཆོས་སྐྲུབ་དགོས།  ལྷག་པར་དུས་ཆེན་སོ་སོའི་སྐབས་མི་མང་ཚོགས་དུས་ཆོས་ཀྱི་ངོ་སྤྲོད་གནང་མཁན་བླ་མ་དགེ་བཤེས་རེ་གདན་དྲངས་ནས་བློ་ཚོད་དང་མཐུན་པའི་ཆོས་ཀྱི་ནང་དོན་རེ་བསླབས་ཏེ་ཨེ་ཤེས་བལྟ་རྒྱུ་འདི་ཤིན་ཏུ་ནས་གལ་ཆེ།  དེས་ན་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་བསླབ་བྱ་ཇི་ལྟ་བ་བཞིན། རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ལྷ་ཆོས་དགེ་བ་བཅུ་དང་མཐུན་པར་བཅོས་པའི་ཚུལ་ལེགས་པར་ཤེས་པར་བྱས་ཏེ་གཞན་ཕན་གྱི་ལས་ལ་གང་ཐུབ་ཐུབ་ཀྱིས་འབད་ནས་དམ་པའི་ཆོས་བསྒྲུབ་དགོས་པ་ནི་མི་ཆོས་གཙང་མ་བཅུ་དྲུག་གི་གཉིས་པ་ཡིན།
·གསར་འགྱུར་གོང་མ:སློབ་ཆུང་སྐད་ཡིག་སློབ་དེབ་དང་འཁྲིད་ཐབས་ཀྱི་དཔྱད་གླེང་ཚོཊ་འདུ།
·གསར་འགྱུར་འོག་མ:རྒྱ་ནག་གི་ལོ་སར་ལ་བཀྲ་ཤིས་བདེ་ལེཊ་ཞུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:47:22 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:43:28 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:41:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS