ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
གསར་འགྱུར་ཀློག་པ།

༼ཁ་བའི་མེ་ཏོག་དྲ་ཚིགས།

[རྩོམ་པ་པོ:རྒྱལ་སྲས།  ཡོང་ཁུངས:ཁ་བའི་མེ་ཏོག  དུས་ཚོད:2012/1/24 11:50:50  བཀླགས་ཐེངས:1221][ཡིག་གཟུགས:ཡིག་གཟུགས་མདོག]

རེབ་གོང་ཁ་བའི་མེ་ཏོག་དྲ་ཚིགས།

མི་ཁོམ་པའི་རྒྱལ་སྲས།

ཁ་བའི་མེ་ཏོག་དྲ་ཚིགས།

ང་ནི་གང་གི་ལྟེ་ཁྲག་འཕོས་སའི་ཙན་དན་ལྗོན་པར་སྙེས་ནས་ཡོད།།
ཕ་སྐད་བོར་བའི་སྦྲ་ཁྱིམ་ཞིག་ན་དབྱངས་གསལ་ངག་ལ་གྱེར་ནས་ཡོད།།
ཁང་མིག་ཞིག་ནས་དྲ་རྒྱ་ཉུལ་ཏེ་བོད་ཁམས་ཧྲིལ་བོ་གླེང་གིན་ཡོད།།
ཆོས་ཀྱི་པོ་ཏིའི་བཙན་རྫོང་ནང་ན་འདོད་ཡོན་རྩེད་ཆས་བསྒྲིགས་ནས་ཡོད།།

http://www.qhrgkwmd.com/

——དྲ་བར་འཇུག་པ་ནི་གཏེར་ཁ་སློག་པ་དང་འདྲའོ།།

དྲི་མེད་ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་ཁོ་བོས་ཐོག་མར་༼བཀྲ་ཤིས་བདེ་ལེགས།༽ཞེས་པའི་ཡིག་འབྲུ་བཞི་བོ་འདིས་༼ཁ་བའི་མེ་ཏོག་དྲ་ཚིགས་༽མི་ཡུལ་དུ་བལྟམས་པར་དགའ་བསུ་དང་རྒྱབ་སྐྱོར་གྱིས་ཁ་གཡང་བོས་པ་ཡིན།
ངས་སེམས་གཏིང་ནས་དགའ་བསུ་དང་རྒྱབ་སྐྱོར་བྱེད་པའི་རྒྱུ་མཚན་ནི་རྒྱལ་ཁབ་དང་མི་རིགས་གཞན་དང་གཞན་དག་ནི་ཆ་འཕྲིན་གྱི་ལམ་ཁར་ཞུགས་ཏེ་ཡུན་རིང་འགོར་ནའང་འུ་ཚང་དུས་རབས་ཉེར་གཅིག་པའི་ནང་དུ་ད་བཟོད་འཛམ་གླིང་གི་མི་དག་གི་ལྟག་རྒྱབ་ན་ཆ་འཕྲིན་མཛེས་མའི་ལང་ཚོར་མིག་དབང་ཤོར་བའི་སྒང་ཡིན་འདུག  འདི་འདྲའི་གནས་སྐབས་ནི་ཕོ་མོ་ཟུང་ཐོག་མར་བརྩེ་དུང་གི་ལམ་ཁར་ཞུགས་པ་ལྟར་ཧ་ཅང་མོས་གུས་ཤུགས་དྲགས་ཀྱི་གནས་སྐབས་ཡིན་པས་ང་ཚོར་མཚོན་ན་སྐོམ་པ་ཆུ་འདོད་བཞིན་དུ་ཇི་འདྲའི་མཁོ་ཨང་། དྲ་ཚིགས་ནི་གྲུ་གཟིངས་དང་འདྲ་བར་ང་ཚོ་མཐའ་ཡས་པའི་ཤེས་རིག་གི་རྒྱ་མཚོ་ཆེན་པོར་འཁྲིད་པར་བྱེད་ངེས་ཏེ་འཛམ་གླིང་གི་གནས་ཚུལ་ཡོད་ཚད་དང་མིའི་རིགས་ཀྱི་བསམ་འདུན་དང་ཧམ་སེམས་ཀྱི་གཏིང་ཟབ་དག་ལའང་འདི་ནས་རྒྱུས་ལོན་བྱེད་ཐུབ།
༼དྲ་ཚིགས་ནི་དུས་ནམ་ཡང་ཉེ་འཁོར་གྱི་གྲོས་འདྲི་བྱེད་ས་ཡིན་པས་དྲ་ལམ་བརྒྱུད་རང་ཉིད་ཀྱིས་ཧ་མི་གོ་བའི་དྲི་བ་མང་པོ་ཞིག་ལ་དུས་གཅིག་ཏུ་ལན་གདབ་ངེས་ཡིན། འདིས་རྣམ་ཀུན་རང་ཉིད་ལ་མཁོ་བའི་ཤེས་བྱ་རྣམས་སྤྲད་ཐུབ་པ་མ་ཟད། རང་ཉིད་ཀྱི་བློ་འདོད་ལྟར་གྲོས་འདྲི་བྱེད་པའི་ཁ་གྲངས་ཡང་སྐོར་བསྐྱར་སྐོར་བྱ་ཆོག༽ དེ་བས་དྲ་ཚིགས་འདི་དང་འདི་ལྟ་བུ་ངེས་པར་མཁོ་གལ་ཆེ་བས་ན་ངས་ཁ་བའི་མེ་ཏོག་གངས་རིའི་མགུལ་ནས་བཞད་པར་སེམས་གཏིང་ནས་སྔགས་བརྗོད་དང་ལག་ཟུང་གིས་ཕེབ་རྡོབ་ལན་བརྒྱར་བྱས་པ་ཡིན།  དཔེ་དེབ་ནི་མིའི་རིགས་ཡར་རྒྱས་འགྲོ་བའི་སྐས་རིམ་ཞིག་ཡིན་ཟེར་བ་ནང་བཞིན་དྲ་ཚིགས་ཀྱང་དེ་ལས་མ་འདས་པས་ན་ང་ཚོ་མཉམ་དུ་ཐེམ་སྐས་འདི་བརྒྱུད་དེ་ཤེས་རིག་ཕོ་བྲང་དུ་བགྲོད་དགོས། ང་ཚོས་མཉམ་རུམ་གྱིས་དྲ་ཚིགས་དང་འདི་འདྲ་བརྒྱུད་དེ་རྩོམ་རིག་གི་དབུ་འཕང་དགུང་དུ་བསྟོད་དགོས། ང་ཚོ་ཡང་དུས་རབས་དང་མཉམ་དུ་མདུན་དུ་བསྐྱོད་དགོས་པས་དྲ་ཚིགས་འདི་དག་བརྒྱུད་དེ་འཛམ་གླིང་མི་མང་གི་གསེང་དུ་འཛུལ་དགོས། ཆ་འཕྲིན་གྱི་དུས་རབས་ནང་དུ་ཆ་འཕྲིན་གྱི་ལས་དོན་སྒྲུབ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་མཐོང་ནས། ཨའེ་དབྱིན་སི་ཐན་གྱིས། ངས་སྒྲུབ་ཡས་ནི་རང་ཉིད་ཀྱི་སྙིང་སྟོབས་འབའ་ཞིག་ལ་བརྟེན་ནས་བདེན་དོན་དང་དྲང་བདེན་གྱི་ཆེད་དུ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། དེར་གཞན་གྱིས་མོས་གུས་མ་ཐོབ་ནའང་འགྱོད་པ་གཏན་ནས་མི་འདུག ཟེར་བའི་གདམས་ངག་འདི་འདྲ་དྲ་བདག་ཁོང་ལ་སྔོན་མ་ནས་བསམ་བློའི་གཏིང་མཐིལ་ན་མར་ཁུ་བཞིན་འཁྱིལ་ནས་ཡོད་པའང་ཞོར་ལ་ཤེས་ཡོང་། གཞན་༼ངས་ད་ལྟ་དགོས་ངེས་ཀྱི་བྱ་བཞག་ཅིག་སྤེལ་བཞིན་ཡོད་པ་དང་མི་རྣམས་ཀྱིས་ངའི་ལས་ཀར་སྒུག་བསྡད་ཡོད་པས་ངས་ཕྱིས་འབྱུང་མི་རྣམས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན། ཟེར་བའི་སྙིང་སྟོབས་དང་དམ་བཅའ་བརྟན་པོ་འདིས་༼ད་ལྟ་ངས་དགོས་ངེས་ཀྱི་བྱ་བཞག་ཅིག་སྒྲུབ་དང་སྒྲུབ་བཞིན་ཡོད་སྙམ་པ་བསམ་བློ་འདི་འདྲ་མཐའ་འཁྱོངས་ཡོང་བ་བྱ་དགོས༽ཞེས་པ་༼དམ་པ་དག་གིས་ཁས་འཆེ་མི་བྱ་ཞིང་།།གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན།།རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་དུ།།ནམ་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།།༽གསུངས་པ་ནང་བཞིན་ཁུར་བརྩོན་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད། ༼ས་ཏི་ཡིས། ཤེས་ཡོན་ལྡན་པའི་མིས་ལག་ལེན་མ་བྱས་ན་དེ་ནི་བུང་བས་སྦྲང་རྩི་མི་གསོག་པ་དང་འདྲའོ།༽ཟེར་བ་ལྟར་ལག་ལེན་དུ་བསྟར་ཐུབ་པ་ནི་ལས་སླ་བོ་ཞིག་མིན་པ་རིག་པ་དྭངས་མོ་ཅན་གྱི་མི་ཞིག་ཡིན་ཕྱིན་ཅིས་ཀྱང་ངེས་ཤེས་འདྲོངས་ཐུབ།༼མི་ཚེ་ལ་ཚད་ཡོད་ཅིང་། ཤེས་རིག་ལ་ཚད་མེད། ང་ཚོས་ཡོད་པའི་ལང་ཚོ་དམ་འཛིན་བྱས་ཏེ་དྲ་ཚིགས་ཀྱི་ལམ་ཁ་བརྒྱུད་དེ་ཚད་མེད་པའི་འཛམ་གླིང་གི་ཤེས་རིག་སྣ་མང་སྦྱང་དགོས།༽དྲ་ཚིགས་ཀྱི་ཤེས་བྱ་ནི་འཛམ་གླིང་གི་ཤེས་བྱ་ཡིན་པས་སྔོན་མ་ནང་བཞིན་སྟབས་བདེ་དང་བག་འཁུམས་ཀྱིས་སྡོད་མི་ཐུབ་པའི་གནོན་ཤུགས་ཤིག་དུས་རབས་དང་སྤྱི་ཚོགས་ཀྱིས་དེད་ནས་ཡོང་གིན་ཡོད་པས་ན་ང་ཚོ་ད་དུང་གོ་ལ་ཟླུམ་པོ་འདིའི་སྒང་དུ་མི་རབས་འགའ་ཤས་ལ་རྒྱུན་མར་འཚོ་དགོས་ན་ངེས་པར་དུ་དྲ་བའི་རིག་གནས་སྦྱང་དེ་མིའི་བསམ་པའི་གོ་རྟོགས་མཐོར་འདེགས་སུ་གཏོང་བར་འབད་དགོས།  མི་སྡར་མའི་མཐོང་སྣང་ལ་འཇིག་རྟེན་འཚོ་བར་སྙིང་བོ་གང་ཡང་མེད་པར་མངོན་ཀྱང་ང་ཚོས་རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་གཏོང་བའི་དུས་སྐབས་མིན་པའང་ཤེས་དགོས། འགབ་ཏུ་དོན་གནད་རྡོག་རྡོག་གི་ཚུལ་དུ་བཤད་ན་དྲ་ཚིགས་ཤིག་གཉེར་བ་ནི་བོད་སྐད་ཡིག་གི་སྲོག་ཤིང་ལ་གསེར་ཟངས་ཀྱི་ཐུམས་བརྒྱབ་པ་དང་འདྲ་བས་རིགས་ཞེན་པ་ཚོ་ཤུ་རེ་བྱོས་ཞེས་པ་དང་ཆབས་ཅིག་ཁ་བའི་མེ་ཏོག་དྲ་ཚིགས་གཙོས་བོད་ཀྱི་དྲ་ཚིགས་ཡོངས་ཀྱི་དབང་ཐང་རླུང་རྟ་ཡར་ཟླའི་དཔལ་ལ་སྤྱོད་པར་ཤོག་ཅིག་གུ།

ཞལ་དྲོ།

·གསར་འགྱུར་གོང་མ:རྒྱ་ནག་གི་ལོ་སར་ལ་བཀྲ་ཤིས་བདེ་ལེཊ་ཞུ།
·གསར་འགྱུར་འོག་མ:ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:57:42 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:14:09 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:44:10 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS