ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ།

[རྩོམ་པ་པོ:པཎ་ཆེན་རིན་པོ་ཆེའི་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/1/26 7:10:11  བཀླགས་ཐེངས:1449][ཡིག་གཟུགས:ཡིག་གཟུགས་མདོག]
ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ།

ང་ཚོ་བོད་མི་རིགས་རང་ལ་མཚོན་ན་མི་ཆོས་གཙང་མ་བཅུ་དྲུག་དང་གོམས་གཤིས་བཟང་པོ་ཧ་ཅང་གི་མང་པོ་ཡོད་རེད། དེ་ཡང་ཁྱིམ་ཚང་གཅིག་ལ་མཚོན་ན། ཕ་མ་ལ་ཞབས་ཞུ་ཡག་པོ་ཞུ་ཡས་དང༌། ཁ་ལག་དྲག་པ་ཞིག་ཡོད་ན་ཕ་མ་ལ་སྤྲད། གོན་རྒྱུ་ཡག་པོ་ཞིག་ཡོད་ན་ཡང་ཕ་མ་ལ་གོན་དུ་བཅུག  དེ་འདྲ་བྱེད་རྒྱུའི་སྤྱོད་པ་བཟང་པོ།  བཟའ་ཚང་གི་བར་ལ་འགྲིག་པོ་མཐུན་པོ་བྱས་ནས་བུ་ཚ་ཚོ་ལ་ཡིན་ན་ཡང་སློབ་གྲྭ་ཡག་པོར་བསྐྱལ་ནས་ཡ་རབས་ཀྱི་སྤྱོད་པ་ལོབ་ཏུ་བཅུག  བུ་ཚ་ཚོ་ཆུང་དུས་ནས་ཀྱང་ཡ་རབས་ཀྱི་སྤྱོད་པ་ཡོད་མཁན། སློབ་སྦྱོང་ལ་དགའ་བ། ངལ་རྩོལ་ལ་དགའ་བ། དེ་ནས་ཕན་ཚུན་གཅིག་གཅིག་ལ་འགྲིག་པོ་མཐུན་པོ་བྱེད་པ། མིའི་དཀའ་ངལ་ཁག་པོ་ཡོད་པ་ལ་རོགས་པ་བྱེད་རྒྱུར་དགའ་བ། རྐུ་མ་མི་རྐུ་བ། ཆང་མི་འཐུང་བ། ཐ་མག་མི་འཐེན་པ། ཕ་མས་བཤད་པའི་ཁ་ལ་ཉན་པ།  སློབ་གྲྭ་རུ་དགེ་རྒན་ལ་བརྩི་འཛོག་ཡོད་པ། སྤྱི་ཚོགས་ཀྱི་ཐོག་གི་མི་རྒན་པ་དང་མི་ཡོན་ཏན་ཅན་ལ་བརྩི་འཇོག་ཡོད་པ། སྒྲིག་ལམ་ཡོད་པ་དེ་འདྲ་བྱེད་པ་རེད། དེ་འདྲ་མི་བྱེད་པར་ཕྲུ་གུ་དེ་ཚོ་དེ་གར་ཕར་སྐྱག་ལང་བཏང༌། ད་ཆ་སྤྱི་ཚོགས་ཐོག་ལ་ཕྲུ་གུ་ཆུང་ཆུང་དེ་འདྲས་ཐ་མག་དེ་འདྲ་འཐེན་ནས་དཀྲུགས་ར་དེ་འདྲ་སྒྲུག  ཆང་འཐུང༌། རྒྱག་རེས་བརྒྱབ། རྐུ་མ་བརྐུས། དེ་ཚོའི་གྲས་གཞུག་མ་ཡར་ཆེ་རུ་ཆགས་སོང་ན་མི་འཁྱམས། ཁྲམ་རྒན། རྐྱང་ཡན་ལ་འགྲོ་གི་རེད་པ། དེ་འདྲ་སོང་ཙང་ཕ་མ་ཚོས་སོ་སོའི་ཕྲུ་གུ་ལ་ཆུང་དུས་ནས་བསླབ་བྱ་རྒྱག་དགོས། དེ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན། དེའི་ཐོག་ལ་ཕྲུ་གུ་ཚོ་ལ་ཡོན་ཏན་ཡག་པོ་སྦྱང་དུ་བཅུག ལྷག་པར་དུ་ང་ཚོ་བོད་རང་གི་བོད་ཡིག་དེ་ཡག་པོ་སྦྱངས། དེའི་རྨང་གཞིའི་ཐོག་ནས་རྒྱ་སྐད་རྒྱ་ཡིག་ཡག་པོ་སྦྱངས། དེ་ནས་དེང་སྐབས་ཚན་རིག་གི་རྩིས་ཀྱི་རིག་པ། དངོས་ཁམས་རིག་པ། རྫས་སྦྱོར་རིག་པ་ལ་སོགས་པ། གཞན་ཡང་ཆབ་སྲིད་དང༌། ལོ་རྒྱུས་དང༌། ཁྲིམས་ལུགས་ལ་སོགས་པ་ཡོན་ཏན་རྣམ་པ་སྣ་ཚོགས་ལ་སྦྱངས་ནས་ང་ཚོ་བོད་མི་རིགས་འདི་ཉིད་ཡར་རྒྱས་གོང་འཕེལ་དུ་འགྲོ་རྒྱུའི་དམིགས་ཡུལ་ཡག་པོ་ཡོང་བ། རང་རེའི་བོད་མི་རིགས་འདི་ཉིད་ཆབ་སྲིད་ཀྱི་ཐོག་ཏང་གི་ཐུགས་རྗེ་ལ་བརྟེན་ནས་འདྲ་མཉམ་ཡག་པོ་བྱུང་ཡོད་ཀྱང༌། དཔལ་འབྱོར་དང་རིག་གནས་ཀྱི་ཐོག་ནས་རྗེས་ལུས་ཐེབས་ནས་སྔོན་ཐོན་མི་རིགས་ཀྱི་རྗེས་མ་ཟིན་པ་དེ་འདྲའི་གནས་ཚུལ་ཡོད་རེད། རྣམ་པ་འདི་ཉིད་བསྒྱུར་བའི་ཕྱིར༌། ཚང་མས་སེམས་ཐག་གཙང་མར་བཅད་ནས་རིག་གནས་དང་ཡོན་ཏན་ལ་སློབ་སྦྱོང་ཡག་པོ་བྱེད་རྒྱུ། རང་རེའི་མི་རིགས་ཀྱི་རིག་གནས་ཀྱི་ཆུ་ཚད་དེ་ཡར་མཐོ་རུ་འགྲོ་བ། དཔལ་འབྱོར་གྱི་ཐོག་ལ་ཡག་པོ་བྱས་ནས་སྔོན་ལ་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་དང་། གཞན་ཡང་ཕྱིན་ཆད་བཟོ་ལས་ལ་སོགས་པ་བྱས་ནས་དཔལ་འབྱོར་ཡར་རྒྱས་སུ་འགྲོ༌རྒྱུ།  རང་གི་མི་རིགས་ལ་ལ་རྒྱ་དང༌།རང་གི་མི་རིགས་ལ་ཡིད་ཆེས། རང་གི་མི་རིགས་འདི་ཡག་པོ་ཡོང་ཡས་ཀྱི་ཆེད་དུ་ངར་སེམས་བསྐྱེད་པའི་ཐོག་ནས་ཕྱིན་ཆད་གང་ཅིའི་ཐད་ནས་ཡག་པོ་ཡོང་བ་ཞིག་གནང་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་ཡིན།། །།
·གསར་འགྱུར་གོང་མ:༼ཁ་བའི་མེ་ཏོག་དྲ་ཚིགས།
·གསར་འགྱུར་འོག་མ:མངོན་ལྐོག་མེད་པའི་སྙིང་གཏམ་རིན་ཆེན་སྒྲོན་མེ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·སྐྱེན་པོ་དགོན་སྡེར་སེམས་ཁུར་དང་མི་ཚེའི་ཆ་ཤས། 2012/2/1 15:45:33
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:49:20 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:13:21 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:27:34 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS