ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

མངོན་ལྐོག་མེད་པའི་སྙིང་གཏམ་རིན་ཆེན་སྒྲོན་མེ།

[རྩོམ་པ་པོ:དཔལ་དགྱེས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/1/26 22:49:14  བཀླགས་ཐེངས:1621][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །མངོན་ལྐོག་མེད་པའི་སྙིང་གཏམ་རིན་ཆེན་སྒྲོན་མེ་
ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ
དཀོན་མཆོག་རིན་ཆེན་གསུམ་ལ་ཉེ་རིང་མི་འདུག །
དགེ་སྡིག་ལས་འབྲས་རྟེན་འབྲེལ་བསླུ་བ་མི་སྲིད། །
གནམ་ས་གོ་ལོག་སོང་ཡང་སྐྱེ་བ་སྔ་ཕྱིར། །
བདེ་སྡུག་བཟང་ངན་ཚང་མ་རང་གིས་མྱོང་དགོས། །
དལ་འབྱོར་མི་ལུས་རིན་ཆེན་ལན་གཅིག་ཐོབ་པ། །
དོན་མེད་མི་ཚེ་བརླག་པའི་ལས་ངན་མ་བསགས། །
བསྟན་དང་འགྲོ་ལ་ཕན་བདེའི་ཐབས་ཤེས་སྒྲུབ་དང་། །
ཆོས་བརྒྱད་ཆགས་སྡང་ཞིག་གིས་གང་ཡང་མི་ཕན། །
བླ་མས་འཇིག་རྟེན་སྒྲུབ་ན་ཆོས་དང་རྒྱབ་འགལ། །
གྲྭ་པས་རང་དབང་རྩོད་ན་ངེས་འབྱུང་རྫུན་མ། །
སྤྲུལ་སྐུ་བཤད་སྒྲུབ་མེད་ན་མི་ནག་དཔོན་པོ། །
མི་ཚེ་སྙིང་པོ་བསམ་ན་དེ་འདྲ་མ་རེད། །
བླ་མའི་མཚན་ཉིད་ཤེས་ནས་དད་གུས་བྱེད་དགོས། །
གྲྭ་པའི་བཤད་སྒྲུབ་གནང་བར་རང་གཞན་དོན་དག །
གཞན་ཕན་དགེ་སྒྲུབ་གནང་བའི་དགེ་འདུན་ཚང་མ། །
ཕ་མེས་རྒྱུད་འཛིན་བྱུང་ན་བོད་པ་རྣམ་དག །
མཁན་སློབ་ཆོས་རྒྱལ་དམ་པའི་བཀའ་དྲིན་མ་བརྗེད། །
དགེ་བཅུའི་ཁྲིམས་བཟང་འདི་ལ་ལག་ལེན་མ་ཞན། །
དབྱངས་གསལ་བརྡ་སྤྲོད་འདི་ལ་གོམས་འདྲིས་བྱས་ན། །
མི་ཆོས་གཙང་མའི་བསྟན་སྲིད་དེ་ཉིད་ལགས་སོ། །
དཔའ་མཛངས་ལྡན་པའི་གངས་རིའི་བུ་རྒྱུད་ཡིན་ན། །
གངས་ཅན་བདེ་སྡུག་མི་སེམས་སུ་ཡང་མི་སྲིད། །
རང་འཚོ་ཙམ་ལས་མདུན་ལམ་མེད་པ་ཡིན་ན། །
དུད་འགྲོ་ཕྱུགས་ལས་ཁྱད་འཕགས་མིན་པར་ཤེས་དགོས། །
སྐྱབས་མགོན་ཟེར་ནས་གཞན་གྱིས་སྐྱོབས་སར་མི་འདུག །
སྐྱབས་མེད་ཟེར་ནས་འཁང་ར་བྱེད་སར་མི་འདུག །
རང་འགན་ལས་ཀྱིས་བཞག་པའི་ཕ་ཆོས་གྲུ་བཞི། །
སོ་སོར་བསྟན་སྲིད་ཡོད་པས་ཀུན་གྱིས་འབད་འཚལ། །
ཏང་ཡན་ཆོས་མེད་ཆད་ལྟས་ཛ་དྲག་འདི་དང་། །
བླ་རྫུན་ཆོས་ཡོད་རྟག་སྨྲས་གཡོ་ཁྲམ་འདི་ལས། །
ཕྱོགས་ལྷུང་གདོན་བྲལ་དབུ་མའི་ལམ་ལ་གནས་ན། །
སྐྱ་སེར་ཁྱད་མེད་འཕགས་པའི་དགེ་འདུན་ཡིན་ནོ། །
བླ་གྲྭས་བཤད་སྒྲུབ་མཛད་པ་བསྟན་པའི་སྤྱི་དོན། །
སོ་སྐྱེས་དཔལ་འབྱོར་སྒྲུབ་པ་སྲིད་པའི་འཚོ་གནས། །
གཉིས་ཀས་ཕ་སྐད་འབད་པ་བོད་པའི་རིགས་རྒྱུན། །
རོང་འབྲོག་ཆོས་དཔལ་རིག་ལ་སྙིང་པོ་ལོན་དགོས། །
ལོ་རྒན་དྲུག་ཅུ་རྒན་པོ་གཉའ་ནས་གནོན་པས། །
བོད་སར་རི་ལུང་ཚང་མར་གནོད་རལ་བཏང་ཚར། །
རྒྱ་བལ་དབྱིན་སོགས་ལུང་པར་སྐྱབས་བཅོལ་ཚང་མས། །
བསྟན་སྲིད་གླང་ཤ་བརྗེ་བར་ཉུང་ཉུང་མ་མཐོང་། །
དཀོར་གཉེར་རྐྱལ་བས་དཀོར་ཟས་ཆུད་ཟོས་བཏང་ནས། །
ནག་ཚོང་བསྟན་པ་འཛིན་པའི་ཟོག་པོ་ཚོ་དང་། །
ཕྱོགས་ཞེན་གྲུབ་མཐའ་ཁྱེར་བའི་བླུན་ལྐུག་དག་ལ། །
བོད་ཡུལ་བདེ་སྐྱིད་འདོད་པ་ཉིན་མོའི་སྐར་མ། །
གཡོ་རྫུན་ནག་ཚོང་རིགས་ལ་ངོ་ཚ་མ་ཤེས། །
ནང་འཁྲུག་སྤྱོད་ངན་དག་ལ་དཔའ་བོར་རྩིས་ནས། །
དུས་ངན་སྙིགས་ལྔའི་མུན་པ་རང་གིས་ཁྲིད་ན། །
འཚེ་མེད་ཞི་བདེ་ཟེར་ཀྱང་རི་བོང་རྭ་རྩོད། །
འབྲོག་པའི་རྟ་ནོར་ལུག་ལ་ཞི་བདེའི་འཚོ་བ། །
རོང་པས་ས་ཆུའི་ཞིང་གི་ཁོར་ཡུག་སྲུང་སྐྱོབ། །
ཚོང་པས་བདེན་དྲང་ལམ་ནས་དཔལ་འབྱོར་དར་སྤེལ། །
རིག་འཕྲུལ་བེད་སྤྱོད་ལེགས་ལམ་གཏོང་གྲོགས་མཛོད་ཅིག །
ནམ་རྒྱུན་བོད་སྐད་གཙང་མ་བཤད་པའི་བགྲོ་གླེང་། །
ཁ་ཟས་སྦྲང་ཀར་རྩམ་པ་རྩ་ཆེན་གནང་ཞིང་། །
རྒྱན་གོས་བག་ཡོད་བོད་ཆས་གྱོན་པར་མཛོད་དང་། །
རང་རིགས་གང་ཡིན་སྒོ་གསུམ་འཆར་བར་ཆོས་ཉིད། །
དགོན་པའི་སྒྲིག་ཁྲིམས་བཤད་ཀྱང་ཆོས་མཐུན་བྱ་བ། །
རྒྱ་ཁྲིམས་བོད་ཁྲིམས་ཟེར་ཀྱང་བདེན་དྲང་ལམ་བཟང་། །
མི་འགལ་སྤྱོད་ལམ་ཚང་མ་བརྟག་དཔྱད་གནང་ནས། །
བཟང་ངན་བླང་དོར་ཚུལ་བཞིན་མཛད་པར་མཛོད་ཅིག །
རི་ལུང་ས་བཅུད་གཏོར་ན་གཡང་གཏེར་ཉམས་ཞིང་། །
ཤེས་བྱའི་རིག་གནས་མ་ཤེས་རྗེས་ལུས་ཐེབས་པ། །
སོར་བྱང་སྔགས་སྡོམ་མེད་པའི་བླ་གྲྭའི་གཟུགས་བརྙན། །
བསྟན་སྲིད་ཡང་དག་བསམ་ན་དེ་དག་སྤོངས་ཤིག །
རྒྱུ་ནོར་བརྣབ་སེམས་ཆེན་པོས་ཞེན་ཆགས་མ་གནང་། །
གཞན་ལ་གནོད་སེམས་ངན་པས་འཁོན་འཛིན་མ་བྱེད། །
དམ་ཆོས་ལོག་པར་ལྟ་བའི་ཐེ་ཚོམ་སྤོངས་དང་། །
བོད་བརྒྱུད་ནང་བསྟན་དམ་ཆོས་དེ་ཉིད་ལགས་སོ། །
སྲོག་ཆགས་ཕྲ་མོ་ཡན་ཆོད་གསོད་གཅོད་གནོད་པ། །
དངོས་ཆས་ཕྲ་མོ་ཚུན་ཆོད་རྐུ་འཕྲོག་ངན་པ། །
འདོད་པས་ལོག་པར་སྤྱོད་པའི་ལས་ངན་སྤོངས་ན། །
རང་ལུས་འདི་བདེ་ཕྱི་སྐྱིད་དགེ་བར་ལགས་སོ། །
གཡོ་སྒྱུའི་མགོ་སྐོར་གཏོང་བའི་རྫུན་ཚིག་ངན་པ། །
ནང་མཐུན་ཕན་ཚུར་དཀྲུགས་པའི་ཕྲ་མ་མགོ་གཉིས། །
ཡོངས་གྲགས་གནོད་པར་ངེས་པའི་ཚིག་རྩུབ་མདའ་མོ། །
ངག་འཆལ་དྲེད་མོ་གཏམ་ཉོག་རིང་དུ་སྤོངས་ཤིག །
ལུས་བདེ་སྐྱིད་པའི་སྨན་དང་རྣལ་འབྱོར་བརྟེན་ནས། །
ངག་འཇམ་སྙན་པའི་བདེན་ཚིག་དྲང་པོར་སྨྲ་བཞིན། །
ལྷག་བསམ་དྲི་མེད་དམ་ཚིག་རྣམ་དག་མཛད་ན། །
མི་ལུས་རིན་ཆེན་སྙིང་པོ་ལོན་པ་ཡིན་ནོ། །
བྱིས་པ་ཆུང་ངུའི་དུས་སུ་སློབ་གསོ་གལ་ཆེན། །
གཞོན་ནུ་དར་མའི་སྐབས་སུ་སློབ་སྦྱོང་གལ་ཆེན། །
རྒན་པ་ལྷག་བསམ་ལྡན་པས་དགེ་སྒྲུབ་གལ་ཆེན། །
མདོར་ན་ཐབས་ཤེས་རིག་པའི་ཚོགས་བསགས་འབོད་ཅིག །
མི་ཆོས་ལྷ་ཆོས་སྙིང་པོ་བསམ་སྦྱོར་བཟང་པོ། །
སྐྱ་སེར་སྡེ་དགོན་བར་ལ་བྱམས་བརྩེའི་འབྲེལ་བའི། །
ཐབས་ཤེས་ཟུང་དུ་འཇུག་པའི་རྟེན་འབྲེལ་རིགས་པས། །
ཕུ་ནུ་གྲོས་འགྲིགས་ཡོང་པའི་མཐུན་སྒྲིལ་མཛོད་ཅིག །
རང་ཆུས་རྒྱལ་ས་ཟིན་པའི་དཔའ་བོ་མཛོད་ཅིག །
ངེས་འབྱུང་རྣལ་མ་ཡོད་པའི་གྲྭ་པ་མཛོད་ཅིག །
བྱང་ཆུབ་སེམས་མཆོག་ལྡན་པའི་བླ་མ་མཛོད་ཅིག །
གསང་ཆེན་གནས་ལུགས་རྟོགས་པའི་སྔགས་པ་མཛོད་ཅིག །
དད་གུས་བཅོས་མིན་ལྡན་པའི་སྐལ་བཟང་སྐྱེས་བུ། །
རྒན་པོ་ད་ལྟ་འཆི་ཡང་ཁ་ཆེམས་འདི་ཀ །
སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་ཀུན་ཏུ། །
བསྟན་དང་འགྲོ་ལ་ཕན་བདེའི་བྱེད་པོ་སྨོན་ནོ། །
ཞེས་པ་འདི་ཡང་རབ་རྒྱན་ལྕགས་རྒྱལ་ཟླའི་ཚེས་བཟང་ལ་ཨེ་ཝྃ་ཆོས་སྨན་ཀུན་ཕན་གསོ་བྱེད་གླིང་གི་བླ་མ་རོང་ལེ་དང་མཁན་པོ་འོད་གསལ་མཐའ་ཡས་སོགས་ལ་བརྙན་མཐོང་ལས་སྙིང་གཏམ་བཤད་བྱས་པ་དཔལ་དགྱེས་པ་རྡོ་རྗེས་ཚིགས་བཅད་དུ་ཕབས་པར་ཤྲྰི་སརྦ་བི་ཛ་ཡནྟུ། །

·གསར་འགྱུར་གོང་མ:ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ།
·གསར་འགྱུར་འོག་མ:པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དུས་རབས་ཉེར་གཅིག་པའི་སྙིང་གཏམ། 2014/1/15 11:55:20
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:04:06 [来自: 112.5.248.254]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:53:36 [来自: 112.5.248.229]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 9:50:07 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS