ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ།

[རྩོམ་པ་པོ:ཆབ་བྲག་པ།  ཡོང་ཁུངས:དྲ་ཐོག  དུས་ཚོད:2012/1/28 15:49:52  བཀླགས་ཐེངས:1746][ཡིག་གཟུགས:ཡིག་གཟུགས་མདོག]
༄༅།། རྗེས་སུ་འབྲང་རྒྱུ་ནི་རྗེས་དྲན་གྱི་མཆོག་ཡིན།

ཆབ་བྲག་པ།

མ་རྩོམ་ལ་འཕྲི་སྣོན་ཅུང་ཟད་ཞུས་ཡོད།

བློ་བཟང་རྒྱལ་བ་གཉིས་པའི་ལུང་རྟོགས་བསྟན།།
འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ལྷུན་གྱིས་གྲུབ།།
འཇིགས་མེད་ཆོས་ཀྱི་རྒྱལ་མཚན་བསྒྲེངས་མཁས་པའི།།
སྐུ་བཞིའི་དབང་ཕྱུག་ཆེན་ནཔོར་གསོལ་བ་འདེབས།།
ང་ཚོ་བོད་ཕྱི་ནང་གཉིས་ནས་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་མཛད་རྗེས་ལ་གདེང་འཇོག་འོས་ཤིང་འཚམ་པ་གནང་ཚར་ཡོད་པས་བསྐྱར་དུ་གདེང་འཇོག་གསར་བ་ཅི་ཞིག་བྱ་རྒྱུ་ཡོད་མེད་མི་ཤེས་མོད། ང་ཚོས་པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ་དང་གླེང་སློང་བྱེད་པ་ནི་ངེས་པར་དགོས་ངེས་པའི་དོན་བྱ་བཟང་པོ་ཞིག་ཡིན་པས། བདག་གིས་ཀྱང་ཇི་ལྟར་རེ་བསྐུལ་གནང་བ་ལྟར་དུ་སླར་ཡང་ཁོང་གི་སྐོར་རགས་ཙམ་གླེང་བར་བྱེད།
པཎ་ཆེན་རིན་པོ་ཆེ་སྐུ་ནར་སོན་ཞིང་མཁྱེན་ཡོན་རྒྱས་འགོ་ཚུགས་པ་ནས་རང་ཚུགས་ཐུབ་ཅིང་དྲང་བདེན་གྱི་ལམ་བུར་ཞུགས་ཏེ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་རིང་མོས་མཚོན་རྒྱང་རིང་གི་ཕུགས་འདུན་དོན་དུ་གཉེར་བ་ནས་བཟུང་ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་དང་བསྟན་འགྲོའི་ཆེད་དུ་དྲིན་དུ་ཆེ་བའི་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་ལ། ལྷག་པར་དུ་ཡང་བོད་ཀྱི་ཆོས་དང་སྐད་ཡིག་རིག་གནས་གོང་སྤེལ་དང་འབྲེལ་དཔའ་ངར་ལྡན་ཞིང་ལས་ལ་བརྩོན་པའི་མི་རིགས་ཀྱི་སྙིང་སྟོབས་སླར་གསོ་དང༌། རང་འགན་རང་སྒྲུབ་ཀྱིས་དུས་རབས་ཀྱི་རྗེས་ཟིན་དགོས་པའི་བསམ་བློའི་རྨང་གཞི་ཞིག་བསླངས་ཐུབ་ཡོད་པ་ནི་ཆེས་གཟི་བརྗིད་ཀྱི་མཛད་པ་ཞིག་ཡིན།
ང་ཚོ་པཎ་ཆེན་བླ་མར་དད་མོས་དང་ཡི་རངས། གདེང་འཇོག་གནང་མཁན་སུ་ཞིག་ཡིན་ན་ཡང་བོད་མི་རིགས་ལ་ཕན་མ་ཐོགས་ཀྱང་གནོད་དང་ཞབས་འདྲེན་དུ་མི་འགྱུར་བ་ཞིག་ཅིས་ཀྱང་བྱེད་དགོས་ལ། ཁོང་གི་སྙིང་སྟོབས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་མཛད་པའི་ཆ་གང་དག་རེ་རང་རང་གི་ལག་ལེན་དུ་བསྟར་མ་ཐུབ་ཚེ་ང་ཚོས་ཇི་ལྟར་དད་མོས་དང་གདེང་འཇོག་བྱས་ཀྱང་དེ་དོན་གྱིས་སྟོང༌།
དེ་བས། ང་ཚོས་ཇི་ལྟར་དྲན་གསོ་དང་རྗེས་སུ་འབྲང་དགོས་ཟེར་ན། བྱས་པའི་ལན་ལ་དྲིན་དུ་གཟོ་བ་ནི།། བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན་ཞེས་པ་ལྟར་པཎ་ཆེན་རིན་པོ་ཆེ་ཁོང་གི་མཛད་སྤྱོད་དང་དགོས་པ་གཙོ་བོ་རྣམས་ཤེས་པའི་ཐོག་ནས་རང་གིས་ཀྱང་དེ་འདྲ་ཞིག་འོང་བའི་ཐབས་ལ་འབད་བརྩོན་གང་དྲག་གནང་རྒྱུ་ལས་མ་འདས་མོད། བྱེ་བྲག་ཏུ་ངེས་པར་བསམ་ཞིང་འཇུག་འོས་པའི་བཀའ་སློབ་སྙིང་བོ་འགའ་ཡོད་དེ།
གཅིག ཁོང་གིས་བོད་མི་རིགས་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཡིན། ངས་སྔ་ཕྱི་བར་གསུམ་དུ་བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་སེམས་ཁུར་བྱེད་ཀྱིན་ཡོད། གནད་དོན་ཡོད་པའི་བྱ་བ་ཚང་མར་ངོ་རྒོལ་དང་དགག་པ་རྒྱག་གིན་ཡོད།ཅེས་གསུངས་པ་ལྟར་ང་ཚོས་ཆོལ་གསུམ་དཔུང་གདང་སྦྲེལ་དགོས་པ་ནི་བྱ་བ་ཚང་མའི་རྨང་གཞིའམ་ནུས་པའི་འབྱུང་ཁུངས་ཡིན་པས། སུ་ཞིག་གིས་ནང་ཁུལ་དཀྲུག་ཤིང་སོགས་བྱེད་པ་ལ་ཁ་ལག་གཉིས་ཀྱིས་ཁ་གཏད་འཇལ་དགོས་པར་མཐོང་ངོ༌།
གཉིས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ཆུང་ཆུང་ཞིག་གཏན་ནས་མིན། དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། གསུངས།  དེ་བས་ང་ཚོས་རང་གི་སྐད་ཡིག་སློབ་གཉེར་བེད་སྤྱོད་ཐུབ་མིན་དེ་ཡང་ཐད་ཀར་མི་རིགས་འདྲ་མཉམ་ཡིན་མིན་དང་མི་རིགས་ཀྱི་ཆབ་སྲིད་ཀྱི་རང་དབང་ལོངས་སུ་སྤྱོད་ཐུབ་མིན་དང་འབྲེལ་བ་ཡོད་པའི་གནད་དོན་བསྟན་པ་ཡིན་པས། ད་ལྟའི་སྐབས་འདིར་ང་ཚོས་སློབ་སྦྱོང་ཚང་མར་ཆབ་སྲིད་ཀྱི་གོ་དོན་ནམ་འབྲེལ་བ་ཡོད་པའི་ངོས་འཛིན་ཐུབ་དགོས་པའང་ང་ཚོའི་དམིགས་ཡུལ་དང་ཧ་ཅང་འཚམ་མོ།
གསུམ། མི་རིགས་ས་ཁུལ་རང་སྐྱོང་གི་སྲིད་ཇུས་དེ་ཐོག་མར་མི་རིགས་ས་ཁུལ་རང་དུ་ལག་ལེན་བསྟར་དགོས་ཤིང༌། དེ་ཡང་མིང་དོན་མཚུངས་པ་ཞིག་ལག་ལེན་བསྟར་དགོས།གསུངས་པ་ལྟར་བོད་ནང་གི་ལས་བྱེད་དཔོན་རིགས་ཀྱིས་གཅོས་ཤེས་ཡོན་ཅན་ཚང་མས་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གང་ཡོད་ཚང་མ་ལག་བསྟར་ཐུབ་དགོས་པའི་ཐོག་ད་དུང་རང་ཡུལ་ལ་དགོས་མཁོ་ཆེ་བ་དག་ཁ་སྣོན་གསར་འཇུག་གི་ཐད་ལ་ནུས་པ་འདོན་རྒྱུར་ཡང་འབད་དགོས།
བཞི། བོད་མི་རིགས་ནི་བོད་ཀྱི་བདག་པོ་རེད། བོད་མི་དམངས་ཀྱིས་ཡག་པོ་བསམས་ན་དེ་ཡག་པོ་ཡིན་དགོས་པ་དང༌། དེ་འདྲ་མ་བྱས་ན་མ་འགྲིགས་པ་ལོས་ཡིན།འདི་ནི་ཆོས་དང་རིག་གནས། ཆབ་སྲིད། དཔལ་འབྱོར་གང་གི་ཆ་ནས་ཡིན་ན་ཡང་བོད་མི་དམངས་ཀྱི་མང་མོས་མངོན་འདོད་གཞིར་བཞག་གིས་དམངས་གཙོའི་ལམ་སྲོལ་ལག་བསྟར་གནང་དགོས་པ་བསྟན་ཡོད་པས། ལས་བྱེད་དཔོན་རིགས་རྣམས་ལ་ལྷག་པར་འགན་འདི་བབ་ཡོད།
ལྔ༌། གཅིག་གྱུར་གྱི་བོད་རིགས་རང་སྐྱོང་འཛུགས་རྒྱུའི་རེ་འདུན་ནི་ཚུལ་ལུགས་དང་མཐུན་པ། ཁྲིམས་དང་མཐུན་པ། རྒྱ་ཆེའི་བོད་མི་མང་གི་བསམ་འདུན་དང་མཐུན་པས། དེ་ནི་ཆ་རྐྱེན་འཛོམས་མིན་གྱི་གནད་དོན་ཞིག་ལས་ཕྱིར་བཤོལ་དང་ལོག་སྤྱོད་ཟེར་བའི་གནད་དོན་གང་ཡང་མ་རེད།ཅེས་པ་འདིས མར་ལེའི་དགོངས་དོན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ལས་མ་བརྒལ་བའི་ཡུལ་དུས་གནས་བབ་དང་མཐུན་པའི་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་མཆོག་ཅིག་བསྟན་ཡོད་པས། གཞིས་ལུས་མི་མང་སྤྱི་དང་ལྷག་པར་ལས་བྱེད་དང་ཤེས་ཡོན་ཅན་ཚོས་ཁ་ལག་སྨྱུག་གསུམ་ནས་དེ་དོན་ལ་འབད་བརྩོན་ཡོད་དགུ་རྩལ་སྤྲུགས་བྱ་རྒྱུ་ནི་ཁ་སང་དེ་རིང་གི་ཆེས་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཆེ་ཤོས་ལགས་སོ།
དྲུག ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན་རང་ཉིད་ཀྱི་ཆོས་ལུགས་དང་མི་རིགས་ལ་དད་འདུན་དང་ཤ་ཚ། ལར་ཞེན་ཆེན་པོ་ཡོད་ངེས་པ་མ་ཟད། དེ་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རང་སྲོག་ཀྱང་བློས་གཏོང་སྲིད། ཅེས་གསུངས་ཏེ། མདོར་ན། ཁོང་གི་སྐུ་ཚེའི་ཉམས་ལེན་གྱི་སྙིང་སྟོབས་འདི་འདྲ་ཞིག་གིས་ཁོང་ཉིད་འཇིག་རྟེན་འདིར་འཚོ་བཞེས་གནང་བ་ཡིན་ལ་སྐུ་སྲོག་དོར་བ་ཡང་ཡིན་པས་ང་ཚོས་ཀྱང་དེ་ལྟའི་མཛད་སྤྱོད་སྙིང་སྟོབས་དྲན་པའི་ཐོག་ནས་ཁོང་ལ་དྲན་གསོ་དང་ཁོང་གི་རྗེས་འཇུག་པ་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུར་ང་རང་གིས་ཐོག་དྲངས་ཏེ་སྤུན་ཟླ་མི་རིགས་འདི་ལ་སྙིང་ནས་གཞེན་སྐུལ་ཞུ་བ་ལགས་སོ།།
དྲན་འོས་རྣམས་ནི་རྣམ་ཀུན་དྲན་ཞིང་གླེང༌།།
བྱ་འོས་དག་ཀྱང་ལྷག་བསམ་དག་པས་བགྱིད།།
པཎ་ཆེན་བླ་མ་གཤེགས་པའི་གསེར་ཟམ་དུ།།
རྐང་གཉིས་རུལ་དྲིས་གོས་བར་མི་བྱའོ།།
མཚམས་འདིར་ལྷན་རྒྱས་ནས་བོད་ཀྱི་གླུ་མ་གྲགས་ཅན་བདེ་ཆེན་དབང་མོས་བཏང་བའི་༼པཎ་ཆེན་དྲན་གླུ་༽ཞེས་པ་དེ་གསན་གཟིགས་གནང་ནས་སླར་ཡང་ཁོང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གནང་ན།
དགེའོ།།

·གསར་འགྱུར་གོང་མ:མངོན་ལྐོག་མེད་པའི་སྙིང་གཏམ་རིན་ཆེན་སྒྲོན་མེ།
·གསར་འགྱུར་འོག་མ:མི་ཆོས་གསུམ་པ། ཕ་མ་ལ་དྲིན་ལན་འཇལ་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·རྗེས་དྲན་གདུང་འབོད་ཟླ་བ་བདུད་རྩི། 2014/4/3 10:58:54
·པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེས་དྲན་པད་དཀར་ཆུན་པོ། 2014/1/28 21:36:21
·རྗེས་དྲན་གྱི་མིག་ཆུ། པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཞུ་བ། 2014/1/28 20:38:52
·གྲུབ་དབང་པདྨ་ནོར་བུ་ལ་བསྔཊ་པ་འཆི་མེད་དབྱངས་ཀྱི་རྒྱལ་རྔ་ 2013/5/25 18:11:44
·གྲུབ་དབང་པད་ནོར་རིན་པོ་ཆེ་རྗེས་སུ་དྲན་པ། 2013/5/24 22:34:26
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:20:04 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:36:03 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:48:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS