ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

མི་ཆོས་གསུམ་པ། ཕ་མ་ལ་དྲིན་ལན་འཇལ་བ།

[རྩོམ་པ་པོ:ཀིརྟི་བློ་བཟང་བསྟན་འཛིན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/1/30 15:34:01  བཀླགས་ཐེངས:2068][ཡིག་གཟུགས:ཡིག་གཟུགས་མདོག]
མི་ཆོས་གསུམ་པ།  ཕ་མ་ལ་དྲིན་ལན་འཇལ་བ།

ཀིརྟི་བློ་བཟང་བསྟན་འཛིན།
མི་ཆོས་གསུམ་པ།  ཕ་མ་ལ་དྲིན་ལན་འཇལ་བ།  རང་ལ་བཀའ་དྲིན་ཆེ་བའི་ཕ་མ་ལ་དྲིན་ལན་འཇལ་བ་དང་བཀུར་བསྟི་བྱ་བ་ནི།  ཕ་མས་གཙོས་དྲིན་ཆེན་ཡོངས་རྫོགས་ལ་ཡ་རབས་སྤྱོད་བཟང་བྱེད་དགོས་པ་མ་གཏོགས་དྲིན་ལན་ལོག་འཇལ་གྱིས་ལག་མགོ་རྡོ་བརྡུང་བྱེད་མི་རུང་ཞེས་པའི་དོན་ཡིན།
དེང་སྐབས་གཡོག་གླ་སྦྱིན་མི་དགོས་སའི་གཡོག་པོའི་ཆེད་དུ་ངག་འཇམ་པོས་ཕ་མ་སོགས་རྒས་འཁོགས་གཡོག་ཏུ་བཀོལ་བ། འགའ་ཤས་ཀྱིས་རྒན་འཁོགས་ལ་སྔང་སྡིག་བྱེད་པ་དང༌། ཟས་གོས་གང་ངན་ངན་སྦྱིན་པ། ནད་ན་ཚས་གདུང་བའི་སྐབས་སྨན་རིན་གང་ཆུང་སར་སྐྱེལ་བ། རྒན་འཁོགས་ལ་ཁ་རྩུབ་གཤིས་ངན་གྱིས་སེམས་གསོད་གང་ཐུབ་བྱེད་པ། རྒས་འཁོགས་འདེ་ཚོ་ནི་ཟ་འདྲེ་རེད།
འཆི་རྒྱུ་མི་འདུག་ཅེས་ངན་དམོད་བྱེད་པ། ཕ་མའི་དངུལ་དངོས་དང་ཁ་རྗེ་དབང་ཐང་ཐོབ་པའི་ཆེད་སྡུག་ལས་སྡ་དགུ་གཏོང་བ། རང་ལ་མཐུན་རྐྱེན་ཟད་ནས་འུ་ཐུག་ཐབས་ཟད་ཀྱིས་ཕ་མ་རྒས་འཁོགས་རྒན་གསོ་ཁང་སོགས་ལ་མི་འཇོག་ཐབས་མེད་ལྟ་བུ་མིན་པར། མཐུན་རྐྱེན་ཡོད་བཞིན་དུ་དྲིན་ཅན་ཕ་མ་སོགས་ལོ་ལོན་རྒས་འཁོགས་རྣམས་གདོས་འདོགས་སུ་མཐོང་བ་དང༌། ཡང་ན་རང་ལ་ཕན་ཐོགས་མེད་པར་མཐོང་བའམ། རྒས་འཁོགས་གསོ་རྒྱུར་སུན་ནས་གུ་ཡངས་པའི་ཆེད་ཕ་མ་སོགས་རྒན་གསོ་ཁང་དུ་སྐྱེལ་གང་ཐུབ་བྱེད་པ་ནི་ཡུལ་གཞན་དང་གཞན་དུ་ཡོད་ནའང་བོད་མིའི་ཁྲོ་ད་དུ་སྤྱོད་ངན་འདི་འདྲའི་རིགས་དུས་དབང་ལ་བསྙད་དེ་སྤེལ་མི་རུང༌།  དེས་ན་ཐོག་དང་པོར་ཁྱིམ་བདག་ཕོ་མོ་སོ་སོའི་ཕ་མས་གཙོས་དྲིན་ཅན་རྣམས་ལ་ཡ་རབས་སྤྱོད་བཟང་གིས་དྲིན་ལན་འཇལ་བ་སྟེ། ཁ་འཇམ་ཚིག་འཇམ་གྱིས་གོང་དུ་བཀུར། གཡོག་པོའི་ལག་ཏུ་ཕ་མ་རྒས་འཁོགས་རྩིས་སྤྲོད་མི་བྱེད་པར་རང་གིས་ལག་བསྟར་ནས་ཞབས་ཕྱི་ཞུ། ཟས་གོས་སྨན་བཅོས་སོགས་གང་འཕྲོད་པ་དང་གང་བཟང་བ་རེ་རང་གི་ནུས་ཚོད་དང་བསྟུན་ནས་ཕུལ་ཏེ་ཡ་རབས་སྤྱོད་བཟང་གིས་དྲིན་ལན་འཇལ་བའི་མིག་དཔེ་བཟང་པོ་སོ་སོའི་བུ་བརྒྱུད་ལ་འཇོག་དགོས།  དྲིན་ལན་ལོག་འཇལ་བྱས་ཡོད་ཚེ་རང་ལའང་ཚེ་མཇུག་ཏུ་རྣམ་སྨིན་ངན་པ་དང་མི་ཁ་ངན་པ་འཁོར་སྲིད་པས་ངོ་ཚ་ཙམ་ལ་བསམ་ནའང་ཕ་མ་ལ་དྲིན་ལན་ལོག་འཇལ་བྱེད་མི་རུང༌།
དེས་ན་གཞོན་སྐྱེས་ཚོར་དྲིན་ཅན་ལ་དྲིན་ལན་འཇལ་བ་དང་ཡ་རབས་སྤྱོད་བཟང་གིས་བསྙེན་བཀུར་བྱེད་དགོས་པའིོ་ཁ་ཏ་བསླབ་བྱ་ཡང་ཡང་བྱེད་དགོས།
སྔ་མོ་རང་རེའི་ཕྱོགས་སུ་བསྔོ་ཡིག་འབུལ་བའི་སྐབས། དང་པོར་ཚེ་འདས་དགེ་སློང༌།དགེ་ཚུལ། དྲིན་ཅན་གྱི་ཕ་མ་དང་ནང་མི་ཉེ་འབྲེལ། གྲོགས་ཕུ་ནུ་དང་བཅས་པའི་མིང་ཐོ་རྒན་གཞོན་དང་ཕོ་མོའི་གོ་རིམ་མ་ནོར་བ་དང༌།  ཐ་ན་རང་གིས་བསད་པའི་དགྲ་བོའི་མིང་ཚུན་ཆད་འབྲི། དེའི་མཇུག་ཏུ་སྒོ་ཁྱི་སྒོ་ཟོག   ཤ་ཟོས་་ཁྲག་འཐུང་ཚད་ཀྱི་མ་སེམས་ཅན་ཐམས་ཅད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག་ཅེས་བསྔོ་ཡིག་ཏུ་བྲིས་ནས་བསྔོ་རྟེན་འབུལ་བ་དང༌། དེ་ལྟར་ཁ་ནས་བརྗོད་དེ་མཎི་འདོན་པ་དང་སྨོན་ལམ་འདེབས་པ་ཚུན་ཆད་ཀྱིས་དྲིན་ལན་འཇལ་བའི་ལུགས་སྲོལ་བཟང་པོ་ཡོད།
བོད་སྤྱི་དང་ལྷག་པར་འབྲོག་ཕྱོགས་སུ་གནམ་གཤིས་གྲང་ངར་ཆེ་བས་ཁ་ཟས་དམར་ལ་མ་བརྟེན་ཐབས་མེད་ཡིན་ནའང་འགའ་ཤས་ཀྱིས་སྐམ་ལུག་ཕག་སོགས་གང་བསད་པ་དེའི་ནང་ཚིལ་བཞུས་ནས་དེའི་དགེ་རྩར་མཆོད་ཁང་མིན་པའི་ས་ཞིག་་ཏུ་མཆོད་མེ་རེ་འབལ་བ། རྟེན་གསུམ་རེ་སྦྱངས་ནས་མ་ཤི་གོང་ཁར་བླུག་པ། མ་ཤི་བར་དུ་རྣ་བས་གོ་བར་བྱས་ཏེ་མ་ཎི་སྨོན་ལམ་འདོན་པ། ཤ་ཟ་ཞོར་ལ་དེའི་ཆེད་དུ་མ་ཎི་འདོན་པ་སོགས་ཀྱིས་གང་ཕན་ཕན་བྱེད་པའི་སྲོལ་བཟང་པོ་ཡོད་པ་འདི་བོད་ཆོས་ལྔན་གྱི་ཞིང་ཁམས་ཡིན་པའི་རྟགས་ཡིན།
དེང་སང་མི་རེ་ཟུང་ལ་ལྟ་བ་ལོག་པ་སྐྱེས་ཏེ་ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བ་ནི་དུད་འགྲོ་མ་བུའི་འབྲེལ་བ་དང་ཁྱད་མེད་པར་ཆགས་སྤྱོད་ཀྱི་དབང་གིས་མ་བུའི་འབྲེལ་བ་སྟེས་དབང་གིས་བྱུང་བ་གཅིག་མཚུངས་ཡིན། ལུས་དང་དབང་པོའི་ཆགས་སྟངས་ཀྱིས་བརྩེ་བ་བྱུང་བ་ཙམ་ལས་ཕ་མའི་དྲིན་ལན་འཇལ་མི་དགོས་ཟེར་མཁན་ཡང་ཡོད། དུད་འགྲོའི་ལུས་ཁམས་དང་དབང་པོའི་ཆགས་སྟངས་ཀྱིས་མ་བུའི་འབྲེལ་བ་རྒྱུན་རིང་གནས་མི་ཐུབ་པར་མ་ཟད་་ཕྲུ་གུ་སྐྱེས་ནས་ཡུན་རིང་མ་འགོར་བར་རང་གི་འཚོ་བ་རང་གིས་བཙལ་ཐུབ་པའི་ནུས་པ་ཞིག་སྐྱེས་སྟོབས་ཀྱིས་ཡོད།
མི་ཡི་ཕ་མ་དང་ཕྲུ་གུའི་འབྲེལ་བ་ནེ་དུད་འགྲོ་དང་མི་འདྲ་བར་ཨ་མས་ཟླ་དགུ་ངོ་བཅུར་མངལ་དུ་བཟུང་བའི་སྐབས་ནས་བཟུང་གནོད་པའི་རིགས་ཐམས་ཅད་ལ་འཛེམས་ནས་ལུས་ཀྱི་ངལ་དུབ་ཐམས་ཅད་ཤེས་བཞིན་དུ་དང་དུ་བླངས།  བཙས་པའི་སྐབས་ཆེས་ཉམ་ཆུང་བའི་ནུས་མེད་སྤུ་སེང་ངེ་བ་ཞིག་ལས་མེད་ནའང་ཕ་མ་གཉིས་ཀས་ཤའི་དྲོད་ལ་བཅར།  ནུ་ཞོ་བསྣུན།  ནོམ་བུ་ཁས་བསྙོད།  མི་གཙང་བ་ལག་པས་ཕྱིས་པ་སོགས་སྐྱོ་ངལ་མེད་པར་ཉིན་མཚན་དུས་དྲུག་ཏུ་ཐབས་སྣ་ཆོ་གས་ཀྱིས་བསྐྱངས། བཀྲེས་སྐོམ་གྱི་དུས་སུ་བཟའ་བཏུང་སྦྱིན། འཁྱགས་པའི་དུས་སུ་གོས་གཡོག   ཕོངས་པའི་དུས་སུ་རང་གིས་སྤྱད་མ་བྲ་བའི་ནོར་རྫས་དང་སྔིག་སྡུག་གཏམ་ངན་ཁྱད་དུ་བསད་ནས་ཤ་ཐང་ཐང་དུ་བཙལ་བའི་མཐུན་རྐྱེན་གང་ཡོད་བྱིན། བུ་ན་བ་ལས་རང་ན་བ་དང༌། བུ་འཆི་བ་ལས་རང་འཆི་བ།  བུ་སྡུག་པ་ལས་རང་སྡུག་ན་བསམ་པ་སྙིང་ཐག་པ་ནས་འདམས་ཤིང་སྡུག་བསྔལ་སེལ་བའི་ཐབས་ལ་ནུས་ཚོད་དང་ཤེས་ཚོད་ཀྱིས་སྒོ་སྣ་ཚོགས་ནས་འབད།  ཕ་མ་འགའ་ཤས་ཀྱིས་བུའི་ཚེ་འདིའི་བདེ་བ་ལས་ལྷག་པའི་ཚེ་ཕྱི་མའི་བདེ་འགྲོ་མཐོ་རིས་་ཀྱི་བདེ་བ་དང་ཚེ་རབས་གཏན་གྱི་བདེ་བ་ཐོེབ་པའི་ཆེད་དུ་ཆོས་སྒོར་བཅུག་པ་སོགས་མདོེར་བསྡུས་ན་ཕ་མ་གཉིས་ཀས་རང་གི་ནུས་ཚོད་ཤེས་ཚོད་ཀྱིས་ཕན་བདེ་ཐམས་ཅད་བསྒྲུབས།  གནོད་པ་དང་སྡུག་བསྔལ་སེལ་གང་ཐུབ་ཅིག་བྱས་ཡོད་ནའང༌། ན་རྒས་རྫི་ལྡིབ་པའི་སྐབས་སུ་ཡལ་བར་དོར་བ་ནི་ཆེས་མ་རབས་དང་ཆེས་ཐ་ཆད་ཀྱི་བྱ་བ་ཡིན།  དྲིན་ཅན་ལ་དྲིན་ཅན་དུ་ངོ་ཤེས་པར་བྱས་ཏེ་རང་གིས་ནུས་ཚོད་ཐུབ་ཚོད་ཀྱིས་དྲིན་ལན་འཇལ་དགོས་པའི་ཡ་རབས་སྦྱོད་བཟང་ནི་བོད་མི་ཞིག་ལ་ངེས་པར་ཚང་དགོས་པའི་མི་ཆོས་ཤིག་ཡིན།
·གསར་འགྱུར་གོང་མ:པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ།
·གསར་འགྱུར་འོག་མ:བོད་ཡིག་མཉེན་ཆས་གླིང་དུ་ཕེབས་ཤོག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·མི་ཆོས་ལས་འཕྲོས་པའི་བསླབ་བྱ་ 2015/12/1 14:15:34
·དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། 2015/1/17 11:39:30
·མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི། 2014/4/1 10:52:59
·མི་ཆོས་ལྔ་པ། རིཊ་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། 2012/2/13 10:35:53
·མི་ཆོས་བཞི་པ། ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ། 2012/2/6 15:33:49
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:33:27 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:40:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 11:26:12 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS