ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
གསར་འགྱུར་ཀློག་པ།

བྱེ་བྲག་བཤད་མཛོད་ཆེན་མོ་བོད་འགྱུར་མ།

[རྩོམ་པ་པོ:གུར་ཀུམ།  ཡོང་ཁུངས:གུར་ཀུམ་དྲ་བ།  དུས་ཚོད:2012/2/5 11:40:34  བཀླགས་ཐེངས:1902][ཡིག་གཟུགས:ཡིག་གཟུགས་མདོག]
བྱེ་བྲག་བཤད་མཛོད་ཆེན་མོ་བོད་འགྱུར་མ།

གུར་ཀུམ།

ཉེ་ཆར་ཨ་རིའི་ཉི་འོག་(New York)གྲོང་ཁྱེར་དུ་ཡོད་པའི་ཁོ་ལིམ་བྷིས་ཡ་(Columbia University)གཙུག་ལག་སློབ་གྲྭ་ཆེན་མོར།  ཀུན་ཕན་ཐེབས་རྩ་ཚོགས་པ་དང་།   ཞང་ཞུང་སློབ་གཉེར་ཁང་།  བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སོགས་ཀྱིས་བཀོད་སྒྲིག་འོག  རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཐེངས་གསུམ་པར་མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་བྱས།  ཚོགས་ཆེན་འདི་ཕྱི་ཟླ་ ༡༢ ཚེས་ ༩ ནས་ ༡༤ འཚོགས་པ་རེད།  ཚོགས་ཆེན་ཡོངས་སུ་མཇུག་གྲུབ་རྗེས། ཕྱི་ཚེས་ ༡༥ ཉིན། ངེས་པ་དོན་གྱི་མཁས་དབང་།  སྦས་པའི་རྣལ་འབྱོར་བ་ཆེན་པོ།  མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེའི་དྲུང་དུ་བཅར་ཏེ།  དཔེ་རྙིང་མྱུར་སྐྱོབ་བྱེད་ཕྱོགས་སོགས་ལས་དོན་ཁ་ཤས་ཀྱི་ཐོག་བཀའ་སློབ་ལམ་སྟོན་ཞུས།  དེ་དུས་རིན་པོ་ཆེའི་ཐུགས་དགྱེས་ཚོར་ཆེན་པོས་གུས་པར་གསར་དུ་པར་བསྐྲུན་གནང་བའི་དཔེ་དེབ་སྤུས་ལེགས་བོད་ཆེན་བཅུ་གསོལ་བསྩལ་གནང་བྱུང་།

ཡ་མཚན་དགོས་པ་ཞིག་ལ།   དཔེ་དེབ་འདི་དག་ནི་དེ་སྔོན་བོད་དུ་བསྒྱུར་མ་མྱོང་བའི་བྱེ་སྨྲའི་གཞུང་ལུགས་<ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོ>འམ།  <བྱེ་བྲག་བཤད་མཛོད་ཆེན་མོ་>ཞེས་ཡོངས་སུ་གྲགས་པའི་གཞུང་དེ་རེད།  ཀུན་གྱིས་མཁྱེན་གསལ་ལྟར།   གཞུང་འདི་ནི་བསྟན་པ་འདིའི་བསྟན་བཅོས་ཀྱི་ཐོག་མ་ཡིན་པ་རེད།

སྤྱིར་བཏང་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་ཁྲོད་<ཆོས་མངོན་པ་གོང་འོག་>སོགས་མང་པོ་བཞུགས་མོད།   རྩ་འགྲེལ་ལྟ་བུར་བཞུགས་པའི་<ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་> ཞེས་བྱ་བ་དང་།   <<ཆོས་མངོན་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་མོའམ།   བྱེ་བྲག་བཤད་མཛོད་ཆེན་མོ་>>རུ་གྲགས་པ་གཉིས་ཀྱི་མཚན་ཙམ་རེ་ཐོས་པ་ལས་དངོས་སུ་མཇལ་རྒྱུའི་སྐལ་བཟང་མ་བྱུང་ལ།   འདི་ང་ཁོ་ན་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པར་ཐོས་བསམ་ཞིབ་འཇུག་གནང་བཞིན་པའི་སྐྱེ་བོ་ཡོངས་ཀྱི་ཐུན་མོང་གི་བསམ་ཚུལ་ཞིག་ཡིན་སྲིད།

ཨོ་རྒྱན་བཀའ་ཐང་དུ།   ཛི་ན་མི་ཏྲ་ཤཱི་ལེནྡྲ་བྷོ་དྷི་དང་༔  མཁས་པ་ཆེན་པོ་དཱ་ན་ཤི་ལ་དང་༔  ཞུ་ཆེན་ལོ་ཙཱ་བེ་རོ་ཙ་ན་ཡིས༔  བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ནི༔  སུམ་བརྒྱ་བསྒྱུར་བའི་དབུ་བཙུགས་བསྒྱུར་འཕྲོ་བཞག༔  རྒྱ་དཔེ་ཉིད་ནི་བསམ་ཡང་དབུ་རྩེར་བཞུགས༔  ལོ་པཎ་ད་ལྟ་བཞུགས་དང་ཕྱི་རབས་འབྱོན༔  བཟང་ངན་འགྲན་ཕྱིར་བཤད་མཛོད་ཆེན་མོ་བཞག༔  ཅེས་བཤད་པར་དཔྱད་གཞི་ཤིན་ཏུ་ཆེ་མོད།   དེ་སྔོན་བསྟན་བཅོས་འདི་བོད་ཡིག་ཐོག་བསྒྱུར་མེད་པ་དོན་དངོས་རེད།

ཆོས་མངོན་པ་ལ་འཇུག་པའི་གཞུང་ཆེན་པོ་འདི་ནི།   ཐོག་མར་སློབ་དཔོན་དབྱིག་གཉེན་གྱི་སྐུ་དུས་སུ་ཐང་གི་སློབ་དཔོན་ཆེན་པོ་ཤུན་དྲུང་ཞབས་ཀྱིས།   ཕྱི་ལོ་ ༦༠༠ ནས་ ༦༦༤ བར་དུ་རྒྱ་གར་ལེགས་སྦྱར་གྱི་སྐད་ལས་རྒྱ་ནག་སྐད་དུ་ཡོངས་སུ་རྫོགས་པར་བསྒྱུར་བར་གྲགས།

དེ་རྗེས་མཁས་བཙུན་བཟང་པོའི་ཡོན་ཏན་རྨད་དུ་བྱུང་བ་ལོ་ཙཱ་བ་ཆེན་པོ་བློ་བཟང་ཆོས་འཕགས་སམ།   ཡོངས་གྲགས་སུ་ཧྥ་ཙུན་སློབ་དཔོན་ཆེན་མོ་(༡༩༠༢-༡༩༨༠)མཆོག་གིས།   དགེ་བའི་བཤེས་གཉེན་ཆེན་པོ་སྟོང་དཔོན་པ་ངག་དབང་བློ་བརྩོན་འགྲུས་སོགས་ཀྱིས་ཡང་ཡང་བསྐུལ་ངོར།   བསྟན་བཅོས་ཆེན་པོ་འདི་གཉིས་རྒྱ་ནག་སྐད་ལས་བོད་སྐད་དུ།   བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་(ཕྱི་ལོ་ ༡༩༥༤)ལོར་བསྒྱུར་བའི་དབུ་བཙུགས་ཏེ།   ས་གླང་(ཕྱི་ལོ་ ༡༩༤༩) ལོར་མཇུགས་རྫོགས་པར་བསྒྱུར་ཞིང་།   དེ་རྗེས་(ཕྱི་ལོ་ ༡༩༥༦) ལོར་ལྕང་སྐྱ་ཆོས་དབྱིངས་རྡོ་རྗེས་མཇུག་བྱང་ཞིག་ཀྱང་བརྩམ་འདུག

འོན་ཀྱང་རིག་གནས་གསར་བརྗེ་སོགས་ཀྱི་གོད་ཆགས་ཁྲོད་མ་དཔེ་ཕྱག་བྲིས་མ་བོར་བརླག་ཏུ་ཕྱིན་སྟབས།   མི་རྣམས་ཀྱིས་ཧ་ལམ་འཇིག་རྟེན་འདིར་བཞུགས་མེད་པའི་ཡིད་ཆེས་བྱེད་བཞིན་ཡོད།

སྟབས་ལེགས་པ་ཞིག་ལ།  མཁས་དབང་མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་གིས།   མི་ལོ་བཅུ་ཕྲག་དུ་མའི་རིང་སྐུ་ངལ་འཛེམས་མེད་ཀྱིས་རྩད་གཅོད་གནང་མཐར་མ་ཡིག་ཕྱག་བྲིས་མ་དངོས་རྙེད་བྱུང་སྟེ།  པར་བླངས་ཀྱིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་གནང་འདུག

བསྟན་བཅོས་ཆེན་པོ་འདི་ལ་རབ་ཏུ་ཕྱེ་བའི་ཕུང་པོ་བརྒྱད་དང་།  སྡེ་ཚན་བཞི་བཅུ་ཞེ་གསུམ།   བམ་པོ་ཉིས་བརྒྱ་ཐམ་པ་བཞུགས།

བམ་པོ་དྲུག་ཅུ་རེ་གཅིག་ཡོད་པའི་ནང་གི་བམ་པོ་ལྔ་བའི་མཇུག་དང་།  བམ་པོ་དགུ་བ་ནས་བཅོ་བརྒྱད་བར།   བམ་པོ་བཅུ་དགུ་བའི་མཇུག་ནས་བམ་པོ་ལྔ་བཅུའི་བར་དང་།   བམ་པོ་ལྔ་བཅུ་ང་དགུ་ནས་བམ་པོ་དྲུག་ཅུ་རེ་གཅིག་བར་དང་།  བམ་པོ་དྲུག་ཅུ་རེ་དགུ་པ།  བཅུན་ཅུ་པ།  བརྒྱ་དང་ཉེར་གསུམ་པ་དང་བརྒྱ་དང་ཉེར་བཞི་བར།  བམ་པོ་བརྒྱ་དང་སོ་གཉིས་པ་བཅས་ཀྱི་མ་དཔེ་འཐོར་བརླག་ཏུ་སོང་འདུག

འདིའི་ཐད་མཁས་དབང་གཟན་དཀར་རིན་པོ་ཆེ་མཆོག་གིས།   མ་དཔེ་མི་ཚང་བ་རྣམས་མ་འོངས་པར་རྩད་ཆོད་ལག་སོན་བྱུང་ཚེ་གསར་བསྒྲིག་པར་བསྐྲུན་ཞུ་རྒྱུ་ཡིན་པས།   མ་དཔེ་བམ་པོ་འཐོར་བ་རྣམས་རྒྱལ་ཕྱི་ནང་གི་མཁྱེན་ལྡན་སུའི་ཕྱག་ཏུ་བཞུགས་ན་གང་མགྱོགས་ཐུགས་རྒྱ་ཆེན་པོས་མཁོ་སྤྲོད་གནང་རོགས་ཞེས་གསུང་བཞིན་འདུག་པ་མ་ཟད།   འཐོར་བརླག་ཏུ་སོང་བའི་བམ་པོ་དེ་དག་ཐེའི་ཝན་དུ་རྒྱ་ཡིག་ཐོག་ནས་བོད་བསྒྱུར་གྱི་ལས་གཞི་དབུ་བཙུགས་ཡོད་སྐོར་ཀྱང་གསུངས་བྱུང་།

ཚུལ་འདི་ནི་རྗེ་བླ་མས།   བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།   ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།།   སྙིང་རྗེ་ཆེན་པོས་ཡིད་རབས་དྲངས་པ་ཡིས།།   ཕན་བདེའི་གཏེར་ཏེ་གསལ་བར་བྱེད་པར་ཤོག།   ཞེས་གསུངས་པ་ལྟ་བུའོ།།

ཐུགས་རྗེ་ཆེ། ཆོས་རྒྱལ་ཚོའི་སྐུ་དུས་སུ་གཞུང་འདི་བོད་ལ་བསྒྱུད་ཡོད་ཚེ་བོད་དབུ་མའི་ལུང་པ་ཆགས་མི་ཐུབ་པར་སྨྲ་མཁན་ཡང་འདུག གང་ལྟར་གཞུང་ཆེན་འདི་པར་སྐྲུན་གནང་བ་བསྟན་པའི་ཞབས་འདེག་ཆེན་པོ་ཞིག་རེད།

·གསར་འགྱུར་གོང་མ:བསྟན་འཛིན་དགའ་བའི་གླུ་དབྱངས་ཆེད་སྒྲིག་གསར་པ།
·གསར་འགྱུར་འོག་མ:མི་ཆོས་བཞི་པ། ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་གཉིས་དྲ་ཐོག་བཀྲམ་པ། 2014/9/24 15:46:30
·༼བྱམས་བརྩེ་དང་སློབ་གསོ་ཞེས་པའི་དེབ་གསར་མཚམས་སྦྱོར། 2014/8/24 19:09:35
·འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་འགྲེམ་སྤེལ་བྱས། 2014/3/29 22:26:39
·བགྲེས་པོའི་འབེལ་གཏམ་ཐེངས་༡༤པ་ལེགས་ཐོན་བྱུང་བ། 2014/3/8 9:20:27
·ཆུ་ཐིགས་དེབ་ཕྲེང་གསུམ་པ་བཀྲམ་པ། 2014/3/7 19:11:52
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:54:41 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:32:43 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:30:52 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS