ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

མི་ཆོས་བཞི་པ། ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ།

[རྩོམ་པ་པོ:ཀིརྟི་བློ་བཟང་བསྟན་འཛིན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/2/6 15:33:49  བཀླགས་ཐེངས:1739][ཡིག་གཟུགས:ཡིག་གཟུགས་མདོག]
མི་ཆོས་བཞི་པ།  ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ།

ཀིརྟི་བློ་བཟང་བསྟན་འཛིན།

མི་ཆོས་བཞི་པ།  ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ།  ཡོན་ཏན་ཅན་ཏེ་ཤེས་ཡོན་ཡོད་མཁན་གོང་དུ་བཀུར་བའི་མཐོང་དང་ཆ་འཇོག་མེད་ན་ཡོན་ཏན་ལ་སྦྱོང་འདོད་མི་བྱེད། ཕྱི་དངོས་པོའི་ཡར་རྒྱས་དང༌། བཟོ་ལས། ཞིང་འབྲོག་གི་ལས་ཀ་གང་ཡིན་ཀྱང་རུང༌། གནའ་དེང་གི་ལག་རྩལ་དང་ཉམས་མྱོང༌། ཚན་རིག་གི་ཤེས་ཡོན་མེད་ན་ཡར་རྒྱས་ཡོང་ཐབས་མེད། ལྷག་པར་ནང་སེམས་ཀྱི་བདེ་སྐྱིད་དང་སེམས་ཀྱི་ཡོན་ཏན་ཡར་རྒྱས་ཡོང་བ་ལ་གཞུང་ཆེན་མོར་སློབ་སྦྱོང་བྱས་པའི་ཡོན་ཏན་གཏིང་ཟབ་ཡོད་དགོས། དེས་ན་མི་མང་རྒན་གཞོན་ཀུན་གྱིས་ཆོས་སྲིད་གཉིས་ཀར་སློབ་སྦྱོང་བྱེད་དགོས། ཚེ་འདི་ཕྱི་གཉིས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་རྩ་ནི་ཤེས་ཡོན་མེད་པ་སྟེ་མི་ཤེས་པའི་རྨོངས་པ་ལ་ཐུག་ཡོད།
ལྷག་པར་ཞིང་འབྲོག་གི་ན་གཞོན་སྐྱེས་ཕོ་མོ་རྣམས་སློབ་གྭ་ལ་མི་གཏང་བར་རང་དང་རང་འདྲ་བའི་ཡིག་རྨོངས་ཅན་ཞིག་ཏུ་གྱུར་ཚེ་དུས་རབས་ཉེར་གཅིག་པའི་ནང་གང་འགྲོ་འདུག་མི་ཤེས་མཁན་ཞིག་ཏུ་འགྱུར་སྲིད་པས་ན་གཞོན་རྣམས་སློབ་གྲྭ་ལ་ངེས་པར་གཏོང་དགོས། ཁྱིམ་ཚང་སོ་སོའི་ཕྲུ་གུ་ན་གཞོན་ཚོའི་སློབ་སྦྱོང་དང་སྦྱོད་ལམ་ལེགས་པོ་་ཡོང་བའི་འགན་ཡང་ཕ་མ་སོ་སོར་ཡོད་པས་ཕ་མས་ཁྱིམ་གྱི་ཕྱི་ནང་གཉིས་ཀར་སློབ་སྦྱོང་བྱེད་ཐུབ་པའི་མཐུན་རྐྱེན་སྒོ་སྣ་ཚོགས་ནས་བསྐྲུན་དགོས། སྐྱེས་ཕོ་མོ་ན་གཞོན་ཡོད་ཚད་ཀྱིས་རྗེས་མ་མ་འགོ་ཁྲིད་བྱེད་རྒྱུའམ་ཡང་ན་སྐྱེས་ཕོ་མོ་ཐམས་ཅད་གྲྭ་བཙུན་བྱེད་རྒྱུ་ལྟ་བུའི་དམིགས་ཡུལ་ནི་ཡོང་ཐབས་མེད་པ་དང་གལ༌སྲིད་དེ་ལྟར་གྲུབ་ནའང་ཕན་ཐོགས་མེད་པས། ཤེས་ཡོན་ནི། གང་ཉེ་བར་མཁོ་བ་དང༌། སྐབས་སུ་གང་བབ་པ། འཕྲལ་ཕུགས་ཀྱི་བདེ་བ་ཡོང་སའི་གཞི་རྩར་འགྱུར་ངེས་པའི་ཤེས་ཡོན་སློབ་སྦྱོང་གི་གདམ་ཀ་མ་ནོར་བའི་ལམ་ཡང་དག་པ་ཞིག་བསྟན་དགོས།
བོད་མི་ཁག་ཅིག་གིས་ཕྲུ་གུ་གྲྭ་བཙུན་བཟོ་རྒྱུར་དགའ་ནའང་གྲྭ་བཙུན་བཟོས་པའི་དགོས་པ་ཤེས་པའི་ཐོག་ནས་གྲྭ་བཙུན་གྱི་ཤེས་ཡོན་མཐར་ཕྱིན་པ་ཞིག་ཨེ་ཡོང་གི་ཐབས་ལ་མི་འབད་མཁན་མང༌། འགའ་ཤས་ཀྱིས་ཕྲུ་གུ་འདིར་བླུན་ཞད་ཡོད་དུས་འཁོར་བ་མི་ཟིན་པས་གྲྭ་བཙུན་བྱས་ན་ལེགས་སྙམ་པའི་བསམ་བློའི་འཛིན་སྟངས་འདི་ཤིན་ཏུ་ནོར་བ་ཡིན། འཛམ་གླིང་འདིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་མེད་པའི་ཞི་བདེའི་དེད་དཔོན་བྱེད་ཐུབ་པའི་སློབ་སྦྱོང་དང༌། སེམས་ཅན་ཆེས་མང་བ་ལ་ཕན་ཐོགས་མ་ནོར་བར་བྱེད་ཐུབ་པའི་ནུས་པ་ཆེ་ཤོས་ཅན་གྱི་འགོ་ཁྲིད་ཀྱི་སློབ་སྦྱོང་ནི་ཆོས་ཀྱི་སློབ་སྦྱོང་ཉག་ཅིག་ཡིན།  ཆོས་ཀྱི་སློབ་སབྱོང་ནི་སློབ་སྦྱོང་ཐམས་ཅད་ཀྱི་ནང་ནས་་སློབ་སྦྱོང་གཏིང་ཟབ་ཤོས་དང་རྒྱ་ཆེ་ཤོས་ཡིན་པས་སློབ་སྦྱོང་བྱེད་པའི་ནུས་པ་དང་རིག་རྩལ་ཆེ་ཤོས་ཡིན་པའི་ཕྲུ་གུ་ཚོ་གྲྭ་བཙུན་གྱི་སློབ་སྦྱོང་ངམ་ཆོས་ཀྱི་སློབ་སྦྱོང་ལ་འཛུད་རྒྱུ་གལ་ཆེ་བར་བརྟེན་གྲྭ་བཙུན་བྱེད་མཁན་འདེམས་སྒྲུག་བྱེད་སྐབས་མ་ནོར་བ་ཞིག་བྱས་ན། རང་གི་བུ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་མཁན་གྱི་འགོ་ཁྲིད་བླ་ན་མེད་པ་ཤིག་ཏུ་འགྱུར་སྲེད་པས་དང་པོ་ནས་གཟབ་གཟབ་བྱེད་དགོས། མདོེར་བསྡུ་ན་ཡོན་ཏན་གྱི་རིགས་ཆེ་ཆུང་གང་ཡིན་ཀྱང་རུང་ཡོན་ཏན་དང་ཡོན་ཏན་ཅན་ལ་མཐོང་ཆེན་བྱས་ཏེ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ།

·གསར་འགྱུར་གོང་མ:བྱེ་བྲག་བཤད་མཛོད་ཆེན་མོ་བོད་འགྱུར་མ།
·གསར་འགྱུར་འོག་མ:དོ་དགོང་ཆུ་ཚོད་༡༠པར་༼འཆད་ཁྲིད་སྒྲོན་མེ་བསྟན་རྒྱུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·མི་ཆོས་ལས་འཕྲོས་པའི་བསླབ་བྱ་ 2015/12/1 14:15:34
·དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། 2015/1/17 11:39:30
·མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི། 2014/4/1 10:52:59
·མི་ཆོས་ལྔ་པ། རིཊ་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། 2012/2/13 10:35:53
·མི་ཆོས་གསུམ་པ། ཕ་མ་ལ་དྲིན་ལན་འཇལ་བ། 2012/1/30 15:34:01
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:41:57 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:04:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:32:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 58 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS