ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

མི་ཆོས་ལྔ་པ། རིཊ་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ།

[རྩོམ་པ་པོ:ཀིརྟི་བློ་བཟང་བསྟན་འཛིན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/2/13 10:35:53  བཀླགས་ཐེངས:1640][ཡིག་གཟུགས:ཡིག་གཟུགས་མདོག]
མི་ཆོས་ལྔ་པ། རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ།

ཀིརྟི་བློ་བཟང་བསྟན་འཛིན།
མི་ཆོས་ལྔ་པ། རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ།  རིགས་མཐོ་བ་ཞེས་པ་ནི་རྒྱ་གར་པའི་སྔ་སྲོལ་གྱི་རིགས་བཞི་སྟེ། བྲམ་ཟེའི་རིགས། རྒྱལ་རིགས། རྗེ་རིགས། དམངས་རིགས་སམ་གདོལ་པའི་རིགས་ཞེས་པའི་རིགས་ཀྱིས་མཐོ་བ་དང་དམའ་བའི་དབྱེ་མཚམས་འབྱེད་པའི་རིགས་མཐོ་བ་ལ་གོ་མི་དགོས།  མང་ཚོགས་ཀྱིས་གུས་བཀུར་དང་དགའ་མོས་བྱེད་སའི་རིགས་མཐོ་བ་སྟེ། དཔེར་ན། ཞི་བདེའི་དེད་དཔོན། རླབས་ཆེན་གྱི་དབུ་ཁྲིད། མཚན་སྙན་ལྡན་པའི་མཁས་དབང༌། བྱས་རྗེས་ཅན་གྱི་མི་སྣ། ལག་ཤེས་བཟོ་ལས་ཆེ་མཁས་ཅན་གྱི་མི་སྣ་སོགས་ཡོན་ཏན་གྱིས་རིགས་མཐོ་བ་དང༌། རྒན་རབསཏེ་ལོ་ཡིས་རྒན་པ་ཨ་ཁུ། ཨནེ། ཨ་ཞང༌། ཕ་མ་དང་སྤུན་སྲིང་རྒན་པ་སོགས་ཉེ་འབྲེལ་རྒན་པ་དང་། ཤེས་ཡོན་དང་ཉམས་མྱོང་གིས་རྒན་པ་ནི་ཡུལ་མི་བསམ་ཤེས་ཅན། དགེ་རྒན་དང་ལས་བྱེད། ཚོ་མྱི་དང་ལས་མི་རྒན་རབས་སོགས་ལ་སྲི་ཞུ་ཕུ་དུད་དེ་གུས་བཀུར་བྱས་ན་ཡ་རབས་སྤྱོད་བཟང་དང་གཞན་སེམས་དགའ་བ་ཞིག་འོང་བས། སེམས་དགའ་ན་དོན་འགྲུབ་ཟེར་བའི་དཔེ་ལྟར་སེམས་དགའ་བ་ནི་མཐུན་ལམ་གྱི་རྩ་བ་ཡིན་པར་མ་ཟད། ཆོས་སྲིད་ཀྱི་བྱ་བ་གང་ཡིན་ཀྱང་རུང་ཡར་རྒྱས་ཡོང་བ་ལ་ཤེས་ཡོན་ཅན་དང་ཉམས་མྱོང་ཅན་ལ་བརྩི་བཀུར་དང་འབྲེལ་ཁོང་ཚོ་ལས་བསླབ་བྱ་ལེན་རྒྱུ་འདི་གལ་ཆེ་ཤོས་ཡིན།
འོན་ཀྱང་དེང་སྐབས་འགའ་ཤས་ཀྱིས་དམངས་གཙོ་དང༌། འདྲ་མཉམ། ཡར་རྒྱས་ཞེས་པའི་མིང་ཚིག་འདིའི་འགོ་མཇུག་དང༌། གོ་རིམ། མཐོ་དམའ། ཞེ་ས། ཆེ་མཐོང༌། གུས་བཀུར། ཡ་རབས་སྦྱོད་བཟང་སོགས་ནི་དམངས་གཙོ་འདྲ་མཉམ་གྱི་ལམ་སྲོལ་དང་འགལ་བར་འཛིན་མཁན་ཡོད་སྲིད་ནའང༌། ཡར་རྒྱས་ཆེ་ཞིང་དམངས་གཙོ་ཡང་དག་པའི་ལག་ལེན་ཅན་གྱི་ནུབ་གླིང་གི་་ཡུལ་ཁག་རྣམས་སུ་གུས་ཞབས་ཀྱིས་མཚོན་པའི་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་རྣམས་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་པ་འདིས་སྲོལ་རྒྱུན་གྱི་ཡ་རབ་སྤྱོད་བཟང་རྣམས་དམངས་གཙོའི་ལུགས་དང་མི་འགལ་བ་ཤེས་ཐུབ།
བོད་གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་དང་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས། ཞེ་ས་དང༌། གུས་ཞབས། ཆེ་མཐོང༌། རྒན་གཞོན་གྱི་གོ་རིམ།  བྱས་རྗེས་ཅན་དང༌། ཡོན་ཏན་ཅན་གོང་དུ་བཀུར་བ་སོགས་ཡ་རབས་སྤྱོད་བཟང་འདི་བདེ་སྐྱིད་ཀྱི་རྩ་བར་དགོངས་ནས་ཡུན་རིང་འབད་བརྩོན་གྱིས་དར་སྤེལ་མཛད་པའི་སྲོལ་རྒྱུན་ཡང་དག་པ་རྣམས་རྒྱུན་འཛིན་བྱས་ན་ལུང་པའི་བདེ་སྐྱིད་ལ་ཕན་པར་མ་ཟད་དམངས་གཙོའི་ལམ་ལུགས་དང་མི་འགལ། འོན་ཀྱང་སྲོལ་རྒྱུན་ཁག་ཅིག་གྲལ་རིམ་དབང་འཛིན་པས་བེད་སྤྱོད་ལོག་པར་བཏང་བའང་བྱུང་ཡོད་པར་བརྟེན་སྙིགས་དོར་བཅུད་ལེན་གྱིས་ལུང་པའི་བདེ་་སྐྱེད་ལ་དགོས་ཤིང་དེང་དུས་དང་འཚམས་པའི་སྲོལ་རྒྱུན་ཡང་དག་པ་རྣམས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེ།།
·གསར་འགྱུར་གོང་མ:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།
·གསར་འགྱུར་འོག་མ:གཞས་མ་སྐད་གྲཊ་ཅན་ཝེད་ནི་ཧུ་ཟི་ཐོན་སྐུ་གཤེཊ་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·མི་ཆོས་ལས་འཕྲོས་པའི་བསླབ་བྱ་ 2015/12/1 14:15:34
·དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། 2015/1/17 11:39:30
·མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི། 2014/4/1 10:52:59
·མི་ཆོས་བཞི་པ། ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ། 2012/2/6 15:33:49
·མི་ཆོས་གསུམ་པ། ཕ་མ་ལ་དྲིན་ལན་འཇལ་བ། 2012/1/30 15:34:01
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:30:30 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:47:53 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 11:41:48 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS