ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
གསར་འགྱུར་ཀློག་པ།

རྔ་བ་དང་དབྱར་རྩྭ་དགུན་འབུ། ད་དུང་གཞན་དག

[རྩོམ་པ་པོ:མ་ཎི་དོན་འགྲུབ།  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2012/6/14 7:48:43  བཀླགས་ཐེངས:1510][ཡིག་གཟུགས:ཡིག་གཟུགས་མདོག]
རྔ་བ་དང་དབྱར་རྩྭ་དགུན་འབུ། ད་དུང་གཞན་དག

མ་ཎི་དོན་འགྲུབ།

༥.༢༣ཉིན་ཡུལ་ལ་ལོག་པའི་ལམ་བར་དུ་འགྲོ་རོགས་འགའ་ལ་རྔ་བ་དང་མགོ་ལོག་སྐོར་གྱི་ཁ་བརྡ་ཞིག་བྱས་པ་ཡིན།   མཚམས་ཤིག་ལ་འབྲོག་པ་རྒན་པོ་དེས་སྐད་ཆ་འདི་འདྲ་ཞིག་བཤད་བྱུང་།   རྔ་བ་ཚོ་དབྱར་རྩྭ་རྐོ་རུ་ཡོང་ན་རྫུན་གཏམ་པ་དང་མི་སྐུང་བ་སོགས་ཀྱི་མགོ་འཕྲུལ་འདྲ་མིན་སྣ་ཚོགས་འཐེན་ནས་ས་གླ་ལེགས་པོར་མི་སྤྲོད་པ་མ་ཟད་རང་གི་གླས་བའི་ས་ཐོག་གཅིག་པོ་ནས་བསྡད་དེ་མི་རྐོ་བར་གཞན་གྱི་ས་ཐོག་སོགས་སུ་ཡང་རྐུ་བར་སོང་ནས་རྙོག་དྲ་བཟོ་བར་བྱེད།   དེ་བས་རྔ་བ་ཚོར་ས་གླ་བ་ལས་རྒྱ་མི་ཚོར་གླས་པ་ཡིན་ན་དེའི་དགའ་བར་འདུག་ཟེར།
སྐད་ཆ་དེས་ཅི་ཡིན་འདི་ཡིན་མེད་པར་དེ་འཕྲལ་ཁོ་བོ་འདང་རྒྱག་ཅིག་གི་ནང་དུ་ཐད་གར་ཤར་སེ་འཕངས་སོང་ལ།   ཞིབ་ཏུ་བསམ་བློ་བཏངས་ནས་ཡོང་ན་སྐད་ཆ་འདི་ཉིད་ཀྱི་ལྟག་རྒྱབ་ན་ཏག་ཏག་འུ་ཚོས་གོ་དགོས་ཤིང་འུ་ཚོ་དང་ཧ་ཅང་འབྲེལ་ཆེ་བའི་གནས་ཚུལ་ཞིག་གི་ངོ་བོ་ལྷང་ངེར་བུད་ནས་འདུག་པ་གསལ་བོར་མཐོང་ཡོང་།
དེ་ཡང་འུ་ཚོས་ནམ་ནམ་བྱ་བ་ཅི་ཞིག་ལས་ན་བསྒྲུབ་ན་ཐག་ཉེ་ལས་ཐག་རིང་ལ་བལྟ་མི་ཤེས་པར་མདུན་གྱི་ཁེ་ཕན་གཅིག་པུ་ལ་དམིགས་ཤིང་།   དེ་བཞིན་དུ་མིག་མདུན་གྱི་ཁེ་ཕན་གཅིག་པུ་རྩོད་ལ།   དེའི་ཆེད་དུ་གཞུག་གི་ཕན་གནོད་དང་མཇུག་འབྲས་སོགས་ལ་ཡིད་འཇོག་ཅི་ཡང་མེད་པར་འདོར་བར་བྱེད།   འདི་ནི་འུ་ཚོ་མཐར་ཐུག་གི་རྒྱལ་ཁ་དང་གནས་སྐབས་ཀྱི་ཁེ་ཕན་གཉིས་ལ་གོ་འཛོལ་ཆེན་པོ་ཐེབས་པ་སྟེ།   ཡང་ན་འུ་ཚོས་རྒྱང་རིང་བའི་མིག་རྒྱ་ནི་མཐར་ཐུག་གི་རྒྱལ་ཁ་ཡིན་པ་ཧ་མ་གོ་བས་རེད།   དེ་ལྟར་འུ་ཚོས་རང་གི་ཁེ་ཕན་ལ་གཏོགས་པ་ཞིག་ཡིན་ཕྱིན་བྱ་བ་ཅི་ཞིག་ཡིན་ཀྱང་དེ་བསྒྲུབ་པར་འཛེམས་དོགས་ཅི་ཡང་མི་བྱེད་ལ།   གལ་ཏེ་དེ་ནི་རང་ཉིད་ལ་དབང་སོང་བའི་ཁེ་ཕན་ཞིག་ཡིན་ན་དེའི་ཆེད་དུ་ཕ་རོལ་བོར་ཕན་གནོད་དང་དགེ་སྐྱོན་སོགས་ཅི་ཡང་བྱུང་བའི་དབང་དུ་བཏངས་རུང་དེ་ལ་བསམ་བློ་ཅི་ཡང་མི་སྐྱེ་བར་ཤ་ཐང་ཐང་གིས་དེ་ཉིད་འཐོབ་པར་འབད་ཅིང་བརྩོན་པ་རེད།   ཐ་ན་དེ་ནི་རང་གི་ཕ་ཡི་བླ་རྐང་ཡིན་ཀྱང་གཅོག་ཅི་ཐུབ་བྱེད་པར་ངེས།   དེ་ལྟར་འུ་ཅག་གིས་རང་གི་ཁེ་ཕན་ནི་གཞན་གྱི་ཁེ་ཕན་ལ་ལྟོས་འཇོག་ཅིག་ཡིན་པའི་ཆོས་ཉིད་དེ་མ་ཤེས་པའི་དབང་གིས་རང་གི་ཁེ་ཕན་གཙོ་བོ་བྱེད་པའི་ཐལ་མཐར་ལྷུང་དྲགས་ཏེ་གཞན་གྱི་ཁེ་དབང་ཐོབ་ཐང་སོགས་ལའང་བརྩི་འཇོག་མི་བྱེད་པའི་སྣང་ཚུལ་འདི་ངང་གིས་ཐོན་ཡོང་གི་ཡོད་པ་རེད།   འོན་ཀྱང་དེ་ལྟར་འབད་པས་གནས་སྐབས་རིང་ཁྱོད་ལ་མང་བོ་ཞིག་ཐོབ་སྲིད་པའི་དབང་དུ་བཏངས་རུང་།   མཐར་ཐུག་ཁྱོད་ལ་ཅི་ཡང་དབང་མེད་པ་ཁོ་ཐག་ཡིན་ཏེ།
དཔེར་ན།  འབྲོག་པ་རྒན་པོ་དེས་བཤད་པའི་སྐད་ཆ་ནང་ལྟར།   འོ་ཅག་རྔ་བ་དག་གིས་དབྱར་རྩྭ་རྐོ་རུ་ཡོང་ས་དག་ནས་ནམ་ནམ་རྫུན་གཏམ་པ་དང་མིའི་གྲངས་ཀ་སྦ་སྐུང་བྱེད་པ་སོགས་མགོ་འཕྲུལ་གྱི་རིག་པ་སྣ་ཚོགས་སྤྱད་པ་དང་།   གཞན་གྱི་ས་ཐོག་ཚུན་ཆོད་དུ་རྐུན་ལག་བརྐྱངས་རྒྱུ་མང་མང་བྱས་བས།   མི་ལེགས་པའི་བྱ་སྤྱོད་དེ་དག་གིས་ཡུལ་ག་ཤེད་དང་ས་ཆ་དེ་ཤེད་ཀྱི་མི་དག་གི་བློ་ལ་བག་ཆགས་ངན་པ་གཅིག་གཅིག་གཉིས་གཉིས་སུ་བཞག་སྟེ།  མཐར་ད་ལོར་ཡོང་སར་སང་ལོ་འགྲོ་སར་མེད་པ་དང་སང་ལོར་འགྲོ་སར་ལོ་གཞུག་མར་འགྲོ་སར་མེད་པར་བཏངས་དང་གཏོང་བཞིན་པ་འདི་རེད།   ཐ་ན་རྔ་བ་ཚོར་ས་གླ་བ་ལས་རྒྱ་མི་རིགས་དག་ལ་གླ་རྒྱུའི་དགའ་བར་འདུག་ཅེས་ཟེར་དགོས་བྱུང་གི་ཡོད་པ་རེད།
འདི་ནི་འུ་ཚོས་རང་གི་མིག་སྔུན་གྱི་ཁེ་ཕན་གཙོ་བོ་བྱས་ཏེ་ལུགས་མཐུན་མིན་པའི་བྱ་བ་བསྒྲུབ་མང་སོང་བའི་རྐྱེན་གྱིས་རེད།
རྔ་བ་བཟང་ཡང་རྔ་མ་འཁྱོགས་ཟེར་བའི་སྐད་ཆ་དུམ་བུ་འདི་ཡང་ཏག་ཏག་གནས་ཚུལ་འདི་འདྲའི་འོག་ཏུ་ཐོན་པའི་སྤྱི་སྡོམ་ཐུང་ཐུང་ཞིག་ཡིན་པ་ཐག་གིས་ཆོད།  འདི་ནས་ད་དུང་དཔེ་གཞན་ཞིག་དྲངས་ན།  མགོ་ལོག་པ་ཀུན་དགའ་ཚངས་དབྱངས་ཀྱིས་བྲིས་པའི་རྩོམ་ཡིག་ཅིག་གི་ནང་དུ་སྨན་རྩྭ་ཉོ་མཁན་གྱི་བོད་རང་གི་ཚོང་བ་ཚོས་རྒྱ་མ་ལ་ལས་སྣོན་བྱེད་པ་དང་ལྐོག་ཏུ་རྐུ་བྱས་པ་སོགས་ཚུལ་མཐུན་མིན་པའི་ཚོང་བརྒྱབ་པ་དེས།   རང་གི་ལག་གི་ཚོང་རང་གིས་ཤོར་དུ་བཅུགས་ཏེ་ད་ལྟ་ཁོ་ཚོ་ལ་དབྱར་རྩྭ་སྟོན་མཁན་ཞིག་མེད་པའི་ཚོད་དུ་བསྐྱལ་བཞིན་པ་དང་།   མང་ཚོགས་ཚོས་དེ་ཚོར་སྟོན་པ་ལས།   ཁ་ཆེ་བ་ཚོར་ཕམ་ཚོང་བྱ་རྒྱུའི་དགའ་ ཟེར་བ་རེད་ཅེས་འཁོད་འདུགཚིག་ཇི་བཞིན་དུ་ཡིད་ལ་མི་དྲན་ཡང་དོན་ཕལ་ཆེར་འདི་འདྲ་ཞིག་ཡིན་ཐལ།  དངོས་གནས་རང་གི་འགྲོ་ལམ་རང་གིས་བཀག་པ་མ་རེད་དམ།   འུ་ཚོས་འདི་ལྟའི་རང་གི་ཉེས་སྐྱོན་དག་རང་གིས་མ་མཐོང་མ་བཅོས་ན།   ནམ་ཞིག་གི་ཚེ་འུ་ཚོ་རང་གི་སྤྱི་ཚོགས་འདི་མ་ཟད་འཛམ་གླིང་མི་གྲལ་ནས་བུད་མི་འགྲོ་བའི་ལ་ཐིང་ཁྱོན་ནས་ཡོད་པ་མ་རེད།
གྲོང་ཁྱེར་ནས་བོད་པ་ཚོར་མགྲོན་ཁང་དུ་སྡོད་པའི་མིང་ཐོ་འགོད་ཀྱི་མེད་པའི་གནས་ཚུལ་ཞིག་ཀྱང་ཐོས།   དེ་ནི་བོད་པ་ཚོ་མགྲོན་ཁང་དུ་བསྡད་ན་ནང་གི་བཅའ་ལག་དག་ལ་གཅེས་སྦྲས་མི་བྱེད་པ་དང་བཅའ་ལག་བོར་འགྲོ་ཡི་ཡོད་པ་རེད་ཟེར།  འུ་ཚོའི་རང་ངོས་ལ་ཞིབ་འདང་རྒྱབ་པ་ཡིན་ན་དེ་འདྲའི་གཏམ་ཡང་མི་བདེན་པའི་ཆ་ལར་ནས་མེད་པས་ཏག་ཏག་འུ་ཚོས་འུ་ཚོ་མི་གྲལ་ནས་ཕུད་བཞིན་པའི་སྣང་ཚུལ་ཧ་ཅང་ཤ་འདར་ཡོང་བ་ཞིག་མ་རེད་དམ།
འོན་ཀྱང་།   ས་ཆ་དང་ཡུལ་ཕྱོགས་ཀྱི་ཕྱོགས་རིས་ཆེ་བ་འུ་ཚོས་ད་དུང་ཡང་ཅི་ཅི་ཅིག་གིས་རྒྱུ་འབྲས་མི་བརྩི་རབས་དང་ཉི་ཉི་ཉིག་ལ་ལ་རྒྱ་མི་འདུག་ཚུལ་དག་གི་གླེང་ནས་གནས་ལུགས་བཤད་ཁུལ་བྱེད་བཞིན་ཡོད་པ་རེད།

2012.6.9 ཉིན་གྲུབ།
·གསར་འགྱུར་གོང་མ:ཨེ་ཝྃ་ལྔ་རིག་དཔེ་མཛོད་ཁང་།
·གསར་འགྱུར་འོག་མ:དགེ་བཅུའི་ཁྲིམས་ནི་མེད་མི་རུང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ལུཊ་སྨན་རྫས་འགའི་ངོས་འཛིན་སྐོར་ལ་དཔྱད་པ། 2010/10/25 12:17:56
·བྲོ་གཞས་ཡར་ཀླུང་གི་དཔྱིད་དཔལ་ལ་ཞབས་བྲོའི་འགྲན་བསྡུར་གྱི་བྱ་དགའ་ཐོབ་པ། 2009/11/17 20:29:25
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:18:54 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:47:55 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:31:31 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS