ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
གསར་འགྱུར་ཀློག་པ།

དགེ་རྒན་ཡིན་པའི་ཆ་ནས་ཁྱེད་ཀྱིས་དཔེ་ཆ་ཅི་ཙམ་བཀླཊ་སམ།

[རྩོམ་པ་པོ:སྐ་ཆུང་གིས་བསྒྱུར།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/6/17 11:24:56  བཀླགས་ཐེངས:1498][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །  དགེ་རྒན་ཡིན་པའི་ཆ་ནས་ཁྱེད་ཀྱིས་དཔེ་ཆ་ཅི་ཙམ་བཀླགས་སམ།

སྐ་ཆུང་གིས་བསྒྱུར།

གལ་ཏེ་བརྟག་དཔྱད་ཅིག་བྱས་ཐུབ་ཚེ། ཉེ་ཆར་སློབ་གསོའི་ཆེད་རྩོམ་དང་གསུང་རབ་གྲགས་ཆེན་འདི་ཙམ་བཀླགས་སོ་ཞེས་ཤོད་ཐུབ་པའི་དགེ་རྒན་ཕལ་ཆེར་མང་པོ་མེད།  དཔེ་ཆ་འདི་བཅུ་ཡིས་རང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སོ་ཞེས་རང་ཁྱིམ་གྱི་ཕུགས་ནོར་བཞིན་དུ་མིང་འདོགས་ཐུབ་པའི་དགེ་རྒན་ཕལ་ཆེར་མང་པོ་མེད། རང་ཉིད་སློབ་གསོའི་སྐོར་གྱི་ཚགས་དེབ་འདི་རྣམས་ལ་དགའ་ཞེས་ཤོད་ཐུབ་པའི་དགེ་རྒན་མང་པོ་མེད་པ་སོགས་ཀྱི་རྒྱུ་མཚན་ནི་མི་མང་པོ་ཞིག་གིས་གཏན་ནས་མ་བལྟས་པའམ་ལྟ་བའི་དུས་ཚོད་མེད་པ་རེད།
དགེ་འོས་མཐར་ཕྱིན་བྱས་རྗེས་སློབ་དེབ་ལས་གཞན་པའི་དཔེ་ཆ་རྣམས་ལ་བདེ་མོ་གྱིས་ཞེས་རྗོད་མཁན་གྱི་དགེ་རྒན་ཅི་ཙམ་ཡོད། ཐ་ན་སློབ་དེབ་དང་སློབ་དེབ་ཟུར་བལྟའི་དཔེ་ཆའང་ལོ་དུ་མར་དེབ་སྣ་གཅིག་སྤྱོད་ཅིང་པར་གཞི་ལ་འགྱུར་ལྡོག་བྱུང་ཡོད་པ་ཡང་མི་ཤེས་པའི་དགེ་རྒན་ཅི་ཙམ་ཡོད། སྦྱང་ཚན་དེ་རང་སྐོར་གྱི་ཤེས་བྱ་ལ་ཐེ་ཚོམ་ཡོད་ཚེ་ལས་གྲོགས་དང་གྲོས་སྡུར་བྱས་པ་ལས་དེ་མིན་གྱི་ཐབས་ལམ་གཞན་ཏེ་དཔེར་ན་ཡོ་བྱད་དཔེ་ཆ་ཀློག་པའམ་དཔེ་མཛོད་ཁང་དུ་འགྲོ་བ། དྲྭ་རྒྱར་ཉུལ་བ་སོགས་ལ་བརྟེན་ནས་དཔྱང་ཐག་གཅོད་པའི་དགེ་རྒན་ཅི་ཙམ་ཡོད།
དེར་བརྟེན་དགེ་རྒན་དུ་མ་ཞིག་གིས་སློབ་གསོའི་སྐོར་གྱི་གསུང་རབ་སྟེ་དཔེར་ན་སུ་ཧོམ་ནིན་སི་ཅིའི་(B·A·Cyxomjnhcknn,1918-1970)གསུང་རྩོམ་ལ་མི་ལྟ་ཞིང༌། རྒྱུན་ཆད་མེད་པར་འཕེལ་འགྱུར་འགྲོ་བཞིན་པའི་སློབ་གསོ་རིག་པ་དང་སེམས་ཁམས་རིག་པའི་དཔེ་ཆའང་ལྟ་བ་མ་རེད། སྐད་ཡིག་ཁྲིད་མཁན་གྱིས་རྩོམ་རིག་སྐོར་གྱི་གསུང་རབ་ལ་ལྟ་གི་མེད་ལ་ནོར་བྷེལ་རྩོམ་རིག་བྱ་དགའ་དང་མའོ་ཏུན་རྩོམ་རིག་བྱ་དགའ་茅盾文学奖ཐོབ་མཁན་སུ་ཡིན་པ་དང་དེ་དག་གི་ལྗགས་རྩོམ་གང་ལྟར་ཡིན་པ་མི་ཤེས་ཤིང༌། ཐ་ན་རྩོམ་རིག་ཞིབ་མྱོང་གི་རྩ་བའི་རྒྱུན་ཤེས་ཀྱང་འདང་གི་མེད། རིགས་ཚན་ཁྲིད་མཁན་གྱིས་སྦྱང་ཚན་དེ་གའི་འགྱུར་ལྡོག་གསར་པ་དང་ལོ་རྒྱུས་ཀྱི་ཕུགས། སློབ་མའི་ཤེས་ཡོན་གྱི་རིམ་པའི་ད་ལྟའི་གནས་ཚུལ་མི་ཤེས་པར་དཔེ་བལྟས་ཡིག་བཀླག་བྱེད་ཀྱི་ཡོད། དབྱིན་ཡིག་ཁྲིད་མཁན་གྱིས་དབྱིན་ཡིག་རྒྱལ་ཁབ་ཁག་གི་རིག་གནས་ཀྱི་རྩ་བའི་་བྱུང་བ་དང་འཕེལ་རབས། ཡུལ་སྲོལ་གོམས་གཤིས་རྣམས་ལ་རྒྱུས་འདྲིས་མེད། འཛིན་གྲྭའི་འགན་ཁུར་དགེ་རྒན་གྱི་ལས་ཀ་སྒྲུབ་ཐབས་དང་མན་ངག་སྐོར་གྱི་ཆེད་རྩོམ་མམ་རྩོམ་ཡིག་ལ་མི་ལྟ་བ་དང་བྱིས་པ་རྣམས་དགའ་བའི་དཔེ་ཆའམ་དུས་དེབ་ལ་བལྟས་ནས་ཁོ་ཚོ་ལ་རྒྱུས་ལོན་ཡོང་ཐབས་ནི་དེ་བས་ཀྱང་བྱེད་ཀྱི་མེད། རང་ལས་གཞན་མི་ཤེས་པའི་མཇུག་འབྲས་ནི་འཛིན་གྲྭའི་འགན་ཁུར་བའི་ལས་ཀ་རྣམས་བྱི་བས་རུས་སྦལ་འཐེན་པ་ལྟར་དུ་འགོ་ཚུགས་མི་ཐུབ་པའམ་རྒྱུན་པར་ངལ་བ་ངོ་སོ་མེད་པར་གྱུར།  དེར་བརྟེན་ཀློག་པ་པོ་ཞེས་པ་《读者》ཁ་ཕྱེ་ཙམ་དང༌། ཁྱིམ་ཚང་ཞེས་པ་《家庭》ལ་ལྟ་ཙམ་བྱེད་པ་དེ་ལ་ལྟ་ཀློག་གོམས་གཤིས་ཡོད་པར་བརྩིས་པ་དང་སློབ་ཁྲིད་ཟུར་དཔྱད་ཡིག་ཆར་རིག་པ་འཇུག་ཙམ་པ་སློབ་ཁྲིད་ལ་བརྩོན་ཞིབ་བྱས་པར་བརྩིས། དཔེ་ཅོག་ཐོག་ཡོ་བྱད་དཔེ་ཆ་རེ་ཟུང་ཡོད་ན་འགན་ནན་ཏན་འཁུར་བར་བརྩིས་པ་སོགས་རེད། དགེ་རྒན་ཁ་ཤས་ཀྱིས་ཆུ་ཚོད་བརྒྱད་ཀྱི་ནང་དུ་ནམ་ཡང་སློབ་མ་མི་འགྲིག་པ་དང་ཐོབ་ཐང་མི་བཟང་ངོ་ཞེས་འཁང༌། ཆུ་ཚོད་བརྒྱད་ཀྱི་འཕྲོས་སུ་རང་གི་སློབ་མར་བསམ་བློ་གཏན་ནས་འཁོར་གྱི་མེད་ནའང༌། རང་གི་རྣ་བར་གྲག་རྒྱུ་ནི་ཟློས་གར་བརྙན་འཕྲིན་གྱི་ཁ་བརྡ་དང་འགྲིག་ཤོ(麻将)བརྩེས་པའི་སྒྲ་རེད། ཁོ་ཚོ་ལ་ལོ་གཅིག་གི་ནང་དུ་སློབ་གསོ་དང་སློབ་ཁྲིད་ལ་རང་སྟོབས་ཞིབ་འཇུག་བྱེད་པའི་ཁོམ་ལོང་ཡོད་དུས་དཀའ། དེ་ལས་ལྡོག་པར་སློབ་གསོར་རིག་པ་འཇུག་ཅིང་ལྟ་ཀློག་འབོར་ཆེན་བྱེད་པའི་དགེ་རྒན་ལ། ཁྱོད་ཀྱིས་ཅི་ལ་དམིགས་པ་ཡིན་ཞེས་ཟུར་སྨོད་བྱེད། རང་གི་དངུལ་ཕུད་དེ་སློབ་གསོ་སྐོར་གྱི་དུས་དེབ་དང་ཚགས་པར་མངག་ཉོ་གཏོང་བའི་དགེ་རྒན་ནི་ཁོ་ཚོས་བསམ་ཡུལ་ལས་འདས་པ་ཞིག་ཏུ་ལྟ། ལྟ་ཀློག་ནི་དགེ་རྒན་གྱི་རྩ་བའི་བླང་བྱ་ཞིག་རེད། རྩ་བ་གསོ་ཞིང་སྡོང་པོ་རྒྱས། །སྣུམ་གྱིས་བརླན་པས་གཟི་འོད་འབར། །ཞེས་པས་ན་ལྟ་ཀློག་མ་བྱས་པར་དགེ་རྒན་རང་གི་བསམ་བློ་རྒྱས་ཐུབ་ཀྱི་མ་རེད། དགེ་རྒན་རང་གིས་ལྟ་ཀློག་མ་བྱས་ཤིང་རང་གི་ལྟ་ཀློག་བྱང་ཚད་ཇེ་མཐོར་མ་བཏང་བར་སློབ་མ་ལ་ཡར་ཐོན་ཡོང་རེ་བྱས་ཚེ། འོ་ན་སློབ་མས་གོམ་སྟབས་བསྐྱེད་དེ་མདུན་དུ་འགྲོ་དུས་ང་ཚོ་ལྟ་ཀློག་མི་བྱེད་པའི་དགེ་རྒན་གྱིས་རང་སེམས་ཅི་འདྲའི་སྒོ་ནས་ཕུན་སུམ་ཚོགས་པར་བྱེད། རང་གི་གཤིས་རྒྱུད་ཀྱི་རྐྱེན་ལས་སློབ་མར་ཤུགས་རྐྱེན་ཅི་འདྲ་ཐེབས། ཤེས་རིག་འབློན་ཐང་དང་བརྒྱུད་རིམ་བྱེད་ཐབས། བརྩེ་དུང་རིན་ཐང་སོགས་ཀྱི་ཐད་ནས་སྐུལ་འདེད་བྱས་ཏེ་སློབ་མ་ཡར་ཐོན་ཅི་འདྲ་ཡོང༌། སུ་ཧོམ་ནིན་སི་ཅིས་དཔེ་ཆའི་སྟོབས་ཤུགས་ལ་ཡིད་ཆེས་ཚད་མེད་བྱེད་པ་ནི་ཁོང་གི་སློབ་གསོ་དད་མོས་ཀྱི་བདེན་དོན་ཞིག་ཡིན་པར་གསུངས།
འདི་དགེ་རྒན་ཐམས་ཅད་ཀྱི་སློབ་གསོའི་བདེན་ཚིག་ཏུ་འགྱུར་ཐུབ་པར་སྨོན། །
·གསར་འགྱུར་གོང་མ:གློག་ཀླད་སྐོར་གྱི་གླེང་མོ་ཐུང་ངུ༌། །
·གསར་འགྱུར་འོག་མ:དེང་རབས་ཀྱི་བཟའ་བཏུང་གི་འཕྲོད་བསྟེན་བྱ་ཚུལ་༡༠
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·གེ་སར་སྒྲུང་གི་ཡིག་བསྒྱུར་ཐད་ཀྱི་གནད་དོན་ལ་ཅུང་ཟད་དཔྱད་པ་། 2009/11/8 21:09:57
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:09:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:08:36 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 9:18:28 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS