ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

རླངས་འཁོར་ཁ་ལོ་པ་དག་གིས་གཟོབ།

[རྩོམ་པ་པོ:གངས་བུ་ཡིད་དགའ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2012/8/6 16:33:24  བཀླགས་ཐེངས:1116][ཡིག་གཟུགས:ཡིག་གཟུགས་མདོག]
རླངས་འཁོར་ཁ་ལོ་པ་དག་གིས་གཟོབ།

གངས་བུ་ཡིད་དགའ།
ཉེ་བའི་ལོ་འདི་དག་གི་རིང་ལ་དཔལ་འབྱོར་འཚོལ་སྙེག་ཁོ་ནའི་དབང་གིས་མི་རྣམས་ཀྱི་སེམས་ནི་ཤིན་ཏུ་རྙོག་མ་ཅན་དུ་གྱུར་ཚར། དེ་བས་ཡུལ་ཕྱོགས་སོ་སོ་ནས་དཔལ་འབྱོར་ཡར་རྒྱས་ཁོ་ན་ལ་བརྩོན་ཆེ་བའི་དབང་གིས་ཕྱི་ཡི་དངོས་པོའི་རིགས་ཀྱིས་མི་རྣམས་ཀྱི་གཤིས་ཀ་ཡོངས་སུ་བསྒྱུར་ཏེ་ལས་རྒྱུ་འབྲས་དང་། ཚེ་ཕྱི་མ། གསོན་ད་གང་།  དྲང་བདེན།  ལུགས་མཐུན་སོགས་ཀྱི་ལྟ་བ་རྩ་ནས་བཅད་ཅིང་གཅོད་ཀྱིན་ཡོད་པས། ད་ནི་མི་རྣམས་ཀྱི་སེམས་ཁམས་ནི་འདོད་རྔམ་ཁོ་ན་ཡིས་བཟུང་ནས་ཡོད་པས་ཐ་ན་རྩྭ་ཆག་སྤར་མོ་གང་དང་། སྒོར་རྡོག་ལྔ་ཙམ་གྱི་དོན་དུ་ཤིན་ཏུ་གཅེས་འགོངས་ཆེ་བའི་རིན་ཆེན་ཚེ་སྲོག་གཅོད་ཀྱིན་ཡོད།  རྒྱུ་མཚན་དེ་རིགས་ཀྱི་འོག་ནས་བྱུང་བའི་གནས་ཚུལ་ལྟར་ན།  ༢༠༡༡ལོའིི་ལོ་ཕྱེད་ཚུན་ནས་ད་ལྟའི་བར་དུ་ཡུལ་ཤུལ་ཁུལ་ནས་འཁོར་ཕྲན་སོགས་ཀྱི་ཁ་ལོ་པ་ལྔ་༼འདི་ནི་རང་གིས་ཡུལ་ཤུལ་ཁུལ་གཅིག་ནས་གོ་ཞིང་ཤེས་པའི་གནས་ཚུལ་ཡིན་ལ།  ད་དུང་རང་གིས་མ་གོ་མ་ཤེས་ས་ནས་ཁ་ལོ་པ་དུ་ཙམ་བཤད་ཡོད་མི་ཤེས།༽ས་ཆ་གཞན་དང་གཞན་ན་བཙན་ཁྲིད་བྱས་ཏེ་ཇག་པ་དག་གིས་བསད་ཚར།  གསོད་ལུགས་ནི། དཔེར་ན་འཁོར་ཕྲན་ཁ་ལོ་པ་གཅིག་ལ་མི་བཞི་ལྔ་དྲུག་བདུན་ཙམ་གྱིས་ང་ཚོ་ས་ཆ་ག་གེ་མོ་ན་འགྲོ་དགོས་པས་ཁྱོད་ཀྱི་འཁོར་ཕྲན་གླ་ཞིང་གླ་རིན་ལ་སྒོར་མོ་མང་པོ་སྦྱིན་ཞེས་པའི་རྫུན་དང་གཡོ་སྒྱུ་ཡིས།  ཁ་ལོ་པ་ས་ཆ་གཞན་ལ་ཁྲིད་ཅིང་། དེ་ནས་ས་ཆ་གཞན་ལུང་ཁུག་ལྟ་བུ་དང་།  ཡང་ན་མཚན་མོ་ལྟ་བུ་ལ་ཁ་ལོ་པ་གསོད་དེ་ཕུང་པོ་ས་གནས་དེ་ཉིད་དུ་སྦས་པའམ་ཡང་ན་ས་ཆ་གཞན་ལ་ཁྱེར་ནས་འགྲོ། ཁ་ལོ་པ་བསད་ཚར་རྗེས་འཁོར་ཕྲན་ཁོ་ཚོས་འཕྲོག་ཅིང་། ཁ་ལོ་པའི་ལུས་ལ་ཡོད་པའི་སྒོར་དང་ཁ་པར་སོགས་རྒྱུ་ནོར་ཡོད་ཚད་ཁོ་ཚོས་ཁྱེར་འགྲོ་བ་ནི་སྨོས་ཅི་དགོས། དེ་ལྟར་བྱས་ནས་ཁ་ལོ་པ་མང་པོའི་ཚེ་སྲོག་རྒྱུ་ནོར་གྱི་དོན་དུ་ཤོར་གྱིན་ཡོད། དེ་བས་མགྲོན་པོ་སྐྱེལ་འདྲེན་བྱེད་མཁན་གྱི་ཁ་ལོ་པ་རྣམས་ཀྱིས་ཤིན་ཏུ་གཟབ་དགོས། རྒྱུ་ནོར་ཁོ་ན་ལས་བསམ་མི་ཤེས་པའི་ཇག་པ་ཁྲམ་པ་དེ་དག་གིས་མཚན་མུན་པ་ནག་པོའི་དུས་དང་བསྟུན་ནས་ཁ་ལོ་པ་རྣམས་གཞན་ལ་ཁྲིད་དེ་གསོད་ཅིང་རླངས་འཁོར་ཕྲོགས་པ་དང་། དེ་མིན་ས་ཐག་རིང་ལ་གླ་འཁོར་གླ་ཁུལ་གྱིས་གསོད་པ་སོགས་བྱེད་ཀྱིན་ཡོད་པས།  ཕྱོགས་ཡར་མར་གྱི་ཁ་ལོ་པ་རྣམས་ཀྱིས་དུས་ནམ་ཡང་གཟབ་དགོས། ཇག་པ་དེ་དག་ལ་རྒྱ་དང་བོད་ཀྱི་དབྱེ་འབྱེད་མེད་པར་རིགས་དེ་དག་གིས་གང་ནས་ཡོད་པས་བོད་ཀྱི་མི་རིགས་ཡིན་པས་མི་མི་གསོད་པ་དང་།  ཡང་ན་རྒྱ་མི་ཡིན་པས་མི་གསོད་པ་སོགས་ཀྱི་རིགས་དབྱེ་མེད་པས་གླ་འཁོར་གླ་མི་སུ་ཞིག་ཡིན་ན་ཡང་ཁ་ལོ་པ་རྣམས་ཀྱིས་ཐུགས་གཟོབ་མཛད་རྒྱུུ་མ་འཕྱུགས།
·གསར་འགྱུར་གོང་མ:རིག་འབྱུང་དྲ་བ་ངོ་སྤྲོད་མདོར་བསྡུས།
·གསར་འགྱུར་འོག་མ:ལྷམ་གྱི་སྟེང་ན་སངས་རྒྱས་ཀྱི་སྐུ་བརྙན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:45:58 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:21:15 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:54:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS