ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས།

[རྩོམ་པ་པོ:དགེ་བུ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/8/12 10:38:16  བཀླགས་ཐེངས:3287][ཡིག་གཟུགས:ཡིག་གཟུགས་མདོག]
ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས།
ཨོ་རྩལ་འགྲན་ཚོགས་རྨི་འདུན་མངོན་དུ་འགྱུར།

རིགས་ཀྱི་བུ་མོ།  སྤོབས་པ་དང་ཤུགས་ཀྱིས་ཁེངས་པའི་ཁྱོད་ཀྱི་གོམས་སྟབས་རེ་རེས་ང་ཚོ་ལ་སྤོབས་པ་དང་རེ་བ་བསྩལ།
རིགས་ཀྱི་བུ་མོ་དེ་བཞིན་ལྟར།  རྒྱལ་ཁ་དེ་འཛུམ་གྱིས་བསུ་དགོས་ལ། བསུས་ཀྱང་ཡོད།
རིགས་ཀྱི་བུ་མོ།  གཟི་བརྗིད་ཀྱི་རྒྱལ་ཁ་ཡིས་བསིལ་ལྡན་ལྗོངས་ལ་སྔར་མེད་ཀྱི་ལོ་རྒྱུས་བསྐྲུན།

ཆོས་དབྱངས་སྐྱིད་ཀྱིས་ལོན་ཏོན་ཨོ་ལན་ཕིག་འགྲན་ཚོགས་སྟེང་ཨེ་ཤ་ཡའི་ཟིན་ཐོ་གཏོད་ནས་་ཟངས་ཀྱི་རྟགས་མ་བླངས་པ།

སྤྱི་ལོ་༢༠༡༢ལོའི་ཟླ་༨པའི་ཚེས་༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༢པའི་ཐོག་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལ་ཨོ་ལིན་ཕིག་སྤྱི་ལེ་༢༠ཡི་འདུར་རྒྱུགས་རྩལ་འགྲན་ཐོག་ཨེ་ཤ་ཡའི་ཟིན་ཐོ་གཏོད་ནས་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ།  ཁོ་མོ་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་པའི་ལོ་རྒྱུས་སྟེང་གི་བྱ་དགའི་རྟགས་མ་ལེན་མཁན་བོད་རིགས་ཨང་དང་པོ་ཡིན་ལ། བོད་རིགས་བུད་མེད་འགྲན་ཞུགས་པ་དང་པོ་ཡང་ཡིན་པ་རེད།  ཕྱོགས་ཡར་མར་གྱི་སྤུན་ཟླ་ཚོས་ཁོང་ལ་བྱ་དགའ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུས་པ་དང་།  ཁོ་མོས་རྩལ་འགྲན་གྱི་མགོ་ནས་མཇུག་བར་འཛུམ་མདངས་ཀྱིས་ཁེངས་བཞིན་རྒྱུགས་རྩེད་རྒྱུན་འཁྱོངས་གནང་སྟེ་རྒྱལ་ཁ་འཛུམ་གྱིས་བསུས་བྱུང་བ་དེས་རང་ཅག་ལ་གཟི་བརྗིད་དང་ཡིད་ཆེས། སྤོབས་པ་དཔག་མེད་བསྣན་བྱུང་ཞེས་དེར་ཐུགས་རྗེ་ཆེ་བཀའ་དྲིན་ཆེ་ཞེས་ཞུས་འདུག
ཐེངས་དང་པོར་འགྲན་ཞུགས་དང་བྱ་དགའ་ཐོབ་པ་དེའི་ཐོག་ནས་རང་རེར་འདྲ་མཉམ་གྱི་གོ་སྐབས་ཡོད་ན་གང་ཡང་འཇོན་པ་དང་ནུས་པའི་བདེན་དཔང་བྱས་པ་དང་། སླད་ནས་སྤུན་ཟླ་ཚང་མས་རང་འཁྲིའི་ལས་དོན་གང་ཅིའི་ཐད་འབད་བརྩོན་ལྷུར་ལེན་གྱིས་སྟོབས་ཤུཊ་མཉམ་བསྐྱེད་བྱས་ན་བྱས་པའི་ལས་ལ་གྲུབ་འབྲས་ཐོབ་ངེས་་ཡིན་པའི་བློ་སྐྱེད་དང་གདེངས་སྤོབས་གསར་པ་ཞིག་རྙེད་ཐུབ་པ་བྱུང་ཡོད་ཅེས་གླེང་སློང་གནང་འདུག
དེ་བཞིན་དྲ་གྲོགས་མང་པོ་ཞིག་གིས་ཁོང་དང་ཁོང་གི་ཁྱིམ་མི་བཅས་པར་བཀྲ་ཤིས་བདེ་ལེགས་ཀྱི་བཀའ་དྲིན་ལེགས་གསོ་མཚོན་པ་དང་།  བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་བཟང་པོ་ཡང་ཞུས་འདུག  གཤམ་ལ་དེ་དག་ལས་ཁག་ཅིག་འདིར་དྲངས་ན།
གངས་ཅན་བོད་ཀྱི་སྲས་མོ་དེ།། འཛམ་བུ་གླིང་དུ་སྙན་གྲགས་རྒྱས།། ཨོ་ལིང་ཕིག་གི་རྩལ་འགྲན་ཁྲོད།། རིམ་པ་གསུམ་པའི་དགའ་རྟགས་བླངས།།
ཉིད་ཀྱིས་རེ་བ་ཁྲི་ཕྲག་གི་ལམ་ཁ་རྒྱུད་དེ་གོ་ལ་འདིའི་ཡངས་སྟེང་ན་འོད་སྣང་གི་གཟི་བྱིན་སྦར། ང་ཚོ་རིགས་རྒྱུད་གཅིག་པས་ཁྱེད་ལ་བདེ་ལེཊ་ཞུ་བཞིན་ཡོད།
ཁྱེད་ལ་དངས་གཙང་གི་ཁ་བཏགས་དཀར་གཙང་ཞིག་ཕུལ་ནས་བཀྲིས་རྟེན་འབྲེལ་ཞུ། ཁྱེད་ནི་གདོང་དམར་བའི་སྤོབས་པ་ཡིན།
ཁྱེད་ལ་ཕྱི་ནང་བོད་མི་ཚང་མས་བསྔགས་བརྗོད་མང་པོ་འདུག ཁྱེད་ཀྱི་འདྲ་པར་མང་པོ་ཡོད།
རྗེས་མ་གང་ཅི་རང་མགོ་རང་ཐོན་ཕུན་ཚོཊ་ཡར་དར་ཡོང་བའི་རྟེན་འབྲེལ་ཡིན། རྟེན་འབྲེལ་གྱི་སྙིང་པོ་མཐུན་ལམ་ཡིན། རྒྱལ་ཁ་ཡི་རྩ་བ་ཡར་བརྩོན་ཡིན།
·གསར་འགྱུར་གོང་མ:ཐ་སྙད་རྙིང་པའི་ཚིག་མཛོད་པར་རིས
·གསར་འགྱུར་འོག་མ:བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོཊ་བསྒྲིཊ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·༼གནའ་བོའི་བོན་གྱི་རིག་མཛོད་པར་སྐྲུན་བྱས་པ 2012/3/19 21:09:14
·ཐའེ་ཝན་དུ་ནང་བསྟན་བགྲོ་གླེང་ཚོགས་འདུ་ལེགས་གྲུབ་བྱུང་བ། 2012/3/19 11:14:03
·གསར་འགྱུར 1+1གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་རྒྱུད་འཛིན་སྐོར། 2011/10/20 10:52:46
·གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་ 2011/7/20 15:09:55
·རོང་བོ་དགོན་པས་ཉི་ཧོང་དང་ཡུན་ནན་ས་ཡོམ་ལ་བསྔོ་སྨོན་གསུང་པ། 2011/3/26 18:21:21
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:42:04 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:55:13 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:14:14 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS