ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོཊ་བསྒྲིཊ།

[རྩོམ་པ་པོ:དགེན་བཀའ་མགོན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/8/12 16:48:10  བཀླགས་ཐེངས:1844][ཡིག་གཟུགས:ཡིག་གཟུགས་མདོག]

༅། །བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་ཞེས་པ་

མཚམས་སྦྱོར་མདོར་བསྡུས།

 

བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཞེས་པ་ནི། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དགེ་བའི་བཤེས་གཉེན་ཁུ་བྱུག་གཙོས་པའི་དགེ་སློབ་སྐོར་ཞིག་གིས་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་ད་ལྟའི་དུས་སུ་མ་ཤེས་ཐབས་མེད་དང་། ཤེས་ནས་ངེས་དགོས་པ། ངེས་ནས་བསྒྲུབ་དགོས་པའི་བོད་ཀྱི་ཆོས་དང་རིག་གནས་སོགས་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ཁ་ཕྱོགས་དང་། འོས་འགན། གནད་དོན་སོགས་མང་པོ་ཞིག་ངེས་དགོས་པའི་དུས་ཀྱི་འགག་མདོ་ཞིག་ལ་ཐུག་ཡོད་ཚེ། གངས་ཅན་ལྗོངས་ཀྱི་མི་རབས་གསར་པ་རྣམས་ཀྱིས་དེབ་གཅིག་གི་ཐོག་ནས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་བའི་དགོས་པ་དང་། འོས་འགན་སོགས་ངེས་པའི་ཆེད་དུ་བོད་ཀྱི་མཁས་པས་བརྩམས་པའི་ལེགས་རྩོམ་སྐོར་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་ནས་གངས་ཅན་པ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ཞིག་ཡིན་ཞིང་། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༢ལོའི་ཟླ་༦པར་པར་གཞི་དང་པོ་ཐེངས་དང་པོར་དཔར་དུ་བསྐྲུན་པའོ། །

བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་ཞེས་པའི་དེབ་ཀྱི་བརྗོད་བྱའི་ནང་དོན་གྱི་སྒྲིག་རིམ་གྱི་ཆ་ནས་མདོར་བསྡུས་ཞུ་ན།

དང་པོ། སྐད་ཡིག་སྐོར་གྱི་ལེགས་རྩོམ་བློ་གསལ་མིག་འབྱེད་ཀྱི་ཆ་ནས་རྡོ་རྗེ་རྒྱལ་པོས་བརྩམས་པའི་བོད་ཀྱི་ཡིག་སྲོལ་དར་ཚུལ་བརྗོད་པའི་གཏམ་བློ་གསར་དགའ་སྟོན་ཞེས་པ་དང་། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་བརྩམས་པའི་བོད་སྐད་ཡིག་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཅེས་པ།  སྨོན་ལམ་རྒྱ་མཚོས་བརྩམས་པའི་བོད་ཡིག་གི་སྐོར་ལ་ལྟ་ཚུལ་རགས་ཙམ་གླེང་བ་ཞེས་པ། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི་མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ་ཞེས་པའི་ལེགས་རྩོམ་རྣམས་རྩོམ་སྒྲིག་མཛད་པའོ། །

གཉིས་པ། བརྡ་དག་སྐོར་གྱི་ལེགས་རྩོམ་དཀའ་གནད་ཀུན་གསལ་གྱི་ཆ་ནས་བསྟན་པ་རྒྱ་མཚོས་བརྩམས་པའི་སུམ་རྟགས་ལས་ལ་དོན་གྱི་གནད་དོན་ཁ་ཤས་ཞེས་པ་དང་། རྡོ་རྗེ་རྒྱལ་པོས་བརྩམས་པའི་ཡི་གེ་དག་པོ་ཞིག་ཡོང་བ་བྱེད་བསམ་ན་ཐོག་མར་ཡི་གེ་ཀློག་སྟངས་ཀྱི་སྒྲ་དག་པོ་ཞིག་དགོས། ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པའོ། །

གསུམ་པ། རྩོམ་རིག་སྐོར་གྱི་ལེགས་རྩོམ་རིན་ཆེན་དོ་ཤལ་གྱི་ཆ་ནས་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བརྩམས་པའི་བོད་ཀྱི་རྩོམ་རིག་རིག་གཞུང་གི་རྩོམ་འབྲི་སྲོལ་འཕེལ་རིམ་དང་ཁྱད་ཆོས་སྐོར་གྱི་བཤད་པ་མདོར་བསྡུས་ཞེས་པ་དང་། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་དབྱངས་ཅན་མ་དང་སྙན་ཚིག་རིག་པ་ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པའོ། །

བཞི་པ། ཡིག་སྒྱུར་སྐོར་གྱི་ལེགས་རྩོམ་སྐད་གཉིས་གསལ་བྱེད་ཀྱི་ཆ་ནས་རྗེ་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་ཀྱི་སྐད་བོད་ཀྱི་སྐད་དུ་ཇི་ལྟར་བསྒྱུར་ཚུལ་སྐོར་ཞེས་པ་དང་།  མིང་ཚིག་གསར་བ་རྩོམ་སྒྱུར་ལ་ཉེ་བར་མཁོ་བའི་བསམ་འཆར་འགའ་ཞིག་ཅེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པ་ཡིན་ནོ། །

ལྔ་པ། ཆོས་ལུགས་སྐོར་གྱི་ལེགས་རྩོམ་ཐར་ལམ་གསལ་སྒྲོན་གྱི་ཆ་ནས་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་བོད་དུ་དར་བའི་ནང་བའི་གྲུབ་མཐའ་སོ་སོའི་མིང་འདོགས་ཀྱི་དཔྱད་པ་ཞེས་པ་དང་།  ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་བརྩམས་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་གནད་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ་ཞེས་པ་དང་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལས་བརྩམས་པའི་གཏམ་གྱི་ཕྲེང་བ་སྐལ་བཟང་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ་ཞེས་པ། ཐུབ་བསྟན་ཉི་མས་བརྩམས་པའི་ཐེག་དགུའི་རྣམ་གཞག་ཅེས་པའི་ལེགས་རྩོམ་རྣམས་རྩོམ་སྒྲིག་མཛད་པའོ། །

དྲུག་པ། རིག་གནས་སྐོར་གྱི་ལེགས་རྩོམ་སྐལ་བཟང་མགུལ་རྒྱན་གྱི་ཆ་ནས་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་བརྩམས་པའི་བཅུ་ཕྲག་ནོར་བུའི་འོད་ཟེར་ཞེས་པ་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་ཀྱི་དམངས་ཁྲོད་གཏམ་དཔེས་མང་ཚོགས་ཀྱི་བློ་སྒོ་འབྱེད་ཐབས་ལ་ཐོག་མར་དཔྱད་པ་ཞེས་པ། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བརྩམས་པའི་བོད་ཡིག་དང་བོད་དུ་དར་བའི་ནང་པའི་ཆོས་ལུགས་བར་གྱི་འབྲེལ་བ་བཤད་པ་ཞེས་པ། འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་བརྩམས་པའི་དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ་ཞེས་པ། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་ཚད་མ་རིག་པ་རྨོངས་དད་ཀྱི་ཆ་ལག་ཡིན་མིན་བཤད་པ་ཞེས་པའི་ལེགས་རྩོམ་དག་རྩོམ་སྒྲིག་མཛད་དོ། །

བདུན་པ། ལོ་རྒྱུས་སྐོར་གྱི་ལེགས་རྩོམ་ཀུན་གསལ་མེ་ལོང་གི་ཆ་ནས་དམུ་དགེ་བསམ་གཏན་རྒྱ་མཚོས་བརྩམས་པའི་དྭགས་པོའི་མི་རིགས་ཀྱི་གནད་དོན་སྐོར་ལ་དཔྱད་པ་དང་གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས་ཞེས་པ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་བོད་གནའ་རབས་ཀྱི་རིག་གནས་དང་། ཆོས་ལུགས། མི་རིགས་བཅས་ཀྱི་འབྱུང་ཁུངས་སྐོར་གླེང་བ་ཞེས་པའི་ལེགས་རྩོམ་དག་རྩོམ་སྒྲིག་མཛད་པའོ། །

བརྒྱད་པ། དམངས་སྲོལ་སྐོར་གྱི་ལེགས་རྩོམ་མེས་པོའི་ཞལ་རྒྱུན་གྱི་ཆ་ནས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་རིགས་ཀྱི་ལྷ་གསོལ་བསང་གཏོང་གི་ཡུལ་གོམས་སྐོར་ཅུང་ཟད་གླེང་བ་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཕོ་རྩལ་སྣ་དགུ་ཞེས་པའི་སྐོར་ཅུང་ཟད་གླེང་བ་ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པའོ། །

དགུ་པ། སློབ་གསོའི་སྐོར་གྱི་ལེགས་རྩོམ་དགེ་ལེགས་ཀུན་འབྱུང་གི་ཆ་ནས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་གནའ་རབས་ཀྱི་སློབ་གསོ་རིག་པའི་བྱུང་རིམ་ལ་ཅུང་ཟད་དཔྱད་པ་ཞེས་པ་དང་། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའིབོད་ཡིག་སློབ་གསོའི་རྒྱུ་སྤུས་ཕྱོགས་ཀྱི་གནས་ཚུལ་དང་ལེགས་བཅོས་བྱེད་དགོས་ཀྱི་བསམ་འཆར་ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པ་ཡིན་ནོ། །

བཅུ་པ། ཆོས་ལུགས་ཞིབ་འཇུག་སྐོར་གྱི་ལེགས་རྩོམ་དད་པའི་སྒོ་འབྱེད་ཀྱི་ཆ་ནས་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བརྩམས་པའི་ཆོས་ལུགས་དང་རྨོངས་དད་སྐོར་གྱི་བཤད་པ་མདོ་ཙམ་གླེང་བ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་སེམས་གཙོ་སྨྲ་བའི་མཚན་ཉིད་རིག་པའི་ནང་དངོས་གཙོ་སྨྲ་བ་འདྲེས་ནས་ཡོད་པ་ཞེས་པ། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་ནང་དོན་རིག་པའི་གཞུང་ལུགས་ཚན་རིག་དང་མཐུན་མིན་བཤད་པ་ཞེས་པའི་ལེགས་རྩོམ་གསུམ་རྩོམ་སྒྲིག་མཛད་པའོ། །

བཅུ་གཅིག་པ། ཚོགས་གཏམ་སྐོར་གྱི་ལེགས་རྩོམ་ཀུན་ཕན་བསླབ་བྱའི་ཆ་ནས་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་བརྩམས་པའི་བསླབ་བྱ་བདུད་རྩིའི་སྙིང་བོ་ཞེས་པ་དང་། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི་ལྔ་མཆོད་ཀྱི་ཚོགས་གཏམ་བཞུགས་སོ་ཞེས་པ་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པའོ། །

བཅུ་གཉིས་པ། དཔེ་རྙིང་པར་སྐྲུན་སྐོར་གྱི་ལེགས་རྩོམ་མེས་པོའི་ཕྱག་རྒྱུན་གྱི་ཆ་ནས་ནོར་བྲང་ཨོ་རྒྱན་གྱིས་བརྩམས་པའི་བོད་ཡིག་དཔེ་རྙིང་གིས་བོད་ལྗོངས་གསར་བའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་ཞེས་པ་དང་། བོད་ཡིག་དཔེ་སྐྲུན་བྱ་བཞག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པའོ། །

བཅུ་གསུམ་པ། སྐར་རྩིས་སྐོར་གྱི་ལེགས་རྩོམ་ཉིན་བྱེད་སྣང་བའི་ཆ་ནས་དུས་འཁོར་བ་བསམ་གྲུབ་རྒྱ་མཚོས་བརྩམས་པའི་སྐར་རྩིས་ཀྱི་ལོ་རྒྱུས་ཉུང་ངུ་གནད་བསྡུས་ཞེས་པ་དང་། མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བརྩམས་པའི་དུས་འཁོར་སྐར་རྩིས་ཇི་ལྟར་དར་བའི་ལོ་རྒྱུས་ལེགས་བཤད་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ་ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པའོ། །

བཅུ་བཞི་པ། གནས་མཇལ་སྐོར་གྱི་ལེགས་རྩོམ་མེས་པོའི་རྗེས་འཚོལ་གྱི་ཆ་ནས་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བརྩམས་པའི་ལྷོ་ཁུལ་དུ་བསྐྱོད་པའི་མཐོང་ཐོས་དྲན་ཚུལ་རགས་བཀོད་ཅེས་པའི་ལེགས་རྩོམ་རྩོམ་སྒྲིག་མཛད་པའོ། །

བཅོ་ལྔ་པ། གསོ་རིག་སྐོར་གྱི་ལེགས་རྩོམ་ཀུན་ཕན་བདུད་རྩིའི་ཆ་ནས་ཁྲོ་རུ་མཁན་པོ་ཚེ་རྣམ་གྱིས་བརྩམས་པའི་བོད་ཀྱི་གསོ་རིག་དང་སྨན་རིག་ནི་ཚན་རིག་ཅིག་ཡིན་ཞེས་བཞུགས་སོ་ཞེས་པ་དང་། བྱམས་པ་འཕྲིན་ལས་གྱིས་བརྩམས་པའི་ལོ་ངོ་ལྔ་བཅུའི་རིང་བོད་ཀྱི་སྨན་རྩིས་རིག་གནས་ཀྱི་བྱ་གཞག་ཡར་ཟླའི་དཔལ་ལ་འགྲན་པའི་སྐོར་ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པ་ཡིན་ནོ། །

བཅུ་དྲུག་པ། ལུས་སྦྱོང་སྐོར་གྱི་ལེགས་རྩོམ་གདམས་ངག་ཀུན་བསྡུས་ཀྱི་ཆ་ནས་མི་ཉག་མགོན་པོས་བརྩམས་པའི་བོད་ཀྱི་ལུས་སྦྱོང་རིག་པ་སྨན་གྱི་ལྗོན་པ་བཞུགས་སོ་ཞེས་པའི་ལེགས་རྩོམ་ཞིག་རྩོམ་སྒྲིག་མཛད་པའོ། །

བཅུ་བདུན་པ། བཟོ་རིག་པའི་སྐོར་གྱི་ལེགས་རྩོམ་ལག་ལེན་རབ་གསལ་གྱི་ཆ་ནས་ཨ་མདོ་བྱམས་པས་བརྩམས་པའི་རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིག་པའི་དགོངས་རྒྱན་ཞེས་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་བོད་ཀྱི་བཟོ་རྩལ་སྣ་ཚོགས་ཞེས་པའི་ལེགས་རྩོམ་གཉིས་རྩོམ་སྒྲིག་མཛད་པ་ནི་དུ་དུས་རབས་ཉི་ཤུ་བའི་སྨད་དང་དུས་རབས་ཉེར་གཅིག་པའི་སྟོད་དུ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གི་གཞུང་ལུགས་ཀྱི་རྣམ་བཤད་ལག་ལེན་དང་བཅས་པ་ལ་འཆད་རྩོད་རྩོམ་གསུམ་མཛད་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ་བའི་མཁས་པ་ཉེར་གཅིག་གིས་བརྩམས་པའི་བོད་ཀྱི་སྐད་ཡིག་དང་བརྡ་དག་སོགས་སྐོར་གྱི་

ལེགས་རྩོམ་བཞི་བཅུ་ཞེ་གཅིག་བདམས་ནས་རྩོམ་སྒྲིག་མཛད་པའི་དེབ་ཅིག་ཡིན་ནོ། །

བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་ཞེས་པའི་དེབ་འདི་ལྟ་ཀློག་བྱ་བའི་རེ་སྐུལ་ཞུ་བ་ལའང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དངོས་གཞིའི་སློབ་མའི་ཆེད་སྦྱོང་དང་ཉེ་བར་འབྲེལ་ཞིང་མཁོ་བའི་བསླབ་བྱའི་སློབ་ཚན་རེ་རེ་ནས་བཀོད་སྒྲིག་བྱས་པའི་ནང་དོན་དང་ཁ་བྱང་གཉིས་ཆ་ནས་ཟུར་ལྟ་དང་དཔེ་ཀློག་དགོས་པའི་བོད་ཀྱི་མཁས་པའི་ལེགས་རྩོམ་རྣམས་གཙོ་བོར་བཟུང་བ་དང་། དེ་ནས་བོད་རིག་པའི་ཞིབ་འཇུག་སློབ་མའི་ཞིབ་འཇུག་གི་ཆེད་སྦྱོང་དང་ཁ་ཕྱོགས་ལའང་བོད་ཀྱི་སྐད་ཡིག་དང་། རྩོམ་རིག  ཆོས་ལུགས། རིག་གནས། ལོ་རྒྱུས་སོགས་ཀྱི་དགོས་པ་དང་ཟུར་ལྟའི་ཡིག་ཆ་ལ་བོད་ཀྱི་མཁས་པ་སྐོར་ཞིག་གིས་བརྩམས་པའི་བོད་ཀྱི་སྐད་ཡིག་དང་། བརྡ་དག  རྩོམ་རིག  ཡིག་སྒྱུར། ཆོས་ལུགས། རིག་གནས། ལོ་རྒྱུས། དམངས་སྲོལ། སློབ་གསོ། ཆོས་ལུགས་ཞིབ་འཇུག  ཚོགས་གཏམ། དཔེ་རྙིང་པར་སྐྲུན། སྐར་རྩིས། གནས་མཇལ་ཟིན་ཐོ། གསོ་རིག  ལུས་སྦྱོང་། བཟོ་རིག་སྐོར་གྱི་ལེགས་རྩོམ་ཞེ་གཅིག་བདམས་ནས་རྩོམ་སྒྲིག་དང་ཞུ་དག་མཛད་ནས་ཕུལ་བའི་དེབ་འདི་ནི། བོད་ཀྱི་ཆོས་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བ་ལ་ཀུན་སློང་དང་ལྷག་བསམ་ཡོད་པའི་བོད་མི་ཞིག་ཡིན་ནས་བཟུང་སྟེ་བོད་ཡིག་ཤེས་ཙམ་ཡན་ཆད་དང་། ཁྱད་པར་དུ་བོད་ཀྱི་དགོན་པའི་བླ་གྲྭ་རྣམས་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་དང་། སློབ་མ་རྣམས་ཀྱིས་སློབ་ཁྲིད་དངོས་དང་ཡང་ན་རང་སྦྱང་སོགས་གང་གི་སྐབས་སུའང་དེབ་འདི་ལ་ཟུར་ལྟ་དང་དཔེ་ཀློག་ཡང་ནས་ཡང་དུ་བྱ་བའི་རེ་སྐུལ་ཞུའོ། །

 

·གསར་འགྱུར་གོང་མ:ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས།
·གསར་འགྱུར་འོག་མ:བུ་མོ་ཆོས་དབྱིངས་སྐྱིད་ལ་ཕུལ་བའི་ལེཊ་སྐྱེས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 10:15:37 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:36:36 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:19:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS