ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།

[རྩོམ་པ་པོ:ཚུལ་ཁྲིམས་བློ་གྲོས་  ཡོང་ཁུངས:ཨེ་མ་ཧོ།  དུས་ཚོད:2012/8/14 13:51:28  བཀླགས་ཐེངས:2922][ཡིག་གཟུགས:ཡིག་གཟུགས་མདོག]
༧མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།

སེམས་ཁམས་ཀྱི་སློབ་གསོ།
དེས་ན་བྱིས་པ་ཆུང་ངུ་རྣམས་ཀྱིས་ཡི་གེ་སློབ་སྟངས་ཀྱི་གཞི་མ་ནོར་བ་ཚུགས་རྗེས། སུམ་རྟགས་དག་གསུམ་དང་། རྒྱས་སྲས་ཉམས་ལེན། རྒྱལ་བོ་ལུགས་ཀྱི་བསྟན་བཅོས་སོགས་བརྡ་དག་དང་སློབ་གསོའི་སྐོར། སྐར་རྩིས་སོགས་ཅུང་སླ་བའི་རིགས་རྣམས་ལ་སྔོན་དུ་སློབ་སྦྱོང་བྱེད་དུ་འཇུག་དགོས།དེ་དང་དུས་མཚུངས་བྱིས་པའི་དུས་ནས་གཞན་ལ་བྱམས་བརྩེ་བྱ་བ་དང་། གཞན་ཕན་བསྒྲུབ་པ་ལྷུར་ལེན་པ།  སྤྱོད་ངན་རྣམས་སྤོངས་པ་འདི་རིགས་སློབ་དགོས། དེ་ཡང་འཛམ་བུ་གླིང་གིས་དེང་སང་བྱིས་པའི་སློབ་གསོ་དེ་གལ་ཆེ་ཤོས་ཡིན་པར་བརྩི་གི་ཡོད་པ་རེད། དེ་ཡང་བྱིས་པ་ཆུང་ཆུང་ཡིན་དུས་སློབ་གསོ་མ་འདྲ་བ་ཞིག་སྤྲད་བཞག་པ་ཡིན་ན་འགལ་རྐྱེན་ཤིན་ཏུ་ཆེན་པོ་མ་ཐུག་ཕན་ཆོད་བསྒྱུར་མི་ཐུབ་པ་རེད། དཔེར་ན།ང་ཚོ་བོད་པའི་རྒད་པོ་རྒན་མོ་ཡི་གེ་འབྲུ་གཅིག་མི་ཤེས་མཁན།ཆོས་དངོས་གནས་ཤིག་ཉིན་གཅིག་ཀྱང་ཞུ་མ་མྱོང་མཁན། ཆོས་ལ་དད་པ་ཤི་མ་སོང་གི་བར་དུ་འགྱུར་བ་མེད་པར་ཡོད་པ་སོགས་ཀྱང་བྱིས་པའི་སློབ་གསོའི་དབང་གིས་རེད། དེ་ཡང་ཕ་མ་རྣམས་ཀྱིས་ཆོས་དངོས་སུ་མ་བསླབས་ཀྱང་། མ་ཎི་བཏོན། བསང་ཕུད། སྒྲུབ་པ་འདོན་པ་སོགས་བྱས་པའི་དབང་གིས་ཞོར་ལ་སློབ་གསོ་ཐེབས་སོང་བ་རེད། དེའི་དབང་གིས་ང་ཚོ་བོད་པ་རྣམས་དཀོན་མཆོག་ལ་དད་པ་དང་ལས་འབྲས་ལ་ཡིད་ཆེས་པ་སོགས་རྒྱ་རིགས་ལྟ་བུ་ལ་བལྟོས་ན་ཡག་པོ་རེད། ཕྱོགས་གཞན་ཞིག་ནས་བསམ་ན་ནུས་པ་དེ་ཙམ་ཐོན་ཀྱི་མེད་པར། རྐུ་བྱེད་པ། སྲོག་གཅོད་པ་སོགས་ཀྱི་གནས་ཚུལ་དོན་མེད་ས་ནས་མང་པོ་ཡོང་བཞིན་ཡོད་པ་འདི་དག་ཚང་མ་ཆོས་ལེགས་པོ་མ་ཤེས་པའི་རྟགས་རེད། དེས་ན་དཀོན་མཆོག་ལ་དད་པ་དང་།ལས་འབྲས་ལ་ཡིད་ཆེས་པ།སྤྱོད་ངན་ལ་འཛེམ་ཟོན་སོགས་ཡ་རབས་ཀྱི་བྱ་བ་རྣམས་ལ་བག་ཆགས་བཟང་བོ་འཇོག་པའི་སེམས་ཁམས་ཀྱི་སློབ་གསོ་འདི་དག་དེ་བས་ཀྱང་གལ་ཆེན་ནང་གི་དོན་ཆེན་ཡིན། ཁར་རྩང་དེ་རིང་སྤྱི་ཚོགས་ཐོག་མཚོན་ན། སྤྱི་གཉེར་ཁང་ལྟ་བུའི་བཟོ་ལས་དང་ཚོང་ལས་ཀྱི་ཚོགས་པ་ཞིག་གི་ནང་ལས་ཀ་བྱེད་མཁན་ལས་བཟོ་བ་ཉི་ཤུ་ཡོད་པའི་དབང་དུ་བཏང་ན་ཡང་། མ་མཐའ་ཡང་གཟའ་འཁོར་གཅིག་གི་ནང་ལ་ཚང་མ་ཚོགས་འདུ་རེ་འཚོགས་ནས་བསམ་བློའི་ཐོག་གི་སེམས་ཁམས་ཀྱི་སློབ་གསོ་རྒྱག་གིན་ཡོད་པ་རེད། གལ་ཏེ་སེམས་ཁམས་ཀྱི་སློབ་གསོ་མ་འཕྲོད་ན་མི་རྣམས་ཀྱིས་ཁྱིམ་ན་རྩིས་འཕྲུལ་ཡོད་ན་འདྲ། དེ་མིན་ཐ་ན་ཅ་ནེ་ཡན་ཆོད་གཏོར་རྒྱུ།གཅོག་རྒྱུ། བརླག་རྒྱུ་སོགས་བྱེད་ཀྱི་ཡོད་པས།སེམས་ཁམས་ཀྱི་སློབ་གསོ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ལྟ་བུའི་བསམ་པ་བཟང་པོ་བྱེད་པའི་ཆོས་ཀྱི་གཞུང་ལུགས་ནི་ང་ཚོལ་འཛམ་བུ་གླིང་གི་མི་གཞན་པ་ལ་མེད་པ་ཞིག་ཡོད་པ་ཡིན་པས་དེའི་སྐོར་བྱིས་པ་རྣམས་ཀྱིས་ཤེས་ཀྱང་ཤེས་ལ་གོ་ཡང་གོ་བའི་རགས། མདོ་སྡེ་ལས་བརྒྱ་པ་དང་། མཛངས་བླུན་ལྟ་བུ་བྱིས་པ་རྣམས་དགའ་སའི་གཏམ་རྒྱུད་དག་གིས་སློབ་གསོ་བརྒྱབ་ནས་བྱིས་པ་རྣམས་ཆུང་དུས་ནས་སྤྱི་ཐོག་གི་ཅ་ལག་ཅིག་ཡིན་ན་འདི་གཏོར་བརླག་བྱེད་མི་ཉན་པའི་བསམ་པ། ག་ཤེད་ན་སྲོག་ཆགས་ཤིག་འགྲོ་གིན་ཡོད་པ་མཐོང་ན་འདི་ལའང་གནོད་པ་སྐྱེལ་མི་ཉན་བསམ་པ། ག་ཤེད་ཅིག་ན་ཉམ་ཐག་ཅིག་ཡོད་པ་མཐོང་ན་དེ་ལ་གང་ཐུབ་ཀྱིས་ཕན་པ་བསྒྲུབ་དགོས་བསམ་པ་ལྟ་བུ་དེ་འདྲའི་བསམ་བློ་འཁུར་མཁན་ཞིག་གི་སློབ་གསོ་སྤྲོད་དགོས།ཆོས་ཀྱི་ཐོག་ནས་དེ་ལྟར་ཡིན་པར་མ་ཟད་འཇིག་རྟེན་གྱི་ཐོག་ནས་ཡིན་ན་ཡང་། ཁྱེད་ཚོས་གཟིགས་དང་། ཕྱི་རྒྱལ་གྱི་མི་ཞིག་གིས་དེ་རིང་སྲོག་ཆགས་རི་དྭགས་ཞིག་མཐོང་ན་རི་དྭགས་འདི་བཟུང་ནས་ཁྱིམ་དུ་གསོས་པ་ཡིན་ན་གསོ་ཐུབ་བམ་ཞེས་རྣམ་རྟོག་དང་པོ་དེ་ལྟར་འཆར་དང་། རྒྱ་ནག་གི་མི་ཞིག་ཡིན་ན་སྲོག་ཆགས་ཞིག་མཐོང་བ་དང་དང་པོ་ནས་འདིའི་ཤ་ཟ་རུང་ངམ་སྙམ་པའི་བསམ་བློ་གཏོང་གི་རེད་ཅེས་མཁས་པ་ཚོས་དེབ་ཀྱི་ནང་དུ་བྲིས་ཡོད་པར་མ་ཟད། རྒྱ་ནག་གི་ཚིག་མཛོད་དག་གི་ནང་དུ་རི་དྭགས་ཤིག་དངོས་སྦྱོར་བྱས་ཡོད་ན་རྔ་མ་དེར། འདིའི་ཤ་ཟ་བར་རུང་ཞེས་བྲིས་ཡོད་པ་རེད། ཚིག་མཛོད་ཡན་ཆད་དེ་ལྟར་ཡིན་པའི་སྟོབས་ཀྱིས་མིའི་བསམ་པ་བསྒྱུར་ཏེ་གཏམ་པོ་དེ་ལྟ་བུ་ཞིག་ཆགས་པ་རེད། འདི་ཡང་ཆུང་དུས་ཀྱི་རིག་གནས་སློབ་གསོ་དང་འབྲེལ་བ་ཞིག་རེད། དེས་ན་ང་ཚོས་ཆུང་དུས་ནས་རིག་གནས་ལ་ལེགས་པར་སློབ་ཏུ་བཅུག་ཏེ། ལས་རྒྱུ་འབྲས་ལ་བརྩི་འཚོ་དང་བྱ་བ་ཡག་པོ་བསྒྲུབ་རྒྱུ། ཕན་ཚུན་གཅིག་གིས་གཅིག་ལ་རོགས་བྱེད་པ་སོགས་ཀྱི་གཤིས་ཀ་འཇགས་རྒྱུ་གལ་ཆེན་པོ་རེད་མ་གཏོགས། དེང་སང་ང་ཚོའི་བོད་པ་དག་ཀྱང་ལ་ལ་ཤིན་ཏུ་རྩོག་པ་དང་ཐ་ཤལ་བ་རེད། དཔེར་ན།རླངས་འཁོར་ཅ་ལག་འཁུར་མཁན་ཞིག་རྦབ་ཏུ་ལྷུང་ནས་ནང་གི་མི་རྨས་ཏེ་ཅ་ལག་འཐོར་ནས་ཡོད་པ་ལྟ་བུར།ཚོ་བ་ལ་ལ་དེ་མ་ཐག་ཏུ་རྒྱུག་ནས་ཅ་ལག་རྣམས་ཧབ་ཐོབ་བྱེད་པ་མ་གཏོགས་དེ་ལ་རོགས་མི་བྱེད་པ་ལྟ་བུའི་བྱ་བ་རྩོག་པོ་ཡོད་པ་རེད། གཞན་ཞིག་ཡིན་ན་དེ་མ་ཐག་རྒྱུག་ནས་མིའི་སྲོག་སྐྱོབ་རོགས་དང་། ཅ་ལག་རྣམས་བསྡུ་རུབ་བྱེད་རོགས་དགོས་རྒྱུ་ཡིན་པ་ལ་དེ་ལྟར་མི་བྱེད་པ་རེད། དེའི་རིགས་ལ་བསམ་བློའི་སློབ་གསོ་ངེས་པར་གཏོང་དགོས།
ཞོར་འཕྲོས། དེར་བརྟེན་ང་ཚོ་མི་བུ་སུ་ཞིག་ཡིན་ཀྱང་། རང་གི་རྒྱུ་སྤུས་སློབ་གསོ་དང་རིག་གནས་སྦྱངས་པའི་འཇོན་ཐང་མ་ཤི་ཕན་ཆོད་འདོར་མི་ཉན་པའི་ངོས་ཐད་ནས་བཤད་ན། དེང་སྐབས་ཀྱི་རིག་གནས་སྦྱངས་སྟངས་སྔོན་ཆད་དང་ཅུང་མི་འདྲ་མོད། དེར་ཡང། རང་གིས་དུས་རྒྱུན་ཏུ་རང་གི་བློ་དང་འཚམས་པའི་ཤེས་རིག་བསོགས་གཉེར་དང་བསྡུ་ལེན་བྱེད་པ་ནི་མི་ཞིག་ལ་མཚོན་ནས་བཤད་ནརང་གི་འཇོན་ཐང་དུ་བརྩི་བར་རིགས་ཏེ།དེར་ཕྱིན། སྔོན་གྱི་བག་ཆགས་བསྒོས་པའི་རིག་གནས་རྨང་བྱས་ཏེ་ལྟ་བརྒྱ་དང་བསམ་རྒྱ་རྒྱ་རུ་བསྐྱེད་པ་ནི་ནམ་ཡང་འདོར་མི་ཉན་པའི་གནས་ཤིག་ཏུ་འདོད་ཡོད་ལ། བློ་སྣེར་འཆུན་ཅིང་ཁ་ཕྱོགས་མི་ནོར་བར་སྦྱངས་པར་ཤིན་ཏུ་གལ་ཆེ་སྟེ། རང་ཉིད་ལ་མཚོན་ནས་བརྗོད་ན། སྔོན་གྱི་དཔེ་ཁྲིད་དང་དཔེ་ཀློག་རིག་པའི་དགའ་ཚལ་སློབ་གཉེར་བྱེད་པའི་ལས་དེརིམ་པར་འདས་ནས། སློབ་སྦྱོང་བྱེད་པའི་ཁོར་ཡུག་གུ་དོག་པར་གྱུར་ལ། གཙོར་ཁྲིད་ཀྱི་གོ་སྐབས་ཤིན་ཏུ་ཕྲ་བའི་དུས་སྐབས་འདིར། རང་གི་དཔེ་ཀློག་གི་སྦྱངས་པ་ཁོ་ནར་བསྟེན་དགོས་པའི་ཚད་དུ་གཏུགས་པས། དཔེ་ཀློག་ཁོ་ནའང་སྐབས་འགར་མཐིང་དང་བརྡར་ཤ་གཅོད་མི་ཐུབ་པའི་དཀའ་གནད་གང་མང་ལ་གཏུགས་འོང། ཉེ་ལམ། རང་གི་བསླབ་སྦྱང་སྟངས་དེ་རིམ་གྱིས་བསྒྱུར་ནས་དྲ་ཀློག་གི་ཤེས་ཚན་སྦྱངས་པ་དང་། ལྷག་པར་དུ་ཡུལ་ཀྱི་བསྐལ་ཡང་དྲ་ཐོག་འཆད་ཁྲིད་དང་བརྙན་གཟུགས་ནང་གི་འཆད་ཁྲིད་དང་གླེང་སྟེགས་སོགས་དུས་རབས་ཀྱི་མཐུན་རྐྱེན་སྦྱར་བའི་ངོས་ཐད་ནས་རང་ལ་གྲུབ་འབྲས་མི་དམན་པ་ཐོབ་པ་དང་། དྲ་ཐོག་དུ་གནང་བའི་མཁས་དབང་དོར་ཞི་ལགས་ཀྱི་རིག་གཞུང་དང་རྒན་བཀྲ་བྷོ་ལགས་ཀྱི་ལོ་རྒྱུས་འཆད་ཁྲིད། མཁས་དབང་དགེ་འདུན་རྒྱ་མཚོ་ལགས་ཀྱི་འཆད་ཁྲིད། མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་དེང་དུས་སུས་ཀྱང་མཐོང་ཐུབ་པ་དང་ཉན་ཐུབ་པའི་དུས་རབས་མཁས་དབང་རྣམས་ཀྱིས་འཆད་ཁྲིད་དེ་ལས་རིག་པའི་བརྡར་ཤ་ཆོད་པ་དང་དཔེ་ཀློག་གི་ལམ་དང་རིམ་པ་སྦྱངས་ཚད་ཉམས་མྱོངས་ཀྱི་རྨང་བཙུགས་ཏེ་ཤེས་བྱར་སྦྱང་ན་རང་ལ་ལྟ་བ་མི་དམན་པའི་འབྲས་བུ་བསྐྱེད་པ་སྨོས་མི་དགོས་ལ། འདིར་བརྗོད་པའི་དམིགས་ཡུལ་ཀྱང་། ཕྱི་རབས་པ་དག་གིས་ཀྱང་རང་ཉིད་ལ་དུས་ཚོད་ཀྱི་གོ་སྐབས་འདི་དང་འདི་སྤྱད་ནས་བསླབ་སྦྱངས་ཀྱི་གོམས་སྲོལ་ཆགས་ཏུ་འཇུག་པ་དང་། ཤེས་པ་ལ་ཡིད་ཚིམ་མེད་པར་སྦྱངས་པ་དཀྱུས་གཅིག་བྱེད་རྒྱུ་དང་། མཁས་པའི་གསུང་གཅིག་གིས་དོན་གྱི་གནད་མདུན་མང་པོ་བགྲོལ་བ་ལྟར་དུ་ཐོས་པ་མང་དུ་བྱེད་པ་དང་བསམ་གཞིགས་གཉིས་དེ་གཅིག་སྦྲེལ་གྱིས་ཤེས་བྱ་བསོགས་པ་ནི་ཐར་བ་དང་ཐམས་ཅན་མཁྱེན་པའི་གོ་འཕང་ལ་ངེས་པར་འདྲོངས་སོ།
·གསར་འགྱུར་གོང་མ:བུ་མོ་ཆོས་དབྱིངས་སྐྱིད་ལ་ཕུལ་བའི་ལེཊ་སྐྱེས།
·གསར་འགྱུར་འོག་མ:ཆོས་དབྱིངས་སྐྱིད་ཀྱི་བྱས་རྗེས་ཆེ་ཤོས་འཛུམ་མདངས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:31:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:39:39 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:14:08 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS