ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
  གསར་འགྱུར་ཀློག་པ།

རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེད།

[རྩོམ་པ་པོ:བྱང་སྐར་གྱིས་བསྒྱུར།  ཡོང་ཁུངས:གཞོན་གསར་  དུས་ཚོད:2012/10/10 16:11:51  བཀླགས་ཐེངས:1495][ཡིག་གཟུགས:ཡིག་གཟུགས་མདོག]

རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེད།

བྱང་སྐར་གྱིས་བསྒྱུར།
རོ་ཁེ་ཧྥེ་ལེར་གྱིས་བརྩམས།
 
ངའི་སྙིང་ཉེ་བའི་བུ་རྗོན་ལ།
  ང་སེར་སྣ་ཆེ། ངས་ཉམ་ཐག་རྣམས་ལ་ཞལ་འདེབས་མང་ཙམ་སྟེར་མི་བྲ། ཞེས་ང་ལ་བཤུང་གིན་པའི་གསར་འགྱུར་དེ་ངས་རིག་ཡོད། དེར་སྣང་དོགས་མེད། ཕུགས་མི་རྟོགས་པའི་གསར་འགོད་པ་དེ་དག་གི་ཁ་འཛིང་བཟེད་པ་ད་རེས་ཙམ་མིན་གཤིས། ཁོ་པ་ཚོའི་རྨོངས་ཚོད་དང་ཨུ་ཚུགས་ལ་ང་ནི་སྔར་ནས་དྲེད་ཡོད། དེ་ཚོས་ཚིག་མཚོན་དང་སྙུག་མཚོན་ཇི་ལྟར་བཏབ་རུང་། དག་སེལ་བྱེད་རྒྱུ་ཕར་ཞོག་ངག་བསྡམས་ནས་ཅི་མི་སྙམ་པར་སྡོད་རྒྱུ་ནི། ངས་ཁོ་ཚོར་ཁ་གཏད་གཅོག་ཐབས་ཉག་གཅིག་དེ་ཡིན། ཅིའི་ཕྱིར་ཞེ་ན། ང་ནི་རང་གི་དྲན་ཚུལ་ལ་གསལ་ཁ་ཡོད་ཅིང་བདེན་པའང་རང་ཕྱོགས་སུ་འདུག་པར་བློ་གདེང་ཡོད་པས་ཡིན།
  སྐྱེས་བུ་སུ་ཡང་རང་རང་གི་ལམ་ག་དེར་འཇུག་དགོས། གནད་ཀྱི་དོན་པོ་ནི་རང་སེམས་ལ་གནོང་འགྱོད་མེད་པ་ཞིག་བྱེད་རྒྱུ་དེ་ཡིན། སོ་སོའི་དཀའ་ཁག་སེལ་ཕྱིར་ང་ལ་དངུལ་སློང་མཁན་ལ་ངས་ཧ་ལམ་ཁ་ཡ་མི་བྱེད། ང་ནི་ཚུར་རང་ལ་རྙེད་པ་དོན་གཉེར་ལས་ཀྱང་ཕར་གཞན་ལ་དངུལ་དངོས་སྟེར་སྦྱིན་ལ་བག་ཚ་བ་ཡིན། དེའི་རྒྱུ་མཚན་སྒྲུང་ཞིག་ཏུ་གསལ་པོ་བཤད་འདུག  སྒྲུང་དེ་འདི་ལྟ་སྟེ།
  ཞིང་པ་ཁྱིམ་ཚང་ཞིག་གིས་ར་བ་ཞིག་ཏུ་ཕག་པ་འགའ་གསོས་ཡོད། ཉིན་ཞིག བདག་པོས་ར་སྒོ་རྒྱག་རྒྱུ་བརྗེད་དེ་ཕག་པ་ཚོ་ཕྱི་ལོགས་སུ་འབྲོ་བའི་གོ་སྐབས་བྱུང། དེ་ནས་ཕག་པ་ཚོ་རབས་འགའ་སོང་མཐར། ཕག་པ་ཚོ་རབས་གཅིག་ལས་གཅིག་བཙན་རྒོད་དུ་གྱུར། མཚམས་ཤིག་ན་གནས་དེར་རྒྱུ་མཁན་སྐྱེ་བོ་རྣམས་ལའང་འཚེ་བའི་ཉེན་ཁ་བྱུང་། རྔོན་པ་ཉམས་མྱོང་ཅན་འགའ་ཤས་ཀྱིས་ཚུལ་དེ་གོ་ནས་གནོད་པ་སེལ་བའི་ལས་ལ་ཞུགས་ཀྱང་། ཕག་པ་དེ་དག་གྲུང་ཟོན་ཚ་བས་ཁྱི་ར་བའི་གཡོ་འོག་ཏུ་གཅིག་ཀྱང་མ་ཚུད།
 བུ། ཕག་པ་ཚོ་རང་མགོ་ཐོན་ཡོང་དུས་བཙན་པོ་དང་གྲུང་པོ་ཞོར་ལ་ཆགས་ཡོང་གི་རེད།
  ཉིན་ཞིག་ལ། བགྲེས་པོ་ཞིག་གིས་བོང་བུས་དྲུད་པའི་ཤིང་རྟ་ཞིག་འདེད་ཅིང་འོང། ཤིང་རྟའི་ནང་དུ་ཤིང་ཆ་དང་འབྲུ་རིགས་མང་པོ་དྲུད་འདུག གང་ཙམ་ན་ཕག་པའི་གནོད་འཚེ་རྒོད་པའི་གྲོང་ཚོ་དེར་སླེབས། ཡུལ་དེའི་སྐྱེ་བོ་དག་མཚར་སྣང་སྐྱེ་བཞིན་ཁོ་པའི་གམ་དུ་ཡོང་ནས། ཁོ་རེ། ཡུལ་གང་ནས་ཡོང། ལས་ག་རེ་ཡོདཅེས་དྲིས་པར། བགྲེས་པོ་དེས། ལས་བྱ་ཆེར་མེད། ཕག་རྒོད་དག་འཛིན་པར་ཡོང་བ་ཡིནཞེས་ལབ་པ་ན། ཁོ་པ་ཚོ་སྣ་དགོད་འཆོར་བཞིན། ཀུ་རེ་མ་རྩེ་དང། དེར་རྔོན་པ་རྣམས་ཀྱང་ཐབས་ཟད་འདུག་ན་ཁྱོད་ལ་ཅི་བྱར་ཡོད་ཨངཟེར་ནས་རང་སར་གྱེས་སོང། ཟླ་ངོ་གཉིས་ཙམ་གྱི་རྗེས་སུ། བགྲེས་པོ་དེས་ཕག་རྒོད་དག་རི་ཟོམ་གྱི་རིབ་མ་ཞིག་ཏུ་ལེགས་པར་བཙུད་བཞག
  གཏམ་དེ་ཐོས་པ་དང་གྲོང་མི་རྣམས་སླར་ཡང་མཚར་སྣང་སྐྱེ་བཞིན་བགྲེས་པོའི་སར་འོངས། ངོ་མ་ཨེཡ་མཚན་ཡ་མཚནཕག་རྒོད་དག་རིབ་མའི་ནང་ཇི་ལྟར་བཙུད་པ་ཡིན?”
  བགྲེས་པོ་ན་རེ། ཐོག་མར་ངས་དེ་ཚོས་རྒྱུན་པར་ལྟོ་འཚོལ་བའི་གནས་དེ་ཤེས་པར་བྱས། དེ་ནས་རྙི་རྒྱར་འཛུད་པའི་འབྲིད་ཟས་སུ་ས་དེ་གར་འབྲུ་རིགས་གཏོར། དང་པོར་ཕག་པ་དེ་དག་བག་ཟོན་ཚ་བར་གྱུར་ན་ཡང་། མཐར་མཚར་སྣང་གིས་དེད་ནས་སླར་ཡོང་སྟེ་འབྲུ་རིགས་ཀྱི་བྲོ་བར་བསྣམས། ཡུན་རིང་མ་འགོར་བར་ཕག་པ་ཁ་རྒས་པ་ཞིག་གིས་ཁམ་བུ་གང་ཟོས། དེའི་རྗེས་ཐོགས་སུ་གཞན་ཚང་མས་ཀྱང་འཚབ་འཚུབ་ཏུ་ཟ་བར་བརྩམས། ཚུལ་དེ་མཐོང་བ་དང། ངའི་སེམས་སུ་ཕག་རྒོད་ཚོ་འཛིན་ཐུབ་རྒྱུ་ནམ་ལངས་ཉི་ཤར་རེད་སྙམ་བྱུང། 
  དེའི་ཕྱི་ཉིན། ངས་འབྲུ་རིགས་སྔར་ཉིན་ལས་མང་ཙམ་གཏོར་རྗེས། དེ་དང་གོམ་པ་འགའི་ས་རུ་ཤིང་ལེབ་གཅིག་བཙུགས། ཤིང་ལེབ་དེ་ཐོ་ཡོར་དུ་གྱུར་ནས་ཕག་པ་ཚོ་འདྲོགས་ཏེ་སྐབས་ཤིག་རིང་ཕྱི་ལ་བཀྱེད་སོང། འོན་ཀྱང་རིན་མེད་ཟ་རྐྱང་གི་ཁ་ཟས་དེའི་བསླུ་བྲིད་ནི་ཤིན་ཏུ་བཟློག་དཀའ་སྟབས། ཡུན་གྱིས་ཕག་པ་ཚོ་སླར་ཁ་ཟས་ཡོད་སར་བཅར་ནས་དེ་ཚིམས་པར་ཟོས། དེ་ནས་བཟུང་ང་ལ་ལས་ཀ་གཞན་མེད་པར་ཉིན་ལྟར་ཁ་ཟས་ཀྱི་ཉེ་འཁོར་དུ་ཤིང་ལེབ་རེ་བཙུགས་རྗེས། རང་གི་རྙི་ར་དེ་འགྲུབ་པའི་བར་དུ་ལྷོད་ལྷོད་ཀྱིས་དུས་འདའ་བ་ཡིན།
 དེ་ནས། ངས་དོང་ཞིག་བརྐོས་ཏེ་ར་བའི་གྲུ་ཟུར་བརྟན་པར་གཏོང་བྱེད་ཀྱི་སྡོང་དུམ་དང་པོ་བཙུགས། ཁོར་ཡུག་ལ་འགྱུར་བ་རེ་བྱུང་ཚེ་ཕག་པ་ཚོ་དར་ཅིག་རིང་རྒྱང་དུ་བཀྱེད་སྲིད་མོད། མཐའ་མཇུག་སླར་ཁ་ཟས་རིན་མེད་དེ་ཟ་རུ་ཚང་མ་རུབ་ཡོང། ད་ནི་ར་བ་ཡོངས་སུ་བསྐོར་ནས་གྲུབ། རྙི་རའི་སྒོ་ཡང་ཚགས་སུ་ཚུད་པར་བྱས་ཡོད། སྐབས་དེར། ངལ་བ་མི་བསྟེན་པར་ཟ་རྐྱང་ལ་གོམས་ཟིན་པའི་ཕག་པ་ཚོར་འཛེམ་ཟོན་ཕྲ་མོ་ཙམ་མེད་པར་རྙི་རའི་ནང་དུ་འཛུལ་ཡོང། ངས་ཀྱང་རྙི་སྒོ་ཁྲོག་སེ་བརྒྱབ་པ་ཡིན། རིན་མེད་ཁ་ཟས་ཟ་རྐྱང་བྱེད་པའི་ཕག་པ་དེ་ཚོ་འདི་ལྟར་ངས་ལས་སླ་མོས་འཛིན་ཐུབ་སོངཞེས་ཟེར།
  སྒྲུང་འདིའི་བསྟན་དོན་ཁ་གསལ་གཏིང་གསལ་རེད། སྲོག་ཆགས་གང་ཡང་མི་ལ་བརྟེན་ནས་འཚོ་དགོས་བྱུང་ཚེ། དེ་དག་གི་ཤེས་འཇོན་གཉིས་ཀ་མིས་ཁྱེར་འགྲོ་བ་དང། དེའི་ཁར་སྐབས་དེ་ནས་བཟུང་སོ་སོ་ཉེན་ཁའི་གནས་སུ་ཚུད་པ་ཡིན། ཚུལ་དེ་མིའི་འགྲོ་བ་ལའང་ཁྱབ་ཀྱི་ཡོད། གལ་སྲིད་མི་ནད་མེད་དུག་མེད་ཅིག་ཞ་བོར་གཏང་འདོད་ན། དེ་ལ་འཁར་བ་ཆ་གཅིག་སྦྱིན་དང་ཟླ་ངོ་འགའ་འགོར་རྗེས་ཁྱོད་ཀྱི་བསམ་དོན་འགྲུབ་ནས་ཡོང། དེ་བཞིན་དུ། མི་ཞིག་ལ་དུས་ཡུན་ངེས་ཅན་རིང་ཁ་ཟས་རིན་མེད་དུ་སྤྲད་ཚེ། མི་དེ་ལ་ངལ་བ་མི་བསྟེན་པར་ཟ་རྐྱང་འཐུང་རྐྱང་གི་གོམས་སྲོལ་ཞིག་ངང་གིས་ཆགས་འགྲོ། བུ། མི་སུ་ལའང་མའི་ལྷུམས་སུ་ཞུགས་པ་ནས་གཞན་ལ་བརྟེན་པའི་བག་ཆགས་ཡོད་པ་ཁྱོད་ཀྱིས་ཤེས་དགོས།
  བདེན་ཏེ། མི་གཞན་ལ་རོགས་བྱེད་རྒྱུར་ངས་ཁྱོད་རྟག་ཏུ་སྐུལ་གྱིན་ཡོད། འོན་ཀྱང་ཇི་ལྟར་རོགས་བྱེད་པའི་ཚུལ་ནི་དེ་སྔོན་ངས་ཡང་ཡང་བཤད་པ་ལྟར། གལ་སྲིད་མི་ཞིག་ལ་ཉ་ཞིག་བྱིན་ན། དེ་ནི་ཁོ་ལ་ཉིན་གཅིག་གི་ཁ་ཟས་སྤྲད་པ་ཙམ་ཡིན། འོན་ཀྱང་ཉ་འཛིན་པའི་ཐབས་ཤེས་བསླབས་ན། དེ་ནི་ཁོ་ལ་ཚེ་གང་གི་ཁ་ཟས་སྤྲད་པ་ལྟ་བུ་ཡིན། ཞིབ་ཏུ་སོམས་དང། གནའ་མི་རྒན་པོའི་གཏམ་འདི་ལ་དོན་སྙིང་གཏིང་ཟབ་པོ་འདུག
  ངའི་སྣང་ངོར། གཞན་ལ་དངུལ་གྱི་རོགས་བྱེད་པ་ནི་རོགས་རམ་སྐྱོན་ཅན་ཞིག་རེད། དེས་སྟེར་ཡུལ་སྐྱེས་བུ་དེའི་བསྲི་ཚགས་ལས་བརྩོན་གྱི་མོས་པ་ཡལ་འགྲོ་ཞིང། ཁོ་རང་ལེ་ལོ་དང་སྒྱིད་ལུག འགན་འཁྲི་མེད་པ་ཞིག་ཆགས་པར་སྒོ་ཀུན་ནས་མཐུན་རྐྱེན་སྦྱོར་བ་ཡིན། དེ་བས་ཀྱང་ཡ་ང་བ་ཞིག་ལ། སྐྱེས་བུ་གང་རུང་ཞིག་གིས་གཞན་སུ་ཞིག་ལ་སྦྱིན་པ་གཏོང་བ་ནི། མི་དེའི་རྩིས་ཐང་ལ་རྡོག་རོལ་བྱེད་པ་ཡིན་ལ། རྩིས་ཐང་ལ་རྡོག་རོལ་བྱེད་པ་དང་འབྲེལ། མི་དེར་ཡོད་རུང་གི་སྐལ་ཐོབ་ཀྱང་བཙན་གྱིས་ཕྲོགས་སོང་བ་ཡིན། ངས་བསམས་ན། དེ་ལྟར་བྱེད་པ་ནི་ཡ་རབས་ཀུན་སྤྱོད་ཀྱི་རྒྱ་ལས་ཆེས་ཆེར་འདས་པ་ཞིག་རེད། ཕྱུག་པོ་ཞིག་ཡིན་པའི་ཆ་ནས། ང་ལ་འཁྲི་འགན་ཞིག་ཡོད་པ་ནི། རང་ཉིད་མིའི་འགྲོ་བར་ཕན་བདེ་སྐྲུན་མཁན་ཞིག་བྱེད་རྒྱུ་དེ་ཡིན་པ་མ་གཏོགས། མི་ཡུལ་འདིར་སྐྱེས་བུ་ལེ་ལོ་ཅན་སྐྱེད་བསྲིང་བའི་སྲོལ་ངན་གསར་འབྱེད་མཁན་ཞིག་བྱེད་རྒྱུ་དེ་ག་ལ་ཡིན་ཨང།
  སྐྱེས་བུ་སུ་ལའང་གོམས་གཤིས་ཤིག་ཆགས་ཚར་དུས། བཟང་ངན་གང་ཡིན་རུང་གོམས་སྟོབས་དེའི་དབང་དུ་མི་འགྲོ་བ་འགའ་ཡང་མེད། དེའི་སྟབས་ཀྱིས། རིན་མེད་ཟ་རྐྱང་གི་གོམས་གཤིས་དེས་སུ་ཡང་བདེ་བའི་ལམ་དུ་འགོད་མི་སྲིད་པའི་ཁར། ཚེ་འདིར་བྱ་བ་ལམ་འགྲོ་ཡོང་བའི་སྒོ་ཡོངས་སུ་ཁེགས་པ་ཡིན། འོན་ཀྱང། ཧུར་ཐག་འབད་ཐག་གི་ལས་བརྩོན་ནི་དེ་ལས་ལྡོག་སྟེ་འཕྲལ་ཕུགས་གཉིས་སྨན་གྱི་གཞི་རྩ་ཡིན། ཁྱོད་ཀྱིས་ངེས་དགོས་པ་ཞིག་ལ། ལས་ཀར་འཇུག་དུས་ལུས་སེམས་ཀྱི་ངལ་དུབ་ནི། ལས་ཀའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུར་གཏོང་དགོས་ངེས་ཀྱི་མ་རྩ་ཞིག་ཡིན་པ་དང། ཚེ་འདིའི་སྐྱིད་དགའ་ལོངས་སྤྱོད་གང་ཡང་ངལ་རྩོལ་དང་རྔུལ་ཆུ་ལས་མ་བྱུང་བ་གཅིག་ཀྱང་མེད་དོ།།
  གནའ་སྔ་མོ་སྔ་མོ་ཞིག་ལ། མཁས་མཛངས་ལྡན་པའི་རྒྱལ་པོ་སྐུ་བགྲེས་པ་ཞིག་ཡོད། ཕྱི་རབས་པ་རྣམས་ལ་ཕན་ཞིག་འདོགས་ཆེད། མིའི་བློ་གྲོས་ཀྱི་བེའུ་བུམ་ཞིག་བྲི་དགོས་དགོངས། ཉིན་ཞིག ཁོང་གིས་བློན་མཁས་པ་དག་དྲུང་དུ་བཀུག་ནས། བློ་གྲོས་མེད་པའི་ཀླད་པ་ནི་གློག་ཞུ་མེད་པའི་ལྒང་ཞུ་འདྲ། ཁྱོད་ཚོས་གནའ་ནས་ད་ལྟའི་བར་གྱི་མིའི་བློ་གྲོས་ཀྱི་བེའུ་བུམ་ཞིག་སྒྲིག་རྩོམ་གྱིས། དེས་ཕྱི་རབས་པའི་བླང་དོར་འཇུག་ལྡོག་གི་བློ་མིག་འབྱེད་ཐུབཅེས་བཀའ་སྩལ།
  བློན་པོ་དེ་དག་གིས་བཀའ་སྤྱི་བོར་བླངས་ནས་ཕྱིར་ལོག་རྗེས། དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ་ལས་ཀ་དེར་གཞོལ། མཐར་དེབ་དུམ་པ་བཅུ་གཉིས་ཅན་ཞིག་བཀྱགས་འོངས་ནས་ཁོང་ལ་ཕུལ་ཏེ་ཡིན་མདོག་ཁ་པོས། རྒྱལ་པོ་རིན་པོ་ཆེ། འདི་ནི་གནའ་ནས་ད་བར་གྱི་མིའི་བློ་གྲོས་ཀྱི་བེའུ་བུམ་དེ་ཡིནཞེས་ཞུས།
  རྒྱལ་པོས་དེ་ལ་ལྟ་ཙམ་བྱས་རྗེས། སྐུ་ཞབས་རྣམ་པ། འདི་ནི་གནའ་ནས་ད་བར་གྱི་མིའི་བློ་གྲོས་ཀྱི་ཉིང་ཁུ་ཡིན་ཤག་ཤག་རེད། འོན་ཀྱང་། བམ་པོ་ཆེ་དྲགས་པས། གཞན་གྱིས་ཀློག་པའི་དབང་དུ་བཏང་རུང་གོ་བ་ལེགས་པོ་ལེན་ཐུབ་པར་ང་དོགས་པ་ཟ། དེ་ཉིང་བསྡུ་ཞིག་གྱིསཞེས་སྨྲས། བློན་པོ་དེ་དག་གིས་སླར་ཡང་དུས་ཚོད་མང་པོའི་རིང་ལ་འཕྲི་སྡུད་ཡང་ཡང་བྱས་མཐར། དུམ་པ་བཅུ་གཉིས་པོ་དུམ་པ་གཅིག་ཏུ་བཏང། དེ་ལྟར་ཡང་། རྒྱལ་པོས་བལྟས་ན་ད་རུང་རིང་འདུག་པས་མུ་མཐུད་ཉིང་བསྡུ་བྱེད་རྒྱུའི་བཀའ་སྩལ།
••••••
  བློན་མཁས་པ་དེ་དག་གིས་དུམ་པ་གཅིག་པོ་དེ་ལེའུ་གཅིག་ཏུ་བསྡུས་པ་དང་། དེ་ནས་ཤོག་ངོས་གཅིག་ཏུ་དྲིལ། དེ་ཚིག་དུམ་གཅིག་ཏུ་བཏང། མཐར་ཐུག་དེ་ཡང་ཚིག་རྐང་གཅིག་ཏུ་བཅོས། རྒྱལ་པོས་ཚིག་རྐང་དེ་མཐོང་བ་དང་ཐུགས་ཡིད་གཞི་ནས་ཚིམས་སོང། ཁོང་ན་རེ། སྐུ་ཞབས་རྣམ་པ། འདི་ནི་ཏག་ཏག་གནའ་ནས་ད་ལྟའི་བར་གྱི་མིའི་བློ་གྲོས་ཀྱི་ཡང་ཏིག་སྙིང་པོ་རེད། དེར་མ་ཟད་སྐྱེས་བུ་སུ་ཞིག་གིས་གནས་ལུགས་འདི་རྟོགས་སོང་དུས། དཀའ་རྙོག་མི་ཉུང་བ་ཞིག་རང་ཤུགས་སུ་སེལ་འགྲོ་བ་རེདཟེར། ཚིག་རྐང་དེ་ནི། རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེདཅེས་པ་འདི་རེད།  
  མིའི་བློ་གྲོས་ཀྱི་བེའུ་བུམ་དེའི་གཞུང་དངོས་ནི། རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེདཅེས་པའི་ཚིག་རྐང་འདི་གཅིག་པུ་ཡིན། གལ་སྲིད་མི་ཚང་མས། གཞན་ལས་ཁྱད་འཕགས་ཀྱི་རེ་འབྲས་འབྱུང་བ་ལ་གཞན་ལས་དགུ་འགྱུར་གྱི་བརྩོན་འགྲུས་བསྟེན་དགོས་རྒྱུ་ཧ་གོ་ཚེ། སྐྱེས་བུ་མང་དག་ཅིག་གིས་ལག་རྗེས་ཇི་སྙེད་ཅིག་འཇོག་ཐུབ་པས་མི་ཚད། ཞར་ལ་འཇིག་རྟེན་འདིའང་སྔར་བས་སྐྱིད་པོ་ཞིག་ཏུ་གཏང་ཐུབ་ངེས་ཡིན། གཞན་དུ་ན་རིན་མེད་ཟ་རྐྱང་བྱེད་པའི་སྐྱེས་བུ་དེས་ནམ་ཞིག་མ་རྩ་སྐྱེད་ཀ་དང་བཅས་བུ་ལོན་འཇལ་དགོས་པ་མཐོང་ཆོས་མྱོང་འགྱུར་ཡིན།
  མི་ལུས་ཤིག་བླངས་ཕྱིན་ཆད། རང་གཞན་གཉིས་ཕན་གྱི་རྙེད་པ་ཅི་རིགས་ཤིག་རྩོལ་སྒྲུབ་ཀྱིས། སོ་སོའི་ཚེ་སྲོག་ལ་ཚེ་སྲོག་གི་རྩིས་ཐང་ཞིག་དང་འཆི་བ་ལའང་འཆི་བའི་རྩིས་ཐང་ཞིག་ནི་ཅིས་ཀྱང་ལྡན་པར་བྱེད་དགོས།
ཞེས་ཁྱོད་ལ་སྙིང་ནས་བརྩེ་བའི་ཕ་རྒན་གྱིས་སྤྲིངས་སོ།།
 
རྒྱ་ཡིག་དུས་དེབ《读者》ཡི2009 ལོའི་འདོན་ཐེངས་དྲུག་པ་ལས་བདམས་ཏེ་བསྒྱུར།
                                                                                           洛克菲勒 (Rockefeller)
·གསར་འགྱུར་གོང་མ:ཨེ་མ་ཧོའི་བླ་མཆེད་རྒྱལ་བའི་དཀྱིལ་འཁོར་༢
·གསར་འགྱུར་འོག་མ:བོད་ཀྱི་གཞས་མ་ཀླུ་མོ་སྐྱིད་ཀྱི་གླུ་རླུང་བུ་དར་ཁྱབ་འགྲོ་བཞིན་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་རིགས་ཀྱི་ཚོང་ལས་གནས་བབས། 2014/7/20 13:36:59
·བོད་པ་རྣམས་ཅིའི་ཕྱིར་དབུལ་ཕོངས་རེད། 2013/7/7 20:06:50
·བོད་ཀྱི་ཟ་ཁང་དག་ལ་ཕུལ་བའི་བསམ་ཚུལ་འགའ། 2011/12/19 11:33:01
·ཁ་བ་དཀར་བོ་གསོལ་སྟོན་གླིང་། 2011/12/5 21:50:01
·བོད་ཟས་ཁང་ཕྱེ་ན་འདི་འདྲ་ཕྱེ། 2011/11/24 19:03:56
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 12:51:00 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:40:45 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 1:16:16 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS