ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམ་ཆོས་དགོང་ཚོཊ་ཟི་ལིང་ནས་བསྡུས་པ།

[རྩོམ་པ་པོ:རྣམ་རྒྱལ་རིག་འཛིན།  ཡོང་ཁུངས:མཚོ་སྔོན་བོད་འཕྲིན།  དུས་ཚོད:2012/11/9 21:01:30  བཀླགས་ཐེངས:1676][ཡིག་གཟུགས:ཡིག་གཟུགས་མདོག]

སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས་ཏེ་འཛམ་གླིང་ཡང་རྩེ་ནས་ཤར་བའི་

གསེར་གྱི་སྐར་ཚོམ་ཞེས་པ་ཟི་ལིང་ནས་བསྡུས་པ།

གསར་འགོད་པ། རྣམ་རྒྱལ་རིག་འཛིན།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བརྙན་འཕྲིན་དང་བོད་སྐད་རླུང་འཕྲིན་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི་སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས«འཛམ་གླིང་ཡང་རྩེ་ནས་ཤར་བའི་གསེར་གྱི་སྐར་ཚོམ»ཞེས་པ་དེ་སྤྱི་ཟླ༡༡པའི་ཚེས༣ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས་ཤིང་། བོད་ཀྱི་ཁེ་ལས་པ་དང་། སྒྱུ་རྩལ་པ། ཁོང་གི་སློབ་གྲྭ་ཆེ་མ་ཆུང་གསུམ་འགྲིམ་སྐབས་ཀྱི་དགེ་རྒན་དང་། སློབ་གྲོགས། སློབ་མ། ཡུལ་མི་སོགས་དགོང་ཚོགས་སུ་ཞུགས་ཤིང་། ས་ནག་གཞས་ཚོགས་ཀྱི་མངའ་རིས་སྒྲ་སྙན་གྱི་རྒྱུད་སྐུད་ལས་དགོང་ཚོགས་མགོ་དངོས་སུ་བརྩམས།

དགོང་ཚོགས་འདི་ནི་བློ་མཐུན་སྨན་བླ་སྐྱབས་ཀྱིས་མི་ལོ་སུམ་ཅུའི་རིང་ལ། སྒྱུ་རྩལ་གྱི་འོ་མ་བསྲུབས་པའི་མར་ལོ་ཞིག་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ཡིན་ལ། ཁོང་གིས་སྒྱུ་རྩལ་འཚོལ་སྙེག་ལས་ཐོབ་པའི་གྲུབ་འབྲས་ཁག་ཅིག་མི་ཡུལ་འདིའི་ཟས་རིན་ཙམ་དུ་ཕུལ་བའང་རེད། ཐེངས་འདིར་ཁོང་གིས་ལོ་ངོ་སུམ་ཅུའི་རིང་ལ་བྲིས་པའི་གླུ་ཚིག་དག་ངག་ལ་གྱེར་མྱོང་མཁན་གྱི་གཞས་པ་གཞས་མ་བཞི་བཅུར་ཉེ་བ་ཞིག་གདན་དྲངས་ཡོད་ལ། ཁོ་ཚོའི་མདོ་དབུས་ཁམས་གསུམ་གྱི་ཁྱད་ཆོས་ལྟར་སྙན་མོ་དབྱངས་ཀྱི་འགྱུར་ཁུགས་ལས་ཁོང་གི་གླུ་ཚིག་དག་ཡང་བསྐྱར་གངས་རིའི་ལྗོངས་སུ་གྲགས་པར་བྱས།

IMG_3638.jpg

དགོང་ཚོགས་སྟེང་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན་ལྷན་རྒྱས།

IMG_3711.jpg

སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱིས་བཀའ་དྲིན་ཞུ་ཚིག་འབུལ་བཞིན་པ།

IMG_3668.jpg

སྒང་བ་བོད་ཀྱི་མངའ་རིས་སྒྲ་སྙན།

IMG_3695.jpgIMG_3695.jpg

གངས་ཅན་པ་སྒྲོལ་མ་སྐྱབས།

IMG_3810.jpg

བྱམས་ལྡན་ཕ་མའི་བསླབ་བྱ།

IMG_3839.jpg

གངས་ལྗོངས་ཁུ་བྱུག་སྔོན་མོ།

IMG_3993.jpg

མཛའ་གཞས་རྒྱལ་སྲས་གངས་བཞུགས།

IMG_4164.jpg

ཁྱིམ་མི་ལྷན་འཛོམས་ཀྱི་བདེ་སྐྱིད།

IMG_4355.jpg

མཛུབ་གུ་སྤུན་ལྔའི་གཏམ་རྒྱུད།

IMG_4483.jpg

ལྷན་འཛོམས་ཀྱི་གླུ་སྒྲའི་ཁྲོད་ནས་དགོང་ཚོགས་མཇུག་བསྡུས་པ།

·གསར་འགྱུར་གོང་མ:འདི་ན་དོན་གྱི་སློབ་གསོ་བ་ཆེན་མོ་ཞིག
·གསར་འགྱུར་འོག་མ:༼ཀློག་པ་པོ་དུས་དེབ་ཀྱི་རྩོམ་སྐུལ་བརྡ་ཐོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:44:02 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:07:29 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:36:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།34.18MS