ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
གསར་འགྱུར་ཀློག་པ།

༼ཀློག་པ་པོ་དུས་དེབ་ཀྱི་རྩོམ་སྐུལ་བརྡ་ཐོ།

[རྩོམ་པ་པོ:ཀློག་པ་པོ  ཡོང་ཁུངས:རིག་འབྱུང་དྲ་བ།  དུས་ཚོད:2012/11/12 10:49:04  བཀླགས་ཐེངས:1890][ཡིག་གཟུགས:ཡིག་གཟུགས་མདོག]

ཀློག་པ་པོདུས་དེབ་ཀྱི་རྩོམ་སྐུལ་བརྡ་ཐོ།

QQ截图20121112101955.jpg

ཀློག་པ་པོདུས་དེབ་ནི། འགྲོ་བ་མིའི་རིགས་ཀྱི་ལེགས་བྱང་དང་ཤེས་དཔལ་ཡི་གེའི་ལམ་ནས་སྟོན་རྒྱུར་མངོན་པར་ཕྱོགས་ཡོད་ཅིང་། བོད་ཙམ་དུ་མ་ཟད་འཛམ་གླིང་ཡུལ་གྲུ་གང་སའི་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལྟ་ཚུལ་སྣ་ཚོགས་དང་གཏམ་རྒྱུད་མང་པོ་ཐོས་རྒྱུ་ཡོད་པ་དང་། ཐོས་པའི་རྗེས་སུ་བསམ་རྒྱུ་དང་བསྒོམ་རྒྱུ་ཡོད་པ་ཞིག་ཏུ་བསྒྲུབ་འཆར་ཡོད། དེ་ཡང་། དུས་དེབ་དང་པོར་འུ་ཚོར་ཕན་ཐོགས་པ་ཞིག་ཏུ་ཡོང་བར་བྱེད་པ་ལ། རྩོམ་སྒྲིག་པ་རེ་ཟུང་གི་རྣམ་དག་ཀུན་སློང་ཙམ་གྱིས་རྔོ་ཅི་ཙམ་ཐོགས་ཀུན་གྱིས་ཤེས་གསལ་རེད། ཚུལ་དེ་ལ་གཞིགས་ནས་ང་ཚོས་རྣམ་དཔྱོད་ཀྱི་ཚན་ཁ་ཆེ་བའི་སྙུག་ཐོགས་པ་རྒན་དར་གཞོན་གསུམ་ཡོངས་ལ་རྩོམ་སྐུལ་སྙིང་ནས་ཞུ་རྒྱུ་ཡིན།
དུས་དེབ་འདིའི་ནང་དོན་སྒྱུ་རྩོམ་དང་སྐྱེས་བུ། སྤྱི་ཚོགས། སྐྱིད་སྡུག འཁོར་བ། ལེགས་བྱང་། རྒྱ་མཐོངས། རྒྱུན་ཤེས། ངག་རིག སྣ་ཚོགས་བཅས་ས་བཅད་ཆེན་པོ་བཅུ་རུ་བགོས་ཡོད་ཅིང་། དེའང་མཐའ་གཅིག་ཏུ་མ་ངེས་པར་རྩོམ་གྱི་བརྗོད་བྱ་དང་ནང་དོན་ལ་བལྟོས་ནས་འགྱུར་བ་གཏོང་རྩིས་ཡོད། ས་བཅད་རེ་རེར་མཁོ་བའི་རྩོམ་ཡིག་ག་འདྲ་ཡིན་དགོས་ཚུལ་ཞུས་ན། བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གི་མཚན་ཉིད་ཚང་ཞིང་བརྗོད་བྱ་རྗོད་བྱེད་ཉིས་ཆ་ནས་ལེགས་གྲས་སུ་འགྲོ་བ་དགསྒྱུ་རྩོམདུ་འགོད་རྒྱུ། ལེགས་ཉེས་དགེ་སྡིག་གི་སྤུ་རིས་འབྱེད་ཅིང་སྤང་བླང་འཇུག་ལྡོག་འཛོལ་མེད་ལ་ལམ་སྟོན་གྱི་སླད་དུ། མཚན་ཉིད་ཉི་ཟླ་ལྟར་གྲགས་ཤིང་དུས་ནམ་ཡང་འུ་ཚོའི་མིག་ལྟོས་བྱེད་རིགས་པ་དང་འུ་ཚོས་དར་ཆ་བསྒྲེང་འོས་པ། སྨན་གྱི་ལྗོན་པ་ལྟ་བུའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེའི་བྱུང་བ་དང་མཛད་པ་ཕྲིན་ལས་སྐོར་དང་། མིང་ངན་མྱགས་དྲི་ལྟར་ཁྱབ་ཅིང་དུས་ནམ་ཡང་འུ་ཚོས་མཛེ་ནད་ལྟར་འཛེམ་པ་དང་སྐྱག་ལུད་ལྟར་སྐྱུར་བ། དུག་གི་སྡོང་པོ་ལྟ་བུའི་སྐྱེ་བུ་ཐ་ཤལ་དག་གི་མི་ཚེའི་བྱུང་བ་དང་བྱས་ཉེས་སྡིག་ལས་སྐོར་གྱི་རྩོམ་ཡིག་གི་རིགསསྐྱེས་བུརུ་འགོད་རྒྱུ། མི་ནི་ཁྱུ་རུ་བསྡེབས་ནས་འཚོ་ཞིང་གཞེས་པའི་སེམས་ཅན་གྱི་རིགས་ཤིག་ཡིན་པས། ཚོགས་སྤྱི་དང་མི་སྒེར་བར་དུ་འགལ་འབྲེལ་ཅི་རིགས་ཤིག་ཡིད་ཅིང་འགལ་རྩོད་ཇི་སྙེད་ཅིག་འབྱུང་ངེས་ལ། གནད་དོན་དེ་དག་ཇི་ལྟར་ཐག་བཅད་པ་དང་ཐག་གཅོད་ཚུལ་སྐོར་གྱི་རྩོམ་ཡིག་གི་རིགསསྤྱི་ཚོགསསུ་འགོད་རྒྱུ།ཤི་ཡང་ཕྱི་མིག་ལྟ་བུའིའཇིག་རྟེན་མི་ཡུལ་འདི་རུ། འུ་ཚོ་སུས་ཀྱང་སྐྱིད་སྡུག་འདྲེས་མའི་འཚོ་བ་རོལ་བཞིན་དགའ་སྐྱོ་འདྲེས་མའི་མི་ཚེ་སྐྱེལ་གྱིན་ཡོད་གཤིས། སྐྱེ་རྒ་ན་འཆིའི་བཞུད་ལམ་རིང་མོ་འདིར། མཐོང་ན་མིག་འཕྲོས་ལ་ཐོས་ན་ཡིད་འགུགས་ཤིང་། རིག་ན་ཤས་མི་བཟོད་ལ་གོ་ན་ཉན་མི་ཚུགས་པའི་གཏམ་རྒྱུད་བགྲངས་ལས་འདས་པ་ཡོད་ངེས་ན། དེ་དག་ལས་འུ་ཚོའི་གངས་དཀར་སེམས་ཀྱི་གསོས་སུ་སྨིན་པའི་གཏམ་རྒྱུད་ཀྱི་རིགསསྐྱིད་སྡུགཏུ་འགོད་རྒྱུ། འཇིག་རྟེན་ཪྙེད་པའི་ཡུལ་འདིར།རང་རེའི་འདུག་ཆུས་སུ་གྱུར་པའི་འདིར་སྣང་སྲིད་པའི་ཕུན་ཚོགས་འཚོལ་སྒྲུབ་དང་དགྲ་འདུལ་གཉེན་སྐྱོང་སྐོར་གྱི་རྩོམ་ཡིག་གི་རིགསའཁོར་བརུ་འགོད་རྒྱུ། རིགས་རིས་དང་། ཤ་མདོག། ཕོ་མོ། སེར་སྐྱ། དབུལ་ཕྱུག བཙན་གཉོམ། མཐོ་དམའ་བཅས་ལ་མ་བལྟོས་པར་མིའི་འགྲོ་བ་ཐམས་ཅད་ལ་ལེགས་པར་འཚམ་པའི་ཡོངས་ཁྱབ་རིན་ཐང་སྐོར་གྱི་རྩོམ་ཡིག་གི་རིགསལེགས་བྱངདུ་འགོད་རྒྱུ། ཡུལ་དུས་སོགས་ཀྱི་བསྐལ་བའི་དབང་གིས་རང་རེས་སྔར་མ་ཤེས་པ་དང་སྔར་མ་གོ་བའི་གནས་ཚུལ་གསར་བའི་རིགས་ཏེ། འུ་ཚོའི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་དེ་འུ་ཚོར་འཛམ་གླིང་མཐོང་བའི་མིག་དབང་སྩོལ་བའི་རྩོམ་ཡིག་གི་རིགསརྒྱ་མཐོངསསུ་འགོད་རྒྱུ། སྲིད་འབྱོར་རིག་གསུམ་དང་བཅས་པའི་ཐད་འུ་ཚོར་ཉེ་བར་མཁོ་ལ་མེད་མི་རུང་བའི་ཤེས་བྱ་སྣ་ཚོགས་ནག་པོ་འགྲོ་ཤེས་སུ་ངོ་སྤྲོད་པའི་རྩོམ་ཡིག་གི་རིགསརྒྱུན་ཤེསསུ་འགོད་རྒྱུ། མེས་པོ་དམ་པ་ཚོའི་ཞལ་སྒོ་ནས་འཁྲུངས་པའམ་ཡང་ན་ངག་རིག་མཁན་པོ་ཚོའི་སྙུག་རྩེ་ལས་བབས་པའི་ལྷུག་རྩོམ་གྱི་རིགསངག་རིགཏུ་འགོད་རྒྱུ། གོང་གི་ས་བཅད་གང་ལའང་མི་འཚམ་པའི་རྩོམ་ཡིག་གཞན་དག་གི་རིགསསྣ་ཚོགསསུ་འགོད་རྒྱུ་ཡིན།
འདིར་ཆེད་དམིགས་སུ་གསལ་བཤད་བྱེད་རྒྱུ་ཞིག་ལ། གོང་གསལ་གྱི་ཆ་རྐྱེན་ཚང་བའི་རྩོམ་ཡིག་གང་ཡང་རང་ཡིག་ཏུ་བརྩམས་པ་ཡིན་ཆོག་ལ་གཞན་ཡིག་ནས་འགྱུར་བ་ཡང་ཡིན་ཆོག། དེར་མ་ཟད། རང་ཡིག་ཏུ་བཞུགས་པའི་ངག་རྩོམ་དང་བྲིས་རྩོམ་གང་ཡིན་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་ལུས་ལྷུག་མ་ཡིན་པ་དང་། རྒྱུ་ཡིག་ཏུ་འགྱུར་པའམ་རྒྱ་ཡིག་གི་ལམ་ནས་བྲིས་པའི་གཞན་རིགས་ཀྱི་རྩོམ་ཡག་གྲས་རིགས་འོས་སྦྱོར་བྱེད་ནའང་དགའ་བསུ་ཡོད་དང་ཡོད།
དུས་དེབ་འདི་ནི་ལོ་རེར་འདོན་ཐེངས་བཞི་རེ་དཔར་འགྲེམ་བྱེད་རྒྱུ་དང་། རྩོམ་ཡོན་ནི་བྲིས་རྩོམ་དང་བསྒྱུར་རྩོམ་ལ་ཁྱད་མི་ཕྱེད་པར་ཡིག་འབྲུ 1000ལ་སྒོར 100སྤྲོད་རྒྱུ་དང་། འོས་སྦྱོར་རྩོམ་ཡིག་རེ་ལ་རྩོམ་ཡོན་སྒོར 30སྤྲོད་རྒྱུ། རྩིས་འཁོར་བཀོལ་སྤྱོད་ལ་གོམས་ལོབས་མེད་པའི་རྩོམ་མཁན་རྒན་པ་ཉུང་ཤས་ཀྱིས་ཤོག་ངོས་ཀྱི་རྩོམ་ཡིག་སྐུར་ཆོག་པ་ཕུད། བསྐུར་རྩོམ་གཞན་དག་ཚང་མ་ཧི་གཟུགས་སུ་གཏགས་པའི་གློག་རྡུལ་པར་གཞི་ཁོ་ན་ཡིན་དགོས་པ་དང་། རྩོམ་ཡིག་རིང་ཤོས་ཀྱང་ཡིག་འབྲུ 5000ལས་འདའ་མི་ཆོག གཞན་འདི་གར་བསྐུར་པའི་རྩོམ་ཡིག་གཅིག་ཀྱང་ཕྱིར་སློག་རྒྱུ་མིན་པས་སོ་སོའི་རྩོམ་ཡིག་གི་མ་ཕྱི་སོ་སོས་ཉར་ཚགས་དགོས་རྒྱུ་ཐུགས་འཇགས་འཚལ།
དེ་མིན་བསྐུར་ཟིན་པའི་རྩོམ་ཡིག་གང་ཡང་འདི་གས་འཁོད་མིན་གསལ་པོ་མ་ཤེས་གོང་དུས་དེབ་གཞན་དུ་མི་སྐུར་རྒྱུའི་རེ་བ་ཅི་བས་ཆེ།

དྲ་ལམ་ནས་རྩོམ་ཡིག་བསྐུར་ཡུལ duzhezangwenban@yahoo.cnཡིན་པ་དང་།

སྦྲག་ལམ་ནས་རྩོམ་ཡིག་བསྐུར་ཡུལ་ནི།甘肃省兰州市城关区读者大道568号甘肃民族出版社《读者•藏文版》杂志社(730030)ཡིན། འབྲེལ་གཏུག་ཁ་པར་ནི། 093-8773420
ཞལ་དྲོ། བཀྲ་ཤིས།

ཞེས《ཀློག་པ་པོ》དུས་དེབ་ཁང་གིས2012ལོའི་ཟླ་9པའི་ཚེས1ཉིན་གུས་ཕུལ།

·གསར་འགྱུར་གོང་མ:སྨན་བླ་སྐྱབས་ཀྱི་གླུ་གཞས་བརྩམ་ཆོས་དགོང་ཚོཊ་ཟི་ལིང་ནས་བསྡུས་པ།
·གསར་འགྱུར་འོག་མ:མཚོ་སྔོན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ་ཤར་གཏོང་བྱས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་གཉིས་དྲ་ཐོག་བཀྲམ་པ། 2014/9/24 15:46:30
·༼བྱམས་བརྩེ་དང་སློབ་གསོ་ཞེས་པའི་དེབ་གསར་མཚམས་སྦྱོར། 2014/8/24 19:09:35
·འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་འགྲེམ་སྤེལ་བྱས། 2014/3/29 22:26:39
·བགྲེས་པོའི་འབེལ་གཏམ་ཐེངས་༡༤པ་ལེགས་ཐོན་བྱུང་བ། 2014/3/8 9:20:27
·ཆུ་ཐིགས་དེབ་ཕྲེང་གསུམ་པ་བཀྲམ་པ། 2014/3/7 19:11:52
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:01:35 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:28:00 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:04:12 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS