ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

སྐབས་གསར་པའི་ཀྲུང་དབྱང་རྒྱུན་ཨུད་འདེམས་ཐོན་བྱུང་བ།

[རྩོམ་པ་པོ:བོད་ལྗོངས  ཡོང་ཁུངས:བོད་ལྗོངས་རླུང་འཕྲིན་དྲ་བ།  དུས་ཚོད:2012/11/15 14:38:24  བཀླགས་ཐེངས:1338][ཡིག་གཟུགས:ཡིག་གཟུགས་མདོག]

སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཚོས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་མཇལ་འཕྲད་གནང་བ།

 
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད་རྣམས་ཀྱིས།  སྤྱི་ཚེས ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད ༡༡ པའི་ཐོག  ཚོགས་ཆེན་བཅོ་བརྒྱད་པར་བཅར་འདྲིར་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་མཇལ་འཕྲད་གནང་བ་རེད།
  སྤྱི་ཚེས ༡༥ ཉིན་གྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་བློ་མཐུན་ཞིའི་ཅིངས་བིང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཞིའི་ཅིངས་བིང་དང་ལེ་ཁེ་བྱང་། ཀྲང་ཏེ་ཅང་། གཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན།  ཝང་ཇིའི་ཧྲན།  ཀྲང་ཀའོ་ལིད་བཅས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལ་བདམས་པ་རེད།
  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཞིའི་ཅིངས་བིང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཧྥན་གྲང་ལུང་དང་ཞུལ་ཇིའི་སླེང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གཏན་འཁེལ་བྱས་ཡོད།  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོས་བདམས་ཐོན་བྱས་པའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ལ་ཆོག་མཆན་སྤྲད་དེ་ཝང་ཇིའི་ཧྲན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བསྐོ་བཞག་བྱས་པ་རེད།
ཚལ་མིང་ཀྲའོ་ཡིས་སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་མཇལ་འཕྲད་བྱེད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་ཞིའི་ཅིངས་བིང་གིས་སྟབས་བདེའི་གསུང་བཤད་གནང་བ་རེད།།
                                     ༼ ཡིག་བསྒྱུར་དོན་ཆོས ༽
·གསར་འགྱུར་གོང་མ:སྐུ་ཞབས་བྱང་སྐར་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་གཏམ་བཤད་གནང་།
·གསར་འགྱུར་འོག་མ:བོད་ཀྱི་སྐད་ཡིག་གཉིས་བེད་སྤྱོད་ཡང་དག་པར་གཏོང་དགོས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 4:43:13 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 16:13:03 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 16:13:01 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS