ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

བོད་ཀྱི་སྐད་ཡིག་གཉིས་བེད་སྤྱོད་ཡང་དག་པར་གཏོང་དགོས།

[རྩོམ་པ་པོ:དཔལ་ལྡན་ལེགས་བཤད།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/11/19 21:06:53  བཀླགས་ཐེངས:1618][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །མེས་རྒྱལ་ལ་དགའ་ཞེན་ཡོད་ན་ངེས་པར་དུ་བོད་ཀྱི་སྐད་ཡིག་གཉིས་
བེད་སྤྱོད་ཡང་དག་པར་གཏོང་དགོས།

དཔལ་ལྡན་ལེགས་བཤད།

ཀྲུང་གུང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་རྩ་འཛིན་ཞེས་པར་མེས་རྒྱལ་གྱི་སྐད་ཡིག་བེད་སྤྱོད་ཡང་དག་པར་གཏོང་ཞིང་སྤྱི་སྐད་ཁྱབ་བརྡལ་ཆེན་པོར་སྤེལ་བ་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གཙོ་བོར་བཞག་ཡོད།
སྐད་ཡིག་གཉིས་ལྷད་མེད་ཚད་ལྡན་དུ་བཟོས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་གཟི་བྱིན་ཅན་དེ་གཏན་དུ་སྐྱོད་ཐུབ་པར་བྱེད་རྒྱུ་ནི་ཀྲུང་གོ་ཡོངས་ཀྱི་མི་དམངས་ཀུན་ ༴བོད་རིགས་ཡོངས་ཀྱི་བོད་མི་ཀུན་༴ གྱིས་བསྒྲུབ་འོས་པའི་ཁྱད་འཕགས་འོས་འགན་ཡིན་ནོ། །
འཛམ་གླིང་ཐོག་མི་རིགས་ཀུན་གྱི་མི་དམངས་རྣམས་ཀྱིས་རང་ཉིད་ཀྱི་མེས་རྒྱལ་གྱི་སྐད་ཡིག་ལ་དགའ་བ་རེད། ཡུན་རིང་བར་རང་རྒྱལ་གྱི་སློབ་འབྲིང་སློབ་གཞིར་བཏུས་པའི། མཇུག་མཐའི་སློབ་ཐུན་ཞིག་ཅེས་པ་ནི་རྒྱལ་གཅེས་རིང་ལུགས་ཀྱི་བསྟོད་གླུ་ཞིག་སྟེ། ལོ་མང་པོར་སྒྲུང་རྩོམ་དེས་མེས་རྒྱལ་གྱི་སྐད་ཡིག་ལ་དགའ་ཞེན་བྱས་པས་མཚོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་྄སྙིང་སྟོབས་དེ་ལས་ཧྥ་རན་སི་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་སློབ་གསོ་དང་ཤན་འདྲེས་རྒྱུན་ཆགས་སུ་ཐེབས་ཡོད། རང་རྒྱལ་དུ་ཤེས་ཡོན་ཅན་རྒན་རབས་རྣམ་པས་སྐུ་གཞོན་དུས་སྒྲུང་རྩོམ་དེ་སྦྱངས་པའི་གནས་ཚུལ་བརྗེད་མི་སྲིད། མེས་རྒྱལ་དང་མེས་རྒྱལ་གྱི་སྐད་ཡིག་ལ་དགའ་ཞེན་བྱེད་སྙམ་པའི་འདུན་པ་དེ་ཁོང་རྣམ་པའི་ན་ཕྲ་བའི་སེམས་སུ་བཅངས་ཤིང་ཁོང་ཚོའི་ཐུན་མོང་གི་མོས་བློ་ཞིག་ཏུ་གྱུར།
འཛམ་གླིང་གི་སྐད་རིགས་ཁག་ཏུ་ ༴བོད་ཀྱི་སྐད་༴ འདི་བཟང་ཤོས་ཤིག་སྟེ། ལོ་རྒྱུས་དང་ཕུགས་རྒྱུན་རིང་ཞིང༌། མི་རིགས་ཀྱི་ཁྱད་ཆོས་གསལ་ལ་ཡིད་དབང་འཕྲོག་པའི་ཉམས་ཅན་ནོ། ། ༴སྦྱོར་ཀློག་བདེ་ལ་ལོབ་སྐྱེན་པ། གདངས་ཀྱི་གུག་སྐྱེད་སྙོམས་ཤིང་མཉེན་ཟབ་འཛོམས་པ། རྩ་བའི་དབྱངས་གསལ་གཉིས་ལས་གྲུབ་གཟུགས་སྣ་ཚོགས་ཐོན་པ་སོགས་ཁྱད་ཆོས་བརྗོད་ཀྱིས་མི་ལང་ངོ༌། །༴ སྐད་ཡིག་ནི་འཕྲིན་བརྡ་གཏོང་བྱེད་དང་སྤྱི་ཚོགས་འབྲེལ་གཏུག་གི་ལག་ཆ་གཙོ་བོ་ཡིན་ལ། མི་རིགས་ཀྱི་ཚེ་སྲོག་གི་ཆ་ཤས་དང་མི་རིགས་གཅིག་སྡུད་བྱེད་པའི་རོགས་སྐུལ་འཕྲུལ་ཆས་ཀྱང་ཡིན། སྐད་ཡིག་ཚད་ལྡན་དང་ལྷད་མེད་ཀྱི་ཚད་དེས་ ༴བོད་རིགས་ཀྱི་༴ དཔལ་ཡོན་མཐོ་ཚད་བསྟན་ཅིང་༴རང་སྐྱོང་གི་༴ གཙོ་དབང་དང་མི་རིགས་ལ་རྒྱ་ཡང་མཚོན་གྱི་ཡོད། ང་ཚོའི་ ༴བོད་ཀྱི་༴ སྐད་ཡིག་ལ་མངོན་གསལ་དོད་པོའི་རང་གཤིས་ལྡན། དེ་ནི་ཀྲུང་གོ་མི་དམངས་ཀྱི་དཀོར་ནོར་རིན་པོ་ཆེ་ཞིག་ཡིན་པས་དེར་འཛིན་པའི་རྣམ་འགྱུར་ཅི་འདྲ་ཡིན་པ་ནི། མི་རེ་རེ་བཞིན་དུ་མི་རིགས་རང་གཅེས་ཀྱི་བསམ་པ་དང༌། ཡིད་ཆེས་ཀྱི་བསམ་པ་གཉིས་ཡོད་མེད་དང༌། མེས་རྒྱལ་ལ་དགའ་མིན་མཚོན་པའི་རྟགས་གལ་ཆེན་ཞིག་གོ ། ༴བོད་༴ མི་ཀུན་གྱིས་ ༴བོད་ཀྱི་༴ སྐད་ཡིག་ལ་དགའ་ཞེན་དང༌། དེ་ལྷད་མེད་དུ་སྐྱོང་བ། ཚད་ལྡན་དུ་གཏོང་བ་བཅས་བྱེད་པ་ནི་འོས་ཤིང་འཐད་པའོ། །ཡིན་ནའང༌། དེང་སང་མི་ལ་ལས་སྐད་ཡིག་ལ་ཁྱད་དུ་བརྙས་ཏེ་ཐོན་རྫས་ལ་ཕྱི་ལུགས་ཀྱི་མིང་བཀོད། ཡིག་བྱང་ལ་ཕྱི་ལུགས་ཀྱི་མིང་བྲིས། མི་ལའང་ཕྱི་ལུགས་ཀྱི་མིང་བཏགས། སྐད་ཆ་ཁྲེལ་མེད་དང་བཙོག་པའི་རིགས་ཀྱིས་བརྙན་ཕབ་གཟུགས་རིས་ཡིག་དེབ་གཏམས་པར་བྱས། བྲིས་གཟུགས་གང་བྱུང་འབྲི་ཞིང་སྐུང་ཡིག་གང་འདོད་བསྐྲུན་པ་བཅས་ཀྱིས་སྤྱི་སྐད་ཁྱབ་སྤེལ་བྱེད་དུ་མི་སྟེར་ཞིང་ཡུལ་སྐད་ཕྱོགས་མཐར་ཁྱབ། བཙན་སྤེལ་རིག་གནས་ཀྱི་ཕྱོགས་ལྷུང་ཡོད་པའི་གད་སྙིགས་དང་འབགས་བཙོག་དེ་ཚོས་རང་རེའི་སྐད་ཡིག་སྤུས་དག་འདི་ལ་དྲི་མ་སྦག་བཞིན་ཡོད་ཅིང༌། སྐད་ཡིག་འཚོ་བའི་ཁྲོད་དུ་རྒྱུན་འཁྱོངས་འོས་པའི་རྒྱལ་གཅེས་རིང་ལུགས་དང་གཙོ་དབང་འདུ་ཤེས་དེ་འཁྲུག་བཞིན་མཆིས། གལ་ཏེ་དེ་ལྟར་རྒྱུན་འབྱམས་སུ་འཇུག་ན། ང་ཚོས་བརླགས་པ་ནི་ཡུན་རིང་གི་ལོ་རྒྱུས་དང་ཕུལ་བྱུང་གི་རིག་གནས་ཙམ་དུ་མ་ཟད། མི་རིགས་
ཤིག་གི་ ༴བོད་ཀྱི་༴ བླ་སྲོག་དང་འབྱུང་འགྱུར། ཐ་ན་ང་ཚོའི་ ༴གངས་ལྗོངས་༴ ཀྱང་ངོ༌། །
རྒྱལ་ཁབ་སྐད་ཡིག་ལྷན་ཁང་གིས་ཀྱང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ ༴ང་ཚོས་ཀྱང་མགྲིན་གཅིག་ཏུ་༴ མི་མདོ་མེད་ཀྱི་བྱ་བ་མདོ་མེད་དེ་རིགས་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱས་ནས་ ༴བོད་ཀྱི་༴ ཕུལ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་སྤེལ་ཞིང་མི་རིགས་ཡོངས་ཀྱི་རང་གཅེས་བསམ་པ་དང་ཡིད་ཆེས་ཀྱི་བློ་ཇེ་ཆེར་གཏོང་བའི་རེ་བ་བཏོན།
ང་ཚོའི་རིམ་པ་ཁག་གི་རིགས་སོ་སོའི་སློབ་གྲྭ་དང་རྒྱ་ཆེའི་ཁྱབ་སྦྲེལ་ལས་རིགས་ཁག་གིས་ ༴བོད་ཀྱི་༴ སྐད་ཡིག་ལྷད་མེད་དང་ཚད་ལྡན་དུ་གཏོང་བའི་ཐད་ལ་མིག་དཔེ་སྔོན་དུ་བཟོ་དགོས། རྒྱ་ཆེ་བའི་དགེ་རྒན་རྣམ་པས་སྐད་ཡིག་ལྷད་མེད་ཅིང་ཚད་གཞི་ལྡན་པའི་མཚོན་དཔེ་བྱེད་དགོས་ཤིང༌། སློབ་མ་མང་ཚོགས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང༌། བློ་རིགས་བསྒྲིམས་ཏེ་ ༴བོད་ཀྱི་༴ སྐད་ཡིག་ལེགས་པར་སྦྱོང་ཞིང་ང་ཚོའི་མེས་པོ་དང་མི་
རིགས་ནམ་ཡང་བརྗེད་མི་རུང༌། གསར་འགྱུར་དང་རྩོམ་རིག་སྒྱུ་རྩལ་ལས་དོན་པ་རྣམས་ནི་དེ་བས་ཀྱང་གཟུར་དུ་མེད།
མདོར་ན་ང་ཚོས་ ༴བོད་ཀྱི་༴ སྐད་ཡིག་ལྷད་མེད་དང་ཚད་ལྡན་བཟོས་ནས་དེར་སྔར་ལས་མཛེས་མདངས་རྒྱས་ཆེད་འབད་པ་ཆེར་བསྐྱེད་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་གཟི་བྱིན་ཅན་དེ་གཏན་དུ་སྐྱོད་དུ་ཆུག་ཅིག །ཅེས་པའི་རྩོམ་འདི་ནི་སྤྱི་ལོ༡༩༩༦ ཟླ༢ ཚེས༩ ཉིན་གྱི་རྒྱ་ཡིག་ཀྲུང་གོའི་སློབ་གསོ་ཚགས་པར་དུ་བཀོད་པའི་རྒྱ་མི་ཙིའུ་ཡིན་ཀན་ 邹应庚 ཞེས་པས་བརྩམས་པའི་རྩོམ་ཡིག་ 《爱国:应正确使用祖国语言文字》བྱ་བ་ལ་ཕྲི་སྣོན་ཅུང་ཟད་བགྱིས་པ་སྟེ། རྩོམ་འདིར་བསྟན་གྱི་མེས་རྒྱལ་གྱི་སྐད་ཡིག་ཅེས་པ་རྒྱའི་སྐད་ཡིག་ལ་ཟེར། བོད་ཀྱི་སྐད་ཡིག་གཉིས་ཆར་ཡང་རྩོམ་དུ་བསྟན་པའི་ཉེན་ཁ་དང་དགོས་པ་མཆིས་པས་བོད་ཀྱི་སྐད་ཡིག་ལས་དོན་སྒྲུབ་མཁན་རྣམས་ལ་བློ་སྐྱེད་ཕྲན་བུ་འབྱུང་ཡང་སྲིད་སྙམ། དེར་བརྟེན་རིགས་འགྲེས་བྱས་ཏེ་དཔལ་ལྡན་ལེགས་བཤད་ཀྱིས་རབ་རྒྱན་མེ་བྱིའི་ཟླ༨ ཚེས༦ ལ་བསྒྱུར་རྩོམ་བྱས་པའོ། །
1996、9、18
·གསར་འགྱུར་གོང་མ:སྐབས་གསར་པའི་ཀྲུང་དབྱང་རྒྱུན་ཨུད་འདེམས་ཐོན་བྱུང་བ།
·གསར་འགྱུར་འོག་མ:མིང་བརྡ་གསར་པའི་སྐོར་གྱི་འབེལ་མཆིད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:12:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:30:30 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:42:07 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS