ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

འཛམ་གླིང་ཨའེ་ཙི་ནད་ཀྱི་ཉིན་མོའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ།

[རྩོམ་པ་པོ:དགེ་བུ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/11/30 19:32:56  བཀླགས་ཐེངས:1134][ཡིག་གཟུགས:ཡིག་གཟུགས་མདོག]
ཁྱེད་ཀྱིས་འཛམ་གླིང་ཨའེ་ཙི་ནད་ཀྱི་ཉིན་མོ་ཞེས་པའི་ཡོང་ཁུངས་ཤེས་སམ།

སྤྱི་ལོ་1981 ལོར་འཛམ་གླིང་གི་ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང་པོ་དེ་མཐོང་བ་ནས་ད་ལྟ་བར་གྱི་དུས་ཐུང་ལོ་30 རིང་ཨའེ་ཙི་ནད་ཀྱིས་གོ་ལ་ཧྲིལ་པོར་མནར་གཅོད་དང་སྡུག་གཏོང་བའི་ངང་ནས་འགོས་མཆེད་དུ་སོང་བ་དང༌། དེ་ཉིད་སྤྱི་སྤྱོད་འཕྲོད་བསྟེན་གྱི་གནད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ལ་གྱུར་ཅིང༌། དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། འཛམ་གླིང་ཡོངས་ཀྱི་མི་དམངས་རྣམས་ཀྱིས་ལས་འགུལ་སྤེལ་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་ཨའེ་ཙི་ནད་ལ་འགྲན་རྒོལ་བྱེད་རྒྱུར་འབོད་སྐུལ་བྱ་ཆེད། སྤྱི་ལོ་1988 ལོའི་ཟླ་1 པོར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ལོན་ཏོན་དུ་རྒྱལ་ཁབ་140 ཀྱི་པུའུ་ཀྲང་ཞུགས་པའི་གོ་ལ་ཧྲིལ་པོས་ཨའེ་ཙི་ནད་ལ་སྔོན་འགོག་བྱེད་པའི་རིམ་པ་མཐོ་བའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་པ་དང༌། ཚོགས་འདུའི་ཐོག་ལོ་རེའི་ཟླ་12 པའི་ཚེས་ 1 ཉིན་ནི་འཛམ་གླིང་གི་ཨའེ་ཙི་ནད་ཀྱི་ཉིན་མོ་ཡིན་པ་ཁྱབ་བསྒྲགས་བྱས་པ་དང༌། སྤྱི་ལོ་1996 ལོའི་ཟླ་1 པོར། མཉམ་འབྲེལ་རྒྱལ་ཚོགས་ཨའེ་ཙི་ནད་འཆར་འགོད་ཧྲུའུ་(UNAIDS) རི་ནེ་ཝར་དབུ་བརྙེས་ཤིང༌། སྤྱི་ལོ་1997 ལོར་UNAIDS ཡིས་འཛམ་གླིང་ཨའེ་ཙི་ནད་ཀྱི་ཉིན་མོ་ཞེས་པ་དེ་འཛམ་གླིང་ཨའེ་ཙི་ནད་འགོག་བཅོས་དྲིལ་བསྒྲག་ལས་འགུལ་ཞེས་པར་མིང་བསྒྱུར་བ་དང༌། ཨའེ་ཙི་ནད་འགོག་བཅོས་དྲིལ་བསྒྲག་ལོ་ཧྲིལ་པོར་བྱེད་རྒྱུ་བྱས་ཡོད། ལོ་རེའི་འཛམ་གླིང་ཨའེ་ཙི་ནད་འགོག་བཅོས་དྲིལ་བསྒྲག་ལས་འགུལ་ལ་དྲིལ་བསྒྲག་གི་བརྗོད་བྱ་གཙོ་བོ་རེ་ཡོད།  ད་ལོ་༢༠༡༢ལོའི་ཟླ་༡༢པའི་ཚེས་༡ཉིན་གྱི་ཐེངས་༢༥པའི་འཛམ་གླིང་ཨའེ་ཙི་ནད་ཀྱི་ཉིན་མོའི་བྱེད་སྒོའི་བརྗོད་བྱ་གཙོ་བོའང་། ༼བྱ་སྤྱོད་སྤེལ་ནས། ཨའེ་ཙི་ནད་ཡེ་ནས་མེད་པ་བཟོ་ཐབས་བྱ་དགོས་༽ཞེས་པ་དང་། ཞར་བྱང་ལ། ༼དམངས་ཡོངས་ཞུགས་ཤིང་། ནུས་པ་གང་ཡོད་བཏོན་ཏེ།  ཁྱོན་ཡོངས་ནས་སྔོན་འགོག་བྱེད་དགོས།༽ ཞེས་པ་དེ་ཡིན།    བརྗོད་བྱ་གཙོ་བོ་དེ་གཞིར་བཟུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཨའེ་ཙི་ནད་འཆར་འགོད་ཧྲུའུ་དང༌། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། དེ་བཞིན་དེའི་ཁོངས་མིའི་རྒྱལ་ཁབ་ཚང་མས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་གྱི་ཡོད།

ཨའེ་ཙི་ནད་སྔོན་འགོག་ཚོད་འཛིན་དྲིལ་བསྒྲགས་སློབ་གསོའི་ཤེས་བྱ་གནད་བསྡུས།

དང་པོ། ཨའེ་ཙི་ནད་ནི་གནོད་ཚབས་ཆེ་ལ་འཆི་ཚད་མཐོ་བའི་ནད་ཡམས་ཚབས་ཆེན་ཞིག་ཡིན་རུང་དེ་ལ་སྔོན་འགོག་བྱ་ཐབས་ཡོད། མིག་སྔར་ཨའེ་ཙི་ནད་ལ་འགོག་སྨན་དང་སངས་དྲག་ཏུ་བཅོས་པའི་སྨན་མེད་མོད་ཀྱང་། དེར་ཅུང་ལེགས་པའི་སྨན་བཅོས་ཐབས་ཇུས་ཡོད་ཕྱིར། ནད་པའི་ཚེ་ཐག་རིང་དུ་བསྲིང་པ་དང༌། འཚོ་བའི་སྤུས་ཀ་ལེགས་བཅོས་བྱེད་ཐུབ།
གཉིས་པ། ཨའེ་ཙི་ནད་ནི་འཁྲིག་པ་སྤྱོད་པ་དང༌། ཟུངས་ཁྲག   མ་བུ་བཅས་རྣམ་པ་གསུམ་བརྒྱུད་ནས་འགོས་མཆེད་བྱེད་བཞིན་ཡོད།  ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང༌། ནད་པར་རྒྱུན་ལྡན་འཚོ་བ་དང་བྱ་བའི་སྐབས་ཀྱི་ཕན་ཚུན་རེག་ཐུག་བྱུང་བ་ཙམ་གྱིས་འགོས་ཐུབ་ཀྱི་མེད།
གསུམ་པ། སྤྱོད་གཙང་རང་གཅེས་དང༌། འཁྲིག་པ་མི་ཆོས་དང་མཐུན་པ་སྤྱོད་རྒྱུ་དེ་ནི་ཨའེ་ཙི་ནད་དང་སྦྱར་ནད་འཁྲིག་པ་སྤྱོད་པར་བརྒྱུད་ནས་འགོས་མཆེད་བྱེད་པ་སྔོན་འགོག་བྱེད་པའི་རྩ་བའི་ཐབས་ཤེས་ཡིན།
བཞི་པ། རྒྱུ་སྤུས་ཚད་ལྡན་གྱི་སྦྲུམ་འགོག་འགྱིག་ཤུབས་བེད་སྤྱོད་ཡང་དག་པ་བྱེད་པ་དང༌། སྔ་ཙམ་དུ་སྦྱར་ནད་སྨན་བཅོས་དང་སངས་དྲག་ཏུ་བཅོས་ན་ཨའེ་ཙི་ནད་དང་སྦྱར་ནད་འགོས་མཆེད་བྱེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
ལྔ་པ། ཁབ་ཆས་མཉམ་སྤྱོད་བྱས་ཏེ་དུག་རྫས་ཁྲག་རྩར་བརྒྱབ་སྟེ་སྤྱོད་པ་དེ་ནི་ཨའེ་ཙི་ནད་འགོས་མཆེད་བྱེད་པའི་ཉེན་ཁ་ཆེ་བའི་སྤྱོད་ཚུལ་ཞིག་ཡིན་པས། དུག་རྫས་རྦད་འགོག་དང་ཚེ་སྲོག་གཅེས་སྤྲས་བྱེད་དགོས།
དྲུག་པ། དགོས་པ་མེད་པར་སྨན་ཁབ་རྒྱག་པ་དང༌། ཁྲག་རྒྱག་པ། ཁྲག་ཐོན་སྨན་རྫས་བེད་སྤྱོད་སོགས་བྱེད་མི་རུང༌། དགོས་པ་ཡོད་དུས་ཨའེ་ཙི་ནད་ཀྱི་དུག་སྲིན་འགོག་རྫས་ཞིབ་བཤེར་ཚད་ལེན་བྱས་ཏེ་ཚད་ལོང་བའི་ཁྲག་དང་ཁྲག་ཐོན་སྨན་རྫས་བེད་སྤྱོད་བྱེད་དགོས། ཐེངས་གཅིག་རང་བཞིན་གྱི་སྨན་ཁབ་དང་ཁབ་ཆས་དང༌། ཡང་ན་དུག་སེལ་ནན་པོ་བྱས་པའི་ཁབ་ཆས་བེད་སྤྱོད་བྱེད་དགོས།
བདུན་པ། ཨའེ་ཙི་ནད་ཀྱི་ནད་དུག་འགོས་པའི་སྦྲུམ་མ་ལ་དུས་ཐོག་ཏུ་ནད་དུག་འགོག་པའི་སྨན་རྫས་ཀྱི་ཇུས་གཏོགས་བྱེད་དགོས་པ་དང༌། གང་ནུས་ཀྱིས་བཙས་སྐབས་ཀྱི་ཆག་ཉེས་མི་ཤོར་བ། ཨ་མའི་ནུ་མ་བུ་ཕྲུག་ལ་མི་སྟེར་བ་སོགས་ཀྱི་སྔོན་འགོག་ཐབས་ཇུས་སྤྱད་ན་མངལ་ཕྲུག་དང་ཕྲུ་གུར་ནད་དུག་འགོས་པའི་གོ་སྐབས་ཇེ་ཉུང་གཏོང་ཐུབ།
བརྒྱད་པ། རང་མོས་ཀྱིས་ཨའེ་ཙི་ནད་བློ་འདྲི་ཞིབ་བཤེར་བྱེད་རྒྱུ་ནི་སྔ་ཙམ་ནས་ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང་ནད་པ་རྙེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན།
དགུ་བ། ཨའེ་ཙི་ནད་ཀྱིས་མི་རེ་རེ་དང༌། ཁྱིམ་ཚང་རེ་རེར་ཉེན་ཚབས་སྐུལ་བཞིན་ཡོད་པ་དང༌། ཐ་ན་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་ཕྱིར། ཨའེ་ཙི་ནད་སྔོན་འགོག་བྱེད་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ལས་འགན་ཞིག་ཡིན།

བཅུ་པ། ཨའེ་ཙི་ནད་ཀྱི་ནད་པར་ཐུགས་ཁུར་རོགས་རམ་བྱས་ཏེ་ཁོང་ཚོ་ཨའེ་ཙི་ནད་སྔོན་འགོག་གི་བྱ་བ་ནང་ཞུགས་རྒྱུར་སྐུལ་འདེད་བྱེད་པ་ལས་ཁོང་ཚོར་མཐོང་ཆུང་དང་བརྙས་བཅོས་ཡེ་ནས་མི་བྱེད་རྒྱུ་བཅས་ནི་ཨའེ་ཙི་ནད་གྱི་འགོས་མཆེད་ཚོད་འཛིན་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན།

ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང་ནད་པར་བརྙས་བཅོས་མཐོང་ཆུང་བྱེད་པར་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན།
མི་རྣམས་ཀྱིས་ཨའེ་ཙི་ནད་ཀྱི་འབྲེལ་ཡོད་འགོག་བཅོས་ཤེས་བྱ་ཁོང་དུ་ཆུད་མེད་པ་དང༌། ཨའེ་ཙི་ནད་ལ་ཞེད་སྣང་སྐྱེས་པ། དེ་བཞིན་ཨའེ་ཙི་ནད་དེ་མི་རྣམས་ཀྱི་སེམས་ནང་རྒྱུན་དུ་སྨད་འཚོང་འཆལ་སྤྱོད་དང༌། དུག་རྫས་སྤྱོད་པ་སོགས་བྱ་སྤྱོད་མི་ལེགས་པ་དང་འབྲེལ་བ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ནད་འགོས་ཡོད་པའི་མི་དང་ནད་པར་མཐོང་ཆུང་བྱེད་པའི་སྣང་ཚུལ་ཡོང་གི་ཡོད།
ནད་དུག་འགོས་ཡོད་པའི་མི་དང་ནད་པར་མཐོང་ཆུང་དང་བརྙས་བཅོས་བྱས་པའི་རྐྱེན་གྱིས། ཉེན་ཁ་ཆེ་བའི་བྱ་སྤྱོད་ཡོད་པའི་མི་མང་བ་ཞིག་གིས་ཨའེ་ཙི་ནད་ཀྱི་དུག་སྲིན་འགོག་རྫས་ཀྱི་ལྟ་ཞིབ་ཚད་ལེན་དང་ལེན་མི་བྱེད་པར་སྐུལ་འདེད་བྱེད་ཉེན་ཡོད་པ་དང༌། ཨའེ་ཙིའི་ནད་དུག་འགོས་ཡོད་པའི་མི་དང་སྤྱི་ཚོགས་ཀྱི་འགལ་ཟླ་ཤུགས་ཆེ་རུ་ཕྱིན་ཏེ། ཁོ་ཚོས་རང་དམའ་རང་འབེབས་དང་སྤྱི་ཚོགས་ལ་འཁོན་ལན་སློག་པའི་བྱ་སྤྱོད་སོགས་མཇུག་འབྲས་མི་ལེགས་པ་བྱུང་བ་བྱེད་པའི་ཉེན་ཁ་ཡོད།
ནད་དུག་འགོས་ཡོད་པའི་མི་དང་ནད་པར་མཐོང་ཆུང་བརྙས་བཅོས་མི་བྱེད་རྒྱུ་ནི་ཨའེ་ཙི་ནད་སྔོན་འགོག་དང་ཚོད་འཛིན་ལ་མེད་དུ་མི་རུང་བའི་བྱ་བ་ཞིག་ཡིན། ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང་ནད་པ་ནི་ནད་རིགས་ཀྱི་གནོད་འཚེ་ཕོག་མཁན་ཡིན་པ་དང༌། ཁོང་ཚོར་ལྟ་རྟོག་དང་རོགས་རམ་བྱེད་པ་ནི་ང་ཚོ་རང་ཉིད་ལ་ལྟ་རྟོག་དང་རོགས་རམ་བྱེད་པ་ཡིན།

ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང་ནད་པ་ལ་དབང་ཆ་དང་། འོས་འགན། འགན་འཁྲི་གང་དག་ཡོད་དམ་ཞེ་ན།
ཨའེ་ཙིའི་ནད་དུག་འགོས་ཡོད་པའི་མི་དང་ནད་པ༌། དེ་བཞིན་དེ་དག་གི་ཁྱིམ་མི་བཅས་ལ་མཐོང་ཆུང་བརྙསབཅོས་འཁུར་མི་དགོས་པ་དང༌། ཁྲིམས་ལྟར་སྤྱི་དམངས་ཀྱི་དབང་ཆ་དང་འོས་འགན་ལོངས་སུ་སྤྱོད་དབང་ཡོད་པ་དང་དུས་མཚུངས་སུ་ཁོ་ཚོར་ཡང་སྨན་བཅོས་མི་སྣའི་སྨན་བཅོས་མཛུབ་ཁྲིད་ནན་ཏན་ངང་ཉན་པ་དང། ནད་རིགས་འགོག་བཅོས་ཚོད་འཛིན་སྡེ་ཁག་གི་དོ་དམ་ལ་བསྟུན་པ། རང་འགུལ་ངང་ཁྲག་དང༌། ཁུ་བ། དབང་པོ། ཕུང་གྲུབ། ཕྲ་ཕུང་བཅས་གཞན་ལ་མི་འབུལ་བ་བཅས་བྱས་ནས་ནད་དུག་མི་གཞན་ལ་འགོས་མཆེད་ཡོང་རྒྱུ་བཀག་འགོག་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད།
ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང་ནད་པར་ངེས་པར་དུ་ཁྲིམས་ལུགས་དང༌། སྤྱི་ཚོགས་ཀྱི་ཀུན་སྤྱོད་བརྩི་སྲུང་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། ཁྲིམས་ལུགས་དང་འགལ་ནས་ཉེས་གསོག་བྱེད་མཁན་ལ་གཞན་དང་འདྲ་བར་ཁྲིམས་ལུགས་ཀྱི་ཆད་པ་གཅོད་ངེས་ཡིན། དཔེར་ན་རང་ཉིད་ཨའེ་ཙི་ནད་ཀྱི་ནད་དུག་འགོས་ཡོད་པའི་མི་དང་ཨའེ་ཙི་ནད་ཀྱི་ནད་པ་ཡིན་པ་ཤེས་བཞིན་དུ་མི་གཞན་ལ་འགོས་བཅུག་མཁན་རྣམས་ལ་ཁྲིམས་ལྟར་ཁྲིམས་ལུགས་ཐོག་གི་འགན་འཁྲི་རྩད་གཅོད་བྱེད་ཀྱི་ཡོད།

·གསར་འགྱུར་གོང་མ:དཔལ་ལྷ་མོ་ལ་འཕྲིན་དུ་གསོལ་བ།
·གསར་འགྱུར་འོག་མ:གཞས་ཚིག་རྐྱང་བའི་དེབ་ཅིག་བཀྲམ་འདུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:31:26 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:23:08 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:46:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS