ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

འཛམ་གླིང་ལ་དུས་མཐའི་འཇིཊ་པ་ཡོང་བའི་ཁུངས་མེད་གཏམ་འཆལ་ཞིག

[རྩོམ་པ་པོ:དགེ་བུ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/12/6 11:11:05  བཀླགས་ཐེངས:1706][ཡིག་གཟུགས:ཡིག་གཟུགས་མདོག]
འཛམ་གླིང་ལ་དུས་མཐའི་འཇིགས་པ་ཡོང་བའི་ཁུངས་མེད་གཏམ་འཆལ་ཞིག

འབྲེལ་ཡོད་གསམ་ལམ་དུ་ཁྲེན་ཏུའི་ཧྲན་ལུའུ་(双流)སོགས་ས་གནས་ཁག་ཅིག་ཏུ་ཡུལ་མི་ཚོས། སྤྱི་ཟླ་༡༢པའི་ཚེས་༢༡ཉིན་བསྟུད་མར་ཉིན་མཚན་གསུམ་རིང་མུན་པ་རུབ་ཀྱི་རེད་ཅེས་འུར་སྒྲོགས་ཏེ། འཚང་ག་བརྒྱབ་ནས་ལྭ་སྒྲོན་ཉོ་གི་ཡོད་ཚུལ་འཁོད་འདུག
འབྲེལ་ཡོད་གནམ་རིག་ཆེད་ལས་མཁས་པས་ནན་ཏན་ཆེན་པོས།  དེ་སྔོན་ལོ་རྒྱུས་ཐོག་དེ་ལྟ་བུའི་གནས་ཚུལ་བྱུང་མྱོང་མེད་ཅིང་།  ས་ཡི་གོ་ལ་རང་འཁོར་དང་ཉི་མར་བསྐོར་བ་རྒྱག་ཚུལ་གང་གི་ཐོག་ནས་བལྟས་ཀྱང་དེ་ལྟར་ཡོང་མི་སྲིད།   གལ་ཏེ་གནམ་རིག་སྐོར་གྱི་ཤེས་བྱའི་ཆ་རྒྱུས་ཅུང་ཟད་ཡོད་མཁན་ཞིག་ཡིན་ན་དེ་ཉིན་ཉི་འཛིན་དང་ཟླ་འཛིན་གང་ཡང་མེད་པས། གཏམ་འཆལ་དེའི་གྲས་ལ་ཡིད་ཆེས་བྱེད་ཀྱི་མ་རེད་ལ་དེ་འདྲ་ཡེ་ནས་ཡོང་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག
དེ་བཞིན་སི་ན་པོད་ཕྲན་(新浪微搏)སོགས་སུའང་། ༼ཟླ་༡༢པའི་ཚེས་༡༢ དགོང་མོ་ཆུ་ཚོད་༡༢དང་སྐར་མ་༡༢ཐོག་འཛམ་བུ་གླིང་ལ་འཇིགས་པ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པས། ཐམས་ཅད་ཀྱིས་རང་རང་གི་ས་ནས་དག་པའི་ཞིང་མཆོག་ཚར་༣  སི་དྷྷི་འབུམ་གཅིག་བཅས་བཏོན་ན་འཇིགས་པ་བཟློག་པའི་རེ་བ་ཅུང་ཙམ་ཡོད།
འཇིགས་པ་ཐོན་ལ་ཉེ་བའི་སྐབས་སུ་གུར་ཕུབ་ནས་འདུག་དགོས་ལ་ཁང་པའི་ནང་ལ་འདུག་མི་རུང་།
མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཕྱོགས་ཡོངས་དགོན་ཁག་སོ་སོ་ནས་གསུངས་སོ༽ཟེར་བའི་གཏམ་འཆལ་ཞིག་སྤེལ་ཡོད་པ།  ཁམས་སོགས་ས་ཆ་ཁག་ཅིག་ན་མང་ཚོགས་འགས་དེ་ལ་ཡིད་ཆེས་ནས་བློ་མི་བདེ་བར་འུར་རྒྱག་གི་ཡོད་ཚུལ་འདུག
དེ་ལ་མཁན་པོ་ཁོང་སྐུ་ངོ་མས་གསུང་དོན།  ༼འདི་འདྲའི་གཏམ་འཆལ་ཞིག་སྣང་སྟེ།  གཞན་གྱིས་རྫུན་བཟོ་བྱས་པ་རེད། འདི་ལོའི་ཟླ་༡༢པའི་ནང་དུས་མཐའི་འཇིགས་པ་འབྱུང་རྒྱུ་ཡོད་ཅེས་མི་ཁ་ཅིག་གིས་བཤད་ཀྱི་ཡོད་མོད། ང་རང་ནི་དེ་ལ་ཡིད་མི་ཆེས་སོ།༽ཞེས་གསལ་བསྒྲགས་སྤེལ་གནང་ཡོད།
དེས་ན་ང་ཚོའི་མང་ཚོགས་ཚོས་རྒྱུ་མཚན་མེད་པའི་ཁུངས་མེད་གཏམ་འཆལ་དེ་རིཊ་ཤོད་མཁན་གྱི་རྗེས་སུ་རི་བོང་ཅལ་རྒྱུགས་མི་བྱེད་པར།  རང་གིས་རིགས་པས་དཔྱོད་ཤེས་པ་དང་། རྒྱུ་མཚན་ཤེ་མཁན་གྱི་སྐད་ཆ་ལ་ཡིད་ཆེས་ཀྱིས་རང་ཚུགས་མ་ཤོར་བ་གནང་རྒྱུ་ཤིན་ཏུ་གལ་ཆེ།
ཡི་གེ་མི་ཤེས་མཁན་དང་དྲ་བར་བལྟ་ཀློག་གི་ཆ་རྐྱེན་མེད་པའི་ལུང་ཁུག་གི་ཞིང་འབྲོག་མང་ཚོགས་ཚོར་དམིགས་ཏེ་ལྷག་བསམ་ཅན་ཚོས་དེ་དོན་བརྒྱུད་བསྒྲགས་གང་མང་གནང་རོགས།
·གསར་འགྱུར་གོང་མ:མཁའ་འགྲོ་བདེ་ཆེན་དབང་མོའི་འཁྲུངས་སྐར་ལ་ཕུལ་བ།
·གསར་འགྱུར་འོག་མ:དགའ་ལྡན་ལྔ་མཆོད་ཆེན་མོའི་སྒྲུབ་ཐབས་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:36:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:37:32 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:30:59 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS