ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
གསར་འགྱུར་ཀློག་པ།

ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཚང་རར་བཀྲམ་པ།

[རྩོམ་པ་པོ:གཞན་ཕན།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/12/15 23:29:17  བཀླགས་ཐེངས:2454][ཡིག་གཟུགས:ཡིག་གཟུགས་མདོག]
ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཚང་རར་བཀྲམ་པའི་བརྡ་ཁྱབ།

ཨེ་མ་ཧོ་རྟགས་ཅན་གྱི་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་དང་པོ་ནི2012 ལོའི་ཟླ9 པའི་ཚེས20 ཉིན་འགོ་བརྩམས་ནས་མཚོ་སྔོན་ཡུལ་ཤུལ་ས་ཁུལ་དུ་ཚོང་རར་བཀྲམ། འོན་ཀྱང་གནས་ཚུལ་ངེས་ཅན་ཞིག་གིས་ས་ཁུལ་ཡོངས་ལ་བཀྲམ་པའི་གོ་སྐབས་མ་བྱུང་པའི་དབང་གིས་རྒྱ་ཆེ་རེ་སྒུག་གི་ལག་ཟུང་རིང་དུ་བརྐྱངས་པའི་ཁ་བ་རི་པའི་སྤུན་གྲོགས་ཡོངས་ལ་བཟོད་གསོལ་ཞུ་བ་དང་ཆབ་གཅིག་ཏུ་ད་ལྟ་ངེད་ཀུང་སིའི་མི་སྣ་ཡོངས་ཀྱི་བརྩོན་པ་ལྷུ་ལེན་དང་བཀའ་སྤྱད་སྡུག་རུས་ཀྱི་སྙིང་ཤུགས་ལ་བརྟེན་ནས་ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པ་དང་ཨེ་མ་ཧོ་སྤྱིར་བཏང་བོད་ཡིག་ལག་འཕྲིན་བཅས་ཟླ12 པའི་ཚེས12 ཉིན་འགོ་བརྩམས་ནས་བོད་ཡུལ་ཡོངས་སུ་རིམ་བཞིན་ཚོང་རར་བཀྲམ་པའི་ཡིད་ཆེས་བརྟན་པོ་ཡོད།
སྤུན་ཟླ་ཚོ། འདི་ནི་དགའ་འོས་པའི་དོན་བཟང་ཞིག་མ་རེད་དམ། ད་དུང་ཐོན་རིམ་དང་པོའི་རྨང་གཞི་སྟེང་སྲ་ཆས་དང་སྙི་ཆས་གྲངས་མང་ཞིག་སྔར་ཡོད་དར་སྤེལ་དང་སྙིགས་དོར་བཅུད་ལེན་གྱི་སྤུས་དག་ཞིག་ཡོད་པ་མ་ཚད་བཀོལ་ཡོད་པའི་མིང་བརྡ་ཚིག་གསུམ་སོགས་ནི་འབྱུང་ཁུངས་མེད་པའི་ཡིག་ནོར་བརྡ་མ་རྡིབ་ཅིག་ག་ལ་ཡིན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་པར་དུ་སྐྲུན་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བརྡ་འཕྲིན་ལག་རྩལ་མིང་མཛོད་བཅས་ལ་གཞི་འཛིན། ཞོར་དུ་མདོ་དབུས་ཁམས་གསུམ་གྱི་གཙུག་ཏུ་ཁུར་བའི་དགེ་རྒན་དང་མཁས་དབང་གྲངས་མང་ཞིག་གི་ཐུགས་ཁུར་དང་རྒྱབ་སྐྱོར་སོགས་ལ་བརྟེན་ནས་མིང་ཚིག་དང་ཐ་སྙད་ཀྱི་དཀའ་ངལ་གཞི་རྩའི་ཆ་ནས་སེལ་འགོ་བརྩམས།
ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པ་འདི་ལ་ནུས་པའི་སྟེང་ནས་ཐོན་རིམ་དང་པོའི་རྨང་གཞི་ཐོག་གཤམ་བཀོད་ལྟར་རིམ་སྤར་བྱས་ཡོད།
༡ མ་ལག་པར་རིམ་ android2.2.3 ནས་ android2.3.6 ལ་སྤར་ཡོད།
༢ རྒྱུད་ཁོངས་མ་ལག་གཏན་འཇགས་རང་བཞིན་གོང་འཕེལ་དུ་གཏོང་ཡོད།
༣ འཆར་ཡོལ་སྣེ་ཟུར་གྱི་མཐོང་རྒྱ་ཆེ་རུ་བཅུག་པས་འཆར་བའི་སྤུས་ཚད་སྔར་ལས་བཟང་།
༤ པར་ཆས་ཀྱིས་པར་ལེན་སྐབས་རང་འགུལ་དམིགས་སྒྱུར་གྱི་བྱེད་ནུས་གསར་སྣོན་བྱས་ཡོད།
༥ པར་ཆས་ཀྱིས་པར་ལེན་སྐབས་པར་རིས་སྔོན་ལས་མངོན་གསལ་དོད་པ།
༦ ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་གྱི་སྒྲིག་སྦྱོར་གཤམ་ལྟར།
འཆར་ཤེལ། དབྱིན་ཚོན 4.0   480*800 དྭངས་གསལ་ཅན།
མ་ལག  Android 2.3.6
བརྙན་མིག  བརྙན་རྒྱུ་ཁྲི་ལྔ་བརྒྱ།
དྲ་བའི་རྒྱབ་སྐྱོར། CDMA2000 EVDO RevA,1x, 800MHz ,GSM:900/1800MHZ
ཀྲུང་གོ་གློག་འཕྲིན་དང་ཀྲུང་གོ་འཁྱེར་འཕྲིན། ཀྲུང་གོ་འབྲེལ་འཕྲིན་བཅས་ཀྱི་དྲ་བར་རྒྱབ་སྐྱོར་འདུག
哎玛虎藏文智能手机基本配置
外观设计:直板PDA
屏幕显示:4.0英寸、480*800、WVGA、电容屏
电池容量:   1650  毫安
网络支持:双模双待:CDMA2000 EVDO RevA,1x, 800MHz ,GSM:900/1800MHZ
操作系统:Android 2.3.6
内存: RAM:512 MByte,ROM: 512MByte,
扩展内存:外置存储卡 MicroSD(最大可支持32G)
摄像头: 500万像素
基本功能:音乐,视频,拍照,摄像等
特色功能:Wifi,GPS导航,收音机,蓝牙等。
ཨེ་མ་ཧོ་བོད་ཡིག་རིག་ལྡན་ལག་འཕྲིན་ཐོན་རིམ་གཉིས་པའི་ནང་དུ་སྒྲིག་འཇུག་བྱས་པའི་བཀོལ་སྤྱོད་བསྒྲིགས་རིམ་གཤམ་བཀོད་ལྟར།
༡ བོད་ཡིག་ལྡན་པའི་འཕྲིན་ཕྲན།

༢ བོད་ཡིག་གླུ་ཚིག་འཆར་ཐུབ་པའི་གླུ་གཞས་གཏོང་ཆས།

༣ བཀོལ་སྤྱོད་བདེ་བའི་བརྗེད་ཐོ་འབྲི་དེབ།

༤ དཔེ་ཆ་བརྒྱ་ལྷག་ཡོད་པའི་གློག་རྡུལ་དཔེ་ཆ་ཀློག་ཆས།

༥ བྱིས་པའི་རྩེད་མོ་ཀ་ཁ་སྦྲེལ་པ།

༦ རྩེད་མོ་བོད་བསྒྱུར་བྱས་པའི་ཤིང་ཏོག་གཤག་པ།

ཨེ་མ་ཧོ་སྤྱིར་བཏང་བོད་ཡིག་ལག་འཕྲིན།

སྤྱིར་བཏང་བོད་ཡིག་ལག་འཕྲིན་འདི་རིན་གོན་དམའ་ན་ཡང་ཁྱད་ཆོས་མ་དམན་པ་ཞིག་མཆིས།CDMA

དང་GSM གཉིས་ཀྱི་དྲ་བའི་བྱང་བུ་འཇུག་ཆོག་པ་དང་འཆར་ངོས་ལ་བྲིས་འཇུག་ཆོག
ད་དུང་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅིག་ནི་མཐེབ་ནོན་གྱི་སྟེང་དུ་དབྱངས་གསལ་རིམ་པ་བཞིན་བཀོད་ཡོད་པ་དེ་དག་གིས་ཆ་འཕྲིན་སྐུར་བ་དང་མིང་ཐོ་ཉར་བ་སོགས་སྟབས་བདེ་ཡིན་ནོ།།

མཚོ་སྔོན་ཨེ་མ་ཧོ་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སི།
青海哎玛虎电子科技有限公司
Email:amahoo@amahoo.cn
ཁ་པར། 电话:0971-6516233
སྡོད་གནས། ཟི་ལིང་གྲོང་ཁྱེར་ཁུ་ནུ་བར་ལམ་ཨང་༡༨པ་རྒྱལ་སྤྱི་དང་པོའི་ཐོག་བརྩེགས༢༥དུ།
地址:青海省西宁市昆仑中路18号国际壹号25楼

རྩོམ་པ་པོ། ཨེ་མ་ཧོ་གཞན་ཕན།

·གསར་འགྱུར་གོང་མ:མི་སུམ་ཅུར་བསམ་བློ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ།
·གསར་འགྱུར་འོག་མ:རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོཊ་འདུ་ཐེངས་གཉིས་པ་བསྡུས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·རིགས་རུས་ཆོ་འབྲང་རྒྱ་བོད་མིང་བརྡ་གསལ་འབྱེད། 2015/7/22 14:37:48
·ཆུང་འབྲིང་སློབ་མའི་སློབ་གསོ་ནང་ཡུལ་སྐད་ལ་དོ་སྣང་བྱ་དགོས་པའི་གླེང་བ། 2015/4/10 17:42:08
·༼ཟླ་ཟེར༽དུས་དེབ་དང་འབྲེལ་བའི་རྩོམ་བསྡུའི་བརྡ་ཐོ། 2013/10/17 23:02:11
·རྩོམ་བརྡ་ལེགས་པོ་ཞིག 2012/11/19 21:39:13
·མིང་བརྡ་གསར་པའི་སྐོར་གྱི་འབེལ་མཆིད། 2012/11/19 21:22:00
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:25:43 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:58:23 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:34:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS