ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

གཞོན་སྐྱེས་ཚོར་ཕུལ་བའི་རེ་བཅོལ་སྙིང་གི་ཟེའུ་འབྲུ།

[རྩོམ་པ་པོ:སོག་མདའ།  ཡོང་ཁུངས:ངེད་དྲ།  དུས་ཚོད:2012/12/23 23:30:46  བཀླགས་ཐེངས:1216][ཡིག་གཟུགས:ཡིག་གཟུགས་མདོག]
གཞོན་སྐྱེས་ཚོར་ཕུལ་བའི་རེ་བཅོལ་སྙིང་གི་ཟེའུ་འབྲུ།
སོག་མདའ།

རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་མཚོ་བྱུང་གི་ལྷ་མོ།།
ངག་གི་མགྲིན་དབྱངས་སྙན་པའི་རམ་འདེགས་ཅིག་གནང་ནས།།
དོན་གྱི་གནད་ཤ་སྟོན་པའི་སྙན་ཤལ་གྱི་ཕྲེང་བ།།
རེ་འབྲས་འདབ་སྟོང་སྨིན་པའི་དགེ་ལེགས་ཅིག་སྩོལ་རོགས།
གངས་རིའི་རྭ་བས་བསྐོར་བའི་ཆོས་ལྡན་གྱི་ཞིང་ས།།
ཆོལ་གསུམ་གདོང་དམར་བོད་པའི་རིགས་རྒྱུད་ཀྱི་བདག་པོ།།
ལེགས་འཁྲུངས་མི་རབས་གསར་བའི་རུས་རྒྱུན་གྱི་ཟེའུ་འབྲུ།།
མ་བཅོས་སེམས་ཀྱི་གཏིང་ནས་ཚིག་གསུམ་ཞིག་ཞུ་རྒྱུ།།
བཙན་པོའི་ལོ་རྒྱུས་རྡོ་རིང་ཡལ་མེད་ཀྱི་དན་རྟགས།།
ཁུངས་སྐྱེལ་རང་ལུགས་དྲི་མེད་དྭངས་གཙང་གི་ལྷ་དར།།
སྲིད་འདིར་བསྲིངས་བའི་རེ་བའི་འབྲས་བུ་ཡི་ཉི་གཞོན།།
མ་འོངས་ཉི་ཟེར་བསུ་བའི་གངས་ཕྲུག་ཚོས་སྐྱོང་དགོས།།
རླབས་ཆེན་ཐོན་མའི་མཛད་པའི་གསེར་ཞུན་གྱི་ཀ་ཕྲེང་།།
དབྱངས་གསལ་སོ་བཞིས་བསྐྲུན་པའི་ལེགས་སྐྱེས་ནི་གྱ་ནོམ།།
སྲིད་འདིར་རྙེད་མཐའ་བྲལ་བའི་རིན་ཆེན་གྱི་གླེགས་བམ།།
བསྐལ་བ་མ་སྟོང་བར་དུ་དུས་གཏན་དུ་སློབ་དགོས།།
ཕ་སྐད་གཙང་མའི་ཆབ་རྒྱུན་ལྷད་མེད་ཀྱི་ཆུ་ཤེལ།།
མགྲིན་དབྱངས་བུ་གའི་ཀློང་ལས་ཐོགས་མེད་ངང་བཞུར་ནས།།
རང་སྐད་རང་གིས་སྲུང་བའི་རླབས་ཆེན་གྱི་ལག་རྗེས།།
གཞོན་རབས་ལང་ཚོ་བཞད་པའི་བོད་ཕྲུག་ཚོས་འཛིན་དགོས།།
རྣམ་དཔྱོད་རིག་པའི་འདབ་ལག་རིང་མོ་དེ་བརྐྱངས་ནས།།
གསར་འཁྲུངས་ཚན་རྩལ་སྒོ་ཆེན་ཡངས་པ་དེ་ཕྱེས་ནས།།
གཞན་རྗེས་མ་ཆོད་ལུས་པའི་སྟོང་ཆ་ཡི་རིགས་ལ།།
བཅོས་ལུགས་དངུལ་གྱི་མེ་ལོང་ཡང་ཡང་དུ་བལྟ་དགོས།།
སྲོལ་རྒྱུན་གསེར་གྱི་སྡོང་པོའི་རྩ་བ་ལ་འཇུས་ནས།།
ལུགས་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེ་བསྒྲེང་ནས།།
ཡངས་བའི་འཇིག་རྟེན་འདི་ཡི་རྒྱལ་ཁམས་ཀྱི་ཀློངས་ལ།།
ཕན་བདེའི་འོད་སྣང་འཁྲུངས་པའི་ཞིང་ས་ཞིག་བསྐྲུན་དགོས།།
རྣམ་དག་སེམས་ནས་རྡོལ་བའི་ཁ་མིན་གྱི་ཚིག་ལ།།
དོན་གྱི་བརྡར་ཤ་མཐུན་པའི་གོ་བ་རེ་ཡོད་ན།།
རང་སེམས་དཀྱིལ་གྱི་ཞིང་ས་དྲོན་མོ་རུ་བཟུང་ནས།།
མ་བརྗེད་འབད་འབུངས་གྱིས་དང་མ་འོངས་བའི་བདག་པོ།།
༢༠༡༢་༡༡་༢༣་ཉིན་རང་ཤག་ནས་བྲིས།།
·གསར་འགྱུར་གོང་མ:འབྱུང་བ་ཆེན་པོ་ལྔའི་རྣམ་གཞག
·གསར་འགྱུར་འོག་མ:སྐབས་གསུམ་པའི༼གངས་རྒྱན་མེ་ཏོག༽རྩོམ་རིག་བྱ་དགའ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·འཛམ་གླིང་གྲགས་ཅན་སློབ་ཆེན་ཁག་གི་གདམས་ཚིག 2013/12/23 20:11:53
·ཨེ་ཝྃ་ཆོས་སྨན་གླིང་ལ་གདམས་པ་བདུད་རྩིའི་ཐིགས་པ་ 2012/9/12 12:17:32
·རིག་སྔགས་སྒྲུབ་པ་རྣམས་ལ་གདམས་པ། 2010/11/23 13:34:30
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:24:06 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:23:53 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:11:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS