ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> མིང་བརྡ
གསར་འགྱུར་ཀློག་པ།

མལ་གྲོ་གུང་དཀར་ཞེས་པའི་མིང་ཐོགས་ཚུལ།

[རྩོམ་པ་པོ:ཀློག་པ་པོ།  ཡོང་ཁུངས:ཀློག་པ་པོ་ལས།  དུས་ཚོད:2009/10/27 11:27:27  བཀླགས་ཐེངས:1785][ཡིག་གཟུགས:ཡིག་གཟུགས་མདོག]
མལ་གྲོ་གུང་དཀར་ཞེས་པ་ནི་ད་ལྟའི་མལ་གྲོ་གུང་དཀར་རྫོང་གི་ཤར་ངོས་སུ་གནས་པའི་གྲོང་སྡེ་དེར་ཟེར་ཞིང་།  དེ་སྔ་ས་ཆ་དེར་དག་པ་དགོན་ཞེས་པའི་དགོན་པ་ཆུང་ཆུང་ཞིག་དང་།  དག་པ་བླ་བྲང་ཞེས་པའང་ས་ཆ་དེར་གནས་ཡོད།  ས་ཆ་དེར་མལ་གྲོ་གུང་དཀར་ཞེས་པའི་མིང་ཇི་ལྟར་ཐོགས་པའི་སྐོར་ལ་སྤྱིར་མལ་གྲོ་ཞེས་པའི་མིང་དེ་ཏུན་ཧོང་ཡིག་རྙིང་ལས།  སྤྲེའི་ལོ་ལ་བཙན་པོ་མལ་ཏྲོ་སྐེ་བྱེ་ན་བཞུགས་ཞེས་མི་ལོ་ཆིག་སྟོང་སྔོན་གྱི་བཙན་པོ་གནམ་རི་སྲོང་བཙན་སྐབས་ནས་འབོད་སྲོལ་ཡོད་འདུག  ཡིན་ན་ཡང་དམངས་ཁྲོད་ཀྱིི་ཤོད་སྲོལ་ལྟ་བུ་ཞིག་ལ།  ཐེངས་ཤིག་རྗེ་རིན་པོ་ཆེ་དམ་ཆོས་འཆད་ཉན་གྱི་ཕྱིར་དགའ་ལྡན་ནས་ཐོན་ཏེ་དག་པ་ཞེས་པའི་གྲོང་ཚོ་ནང་ཞག་བཞུགས་གནང་།  ཁོང་ཉིན་གང་པོར་ཞབས་ཐང་ལ་ཕེབས་པས་སྐུ་ངལ་ཆེན་པོ་བྱུང་བ་དང་།  སྐབས་དེར་གནམ་གཤིས་ཀྱང་གྲང་བས་སྐུ་ཁམས་ཅུང་མི་བདེ་བ་བྱུང་།   ཁོང་དག་པ་དགོན་པར་འབྱོར་སྐབས་དགོན་དེའི་མཛེས་ཤིང་སྡུག་པའི་ཕྱིའི་བཟོ་བཀོད་དང་ནང་གི་ལྡེབས་རིས་སོགས་ཀྱིས་ཁོང་གི་ཡིད་དབང་འཕྲོག་སྟེ་ཐུགས་སེམས་བདེ་ལ་བབས།  ཉིན་དེའི་དགོང་མོར་གནམ་གཤིས་གྲང་ནའང་མལ་ཧ་ཅང་དྲོ་བས་ལྷག་པར་བདེ་སྣང་ཞིག་ཤར་བ་དང་།  དགུང་གི་ཟླ་འོད་ཀྱང་དཀར་ཆེམ་མེར་བཀྲ་བས་ཁོང་གི་ཐུགས་ལ་ད་བར་དུ་གཉིད་སྐྱིད་པོ་འདི་འདྲ་ཞིག་ཁུག་མ་མྱོང་།  གནས་སྐོར་བ་རྣམས་ས་ཕྱོགས་གང་དུ་སླེབས་ཀྱང་མཚན་མོ་གྲང་ཤུར་ཤུར་དུ་སྡོད་པ་མ་གཏོགས་འདི་འདྲའི་སྐྱིད་པོ་ཞིག་གང་ན་ཡོད་སྙམ་བཞིན་གཟིམ་ཆས་ནང་ནས་ཕྱིར་གཟིགས་ཏེ་དོ་ནུབ་མལ་ཡང་དྲོ་ལ་དགུང་ཡང་དཀར་སོང་།  མལ་དྲོ་གུང་དཀར་མལ་དྲོ་གུང་དཀར་ཞེས་ལན་གཉིས་གསུངས་པས།  དུས་དེ་ནས་བཟུང་ས་ཆ་དེའི་རྒྱུད་ལ་མལ་དྲོ་གུང་དཀར་ཞེས་ཐོགས་པར་གྲགས་པའི་ཤོད་སྲོལ་ཡོད་ཅིང་ད་ལྟ་མལ་གྲོ་ཞེས་འབྲི་བའང་ཡོད།   མལ་གྲོ་ཞེས་པའི་མིང་དེ་མ་གཞི་དེའི་གོང་ནས་འབོད་སྲོལ་ཡོད་ནའང་ད་ལྟའི་དག་ཆ་འདི་བཞིན་འབྲི་སྲོལ་ཐད་རྗེ་རིན་པོ་ཆ་སོགས་ཀྱིས་ཞལ་འཕང་མཛད་ནས་གཅིག་གྱུར་ལྟ་བུ་བྱུང་མེད་པའི་ངེས་པའང་མེད་སྙམ་མོ །  ༢༠༠༤ལོའི་ཀློག་པ་པོ་ལས་དྲངས།

·གསར་འགྱུར་གོང་མ:བོད་ཟླ་༩་ཚེས་ཉེར་གཉིས་ཉིན་ནི་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་དུས་ཆེན་ཡིན།
·གསར་འགྱུར་འོག་མ:བོད་ཀྱི་བཟོ་རིག་པའི་ཁྱབ་ཁོངས་དང་རི་མོའི་སྒྱུ་རྩལ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་། 2011/8/30 10:09:20
·མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་ས་མིང་འགའི་བྱུང་ཁུངས། 2010/7/5 22:54:28
·ས་མིང་ནོར་བཅོས་བྱ་རྒྱུ་གལ་ཆེ་སྙམ། 2010/6/2 18:32:14
·བེ་རི་ཞེས་པའི་མིང་ཇི་ལྟར་བྱུང་ཚུལ། 2010/3/12 22:26:55
·ལྷ་ས་ཞེས་པའི་མིང་ཐོགས་དོན། 2009/10/26 23:06:48
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:44:44 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:58:21 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 19:19:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 69 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS