ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> རིག་ཐིཊ
གསར་འགྱུར་ཀློག་པ།

བོད་ཀྱི་བཟོ་རིག་པའི་ཁྱབ་ཁོངས་དང་རི་མོའི་སྒྱུ་རྩལ།

[རྩོམ་པ་པོ:བརྩོན་འགྲུས་རྒྱ་མཚོ་དང་རྡོ་རྗེ་རིན་ཆེན།  ཡོང་ཁུངས:བོད་ཀྱི་རི་མོའི་རྣམ་གཞག་ལས་བདམས།  དུས་ཚོད:2009/10/27 21:47:48  བཀླགས་ཐེངས:1427][ཡིག་གཟུགས:ཡིག་གཟུགས་མདོག]
གནའ་དེང་བོད་ཀྱི་མཛེས་རིས་སྒྱུ་རྩལ་ལས་འཕྲོས་པའི་གླེང་སློང་གཏམ་གྱི་ཐང་མ།
བོད་ཀྱི་བཟོ་རིག་པའི་ཁྱབ་ཁོངས་དང་རི་མོའི་སྒྱུ་རྩལ།
ཁ་ཅིག་གིས་བཟོ་རིག་པ་ཞེས་པ་ནི་བྲིས་འབུར་གྱི་རྟེན་བཞེངས་ལག་རྩལ་ཁོ་ནར་ངོས་འཛིན་པ།  གལ་སྲིད་སྐྱེ་བོ་ཞིག་ལྷ་རིས་སྒྱུ་རྩལ་ལ་མཁས་ན་མི་དེ་བཟོ་རིག་པ་ལ་མཁས་ཞེས་བརྗོད་བཞིན་ཡོད།  ཡང་ལ་ལས་བཟོ་རིག་པ་ཞེས་པ་ནི་རིག་པའི་རྩལ་ལ་བརྟེན་པའི་ལག་རྩལ་གྱི་ཁྱབ་ཁོངས་ཡོངས་རྫོགས་ལ་གོ་བར་བྱེད།  འདོད་པ་ཕྱི་མ་འདི་དོན་ལ་གནས་པ་ཞིག་ཡིན་ཡང་།  བོད་ཀྱི་སྲོལ་རྒྱུན་ལྟ་བའི་སྟེང་ནས་བཤད་ན་དེ་གཉིས་ཀ་ཁྱབ་ཆུང་བའི་སྐྱོན་དུ་གྱུར་ཡོད།  སྔོན་བྱོན་མཁས་པ་རྣམས་ཀྱིས་བཟོ་རིག་པ་ཞེས་པ་ནི་ཇི་ལྟ་ཇི་སྙེད་པའི་ཤེས་བྱ་ཡོད་ཚད་ལ་གོ་བར་བྱེད་དེ།  དེ་ཡང་བཟོ་རིག་པ་ལ་སྤྱིར་རྣམ་པར་མ་གྱུར་པ་སེམས་ཀྱི་བཟོ་(ཐོས་བསམ་སྒོམ་གསུམ་དང་། བརྟག་པ་རྣམ་བརྒྱད། ནང་རིག་པ་རྣམས་ཀྱང་འདིར་གཏོགས་པ་དང་།  བརྗོད་པ་སྒྲའི་བཟོ་(ངག་གི་འགྱུར་བ་སྟེ་སྒྲ་སྙན་ངག་དང་། དབྱངས་དང་གླུ་དང་བརྗོད་པ་ཐམས་ཅད་འདིར་འདུས།) རྣམ་པར་གྱུར་པ་དབྱིབས་ཀྱི་བཟོ་བཅས་གཅིག་བསྡུས་སུ་དེ་ལ་འདུ་བར་གསུངས།  རྣམ་པར་གྱུར་པ་དབྱིབས་ཀྱི་བཟོ་ལའང་བྱེད་པོ་དང་མ་འབྲེལ་བ་འཇིག་རྟེན་ཆགས་པ་སོགས་དང་།  བྱེད་པོ་དང་འབྲེལ་བ་ཅི་འདོད་བསྐྲུན་པའི་ལུས་བཟོ་བཅས་གཉིས། ཕྱི་མ་ལུས་བཟོ་དེ་ལའང་གཙོ་ཕལ་གཉིས་སུ་ཕྱེས་ཏེ་ཕལ་བ་ནི། ཉེར་སྤྱད་ཅ་ལག་དང་སྤོས་སྦྱོར་ལ་སོགས་པའི་བཟོ་ཡིན་ཞིང་། མཆོག་གམ་གཙོ་བོ་ནི།  རྒྱལ་བའི་སྐུ་རྟེན་བྲིས་འབུར་གྱི་བཟོ་དང་། གསུང་རྟེན་འཕགས་བོད་ཀྱི་ཡི་གེ ཐུགས་རྟེན་མཆོད་རྟེན་གྱི་རིགས་དང་ཕྱག་མཚན་བཅས་ཡིན་པར་བཤད་དོ། །
གོང་གི་དབྱེ་སྟངས་དེ་ནི་ས་བཅད་ཙམ་དུ་བྱས་ནས་བཤད་ན་དེ་ལྟར་དུ་བཟུང་ཆོག་ཀྱང་། སྤྱིར་རིགས་སོ་སོ་བའི་ལས་སྒོ་དེ་འདྲ་མང་པོ་ཞིག་གཅིག་ཏུ་འདུ་ཐབས་མེད་པ་ཞིག་རེད།  འོན་ཀྱང་ཆེད་དུ་གསལ་བཤད་བྱེད་རྒྱུ་ནི་འདས་ཟིན་པའི་སྐབས་དེ་དང་དེའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་་དོན་དངོས་དང་བསམ་པའི་ཤེས་རིག་དེ་ད་སྐབས་ལྟ་བུའི་ཁྱབ་ཁོངས་རྒྱ་ཆེ་བ་དང་བཟོ་ལས་ལག་རྩལ་སྣ་འཛོམས་ཤིག་མིན་པ་ནི་བདེན་ཤ་སྟག་སྟེ།  ད་ལྟ་ནི་ལུས་བཟོ་ཁོ་ནར་མཚོན་ནའང་ལྕི་བའི་བཟོ་ལས་དང་ཡང་བའི་བཟོ་ལས་གཉིས་སུ་འདུས་པའི་བཟོ་ལས་་ཆེ་བ་མཁའ་མཚོ་སྐམ་གསུམ་དུ་བགྲོད་པའི་འཕྲུལ་འཁོར་བཟོ་སྐྲུན་ནས་ཆུང་བ་ཁབ་སྐུད་བཟོ་བ་ཡན་ཆད་བཟོ་ལས་ཀྱི་ཁོངས་སུ་གཏོགས་ཤིང་། རི་མོའི་སྒྱུ་རྩལ་འདི་ཁོ་ན་ལོགས་སུ་བཀར་ནའང་སྣ་འཛོམས་ཕུན་སུམ་ཚོགས་པ་ཡོད་པ་དང་།  རང་རྐྱ་ཐུབ་པའི་ལས་སྒོ་གསར་བ་ཡང་སྣ་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་རེད།
སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་གཞིའི་དབང་གིས་རིག་གནས་དང་བཟོ་རིག་ལག་རྩལ་ལ་གཙིགས་ཆེན་བྱེད་སྟངས་ཀྱང་མི་འདྲ་སྟེ།  དུས་་རབས་ཉི་ཤུ་པའི་ནང་བཟོ་ལས་ཁྲོད་ཚན་རིག་ལག་རྩལ་གལ་ཆེན་དུ་འཛིན་པ་བཞིན་དུ་དུས་རབས་བཅུ་པ་ལ་མ་བསྙེགས་ཡར་སྔོན་གྱི་སྤྱི་ཚོགས་ལ་མཚོན་ན་རྟེན་བཞེངས་བྱེད་པའི་ལས་སྒོ་དེ་ཡང་རིག་གནས་འཕེལ་བའི་དགོས་མཁོ་ཡིན་ཏེ།  ཆོས་གྲྭ་མང་དུ་འཕེལ་ཞིང་སངས་རྒྱས་ཆོས་ཆེས་ཆེར་འཕེལ་བའི་ཁོར་ཡུག་གི་ཆ་རྐྱེན་འོག་ནས་རྟེན་གསུམ་བཞེང་བའི་ལག་རྩལ་དེས་བོད་སྤྱིའི་བཟོ་རིག་ལག་རྩལ་ཁྲོད་གོ་ས་ཆེ་ཤོས་འཛིན་ཐུབ་པ་བྱུང་བ་རེད།
རིག་གནས་ཡོངས་རྫོགས་ཀྱིས་སྐབས་དེ་དང་དེའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཆོས་ཉིད་ལྟར།  རྟེན་བཞེངས་ལག་རྩལ་དེ་ལུས་བཟོའི་གཙོ་བོའམ་མཆོག་ཏུ་བགྲང་བ་ནི་ཆོས་ལུགས་ཤིན་ཏུ་དར་རྒྱས་ཆེ་བའི་སྐབས་སུ་ཚུར་སྣང་བྱེད་ངེས་པའི་ཟློག་མེད་ཀྱི་འཕེལ་ཕྱོགས་ཤིག་རེད། བོད་ཀྱི་སྲོལ་རྒྱུན་ལྟ་བ་དང་ཆོས་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་བཟོ་རིག་དེ་དོན་ཆུང་སྙོམ་ལས་ཙམ་དུ་བརྩིས་མེད་པ་དང་ མགར་བ་རིགས་ངན་དུ་བརྩི་བ་དང་ལག་རྩལ་གང་ཡང་བྱེད་པོ་དེའི་གནས་སྐབས་ཀྱི་འཚོ་འཚིས་ཙམ་དུ་ངོས་འཛིན་པའི་བསམ་བློས་བཟོ་རིག་པའི་འཕེལ་འགྱུར་ལ་བར་ཆད་བཟོ་མྱོང་བའང་བདེན་དུ་གྲུབ་མོད།ང་ཚོས་ཆོས་ལུགས་ལ་ཆགས་སྡང་གི་བསམ་པ་སྤངས་ཏེ་ཆོས་ཀྱི་དགོངས་དོན་ངོ་མ་ལ་ཞིབ་ཏུ་དཔྱད་ན་བཟོ་རིག་དང་རི་མོའི་སྒྱུ་རྩལ་ལ་གདེངས་འཇོག་མི་དམན་པ་བྱས་ཡོད་པར་སྣང་སྟེ། བསོད་ནམས་སྟོབས་ཀྱི་རྟོགས་པ་ལས།  བཟོ་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་སྨན་པ་ཡིན་ཏེ།བཟོ་བོ་ནི་རིགས་དམན་པར་སྐྱེས་སུ་ཟིན་ཡང་རྒྱལ་པོ་རྣམས་དང་།བློན་པོ་རྣམས་དང་།བྲམ་ཟེ་དང་།  ཁྱིམ་བདག་རྣམས་ཀྱིས་གདོན་མི་ཟ་བར་བཀུར་རོ།ཞེས་འབྱུང་བ་འདིའི་དངོས་ཤུགས་གང་ནས་ཀྱང་བཟོ་རིག་དང་བཟོ་བོའི་སྤྱི་ཚོགས་སྟེང་གི་གོ་སའི་ཚད་གཞིར་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་ཞིང་།བོད་ཀྱི་རིག་གནས་ཆེ་ཆུང་བཅུ་རུ་བགྲང་བ་ལས་གཞན་དག་རྗེས་སུ་འཛིན་པ་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་རིག་པ་ལས་ལྷག་པའི་རིག་པ་གཞན་མེད་པར་བསྔགས་ཡོད་པ་མ་ཟད། རིག་པ་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པ་དང་། སྐར་རྩིས། ཟློས་གར་བཅས་ནི་རི་མོའི་སྒྱུ་རྩལ་ལ་ངེས་པར་བརྟེན་དགོས་པར་བཤད་ཡོད།
མདོར་ན།  ཚངས་པས།
རི་ཡི་མཆོག་ནི་རི་རབ་སྟེ། །
སྒོ་ང་ལས་སྐྱེས་རྣམས་ཀྱི་གཙོ། །
གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །
མི་ཡི་གཙོ་བོ་ས་བདག་སྟེ།
དེ་བཞིན་རི་མོ་སྒྱུ་རྩལ་གཙོ།  ཞེས་བསྔགས་པ་བཞིན་རི་མོ་ནི་རིག་གནས་དང་སྒྱུ་རྩལ་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་།ཏིལ་ལ་སྣུམ་བཞིན་དུ་འཚོ་བ་དང་རིག་གནས་ཡོངས་ལ་ཁ་བྲལ་ཐབས་མེད་པའི་སྒྱུ་རྩལ་གལ་ཆེན་ཞིག་ཡིན་པའང་བསྙོན་དུ་མེད་དོ།
བོད་ཀྱི་རི་མོའི་རྣམ་གཞག་བློ་གསལ་འཇུག་སྒོ་ལས་བདམས།
·གསར་འགྱུར་གོང་མ:མལ་གྲོ་གུང་དཀར་ཞེས་པའི་མིང་ཐོགས་ཚུལ།
·གསར་འགྱུར་འོག་མ:གཏོར་བཤིག་དང་གསར་སྐྲུན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 13:39:31 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:37:43 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:42:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 86 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS