ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

དགེན་ཁུ་བྱུག་གིས་བརྩམས་པའི་དཔང་ལོ་བློ་གྲོས་བརྟན་པའི་མཛད་རྗེས་ལ་དཔྱད་པ་

[རྩོམ་པ་པོ:དཔལ་  ཡོང་ཁུངས:ངེད  དུས་ཚོད:2013/4/4 20:31:32  བཀླགས་ཐེངས:1483][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །དགེ་རྒན་ཁུ་བྱུག་གིས་བརྩམས་པའི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་མཛད་རྗེས་ལ་དཔྱད་པ་
བློ་གསལ་རིག་པའི་དགའ་སྟོན་ཞེས་པའི་དེབ་གསར་པ་ཞིག་པར་དུ་བསྐྲུན་པ།
 
 
༄༅། །ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་གིས་བརྩམས་པའི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་མཛད་རྗེས་ལས་འཕྲོས་པའི་ཁོང་གི་བརྡ་སྤྲོད་དང་། སྙན་ངག  ཡིག་སྒྱུར་སྐོར་གྱི་བསམ་བློ་ལ་དཔྱད་པ་བློ་གསལ་རིག་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ཞེས་པའི་དེབ་གསར་པ་ཞིག་སྤྱི་ལོ་༢༠༡༣ལོའི་ཟླ་དང་པོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་དཔེ་ཚོང་ཁང་ཁག་ཏུ་བཀྲམ་པའོ། །
དགེ་རྒན་ཁུ་བྱུག་གིས་བརྩམས་པའི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་མཛད་རྗེས་ལ་དཔྱད་པ་བློ་གསལ་རིག་པའི་དགའ་སྟོན་ཞེས་པའི་དེབ་ཀྱི་ནང་དོན་མདོར་བསྡུས་ཞུ་བར་བྱ་བ་ལ། དང་པོ། དཔང་ལོ་ཆེན་པོའི་མཛད་རྗེས་མདོར་བསྡུས་ཙམ། །འབྲི་བའི་དགོས་པའི་གླེང་གཞི་ཐོག་མར་འདྲེན། །ཞེས་པ་དང་། གཉིས་པ། དཔང་ལོ་ཆེན་པོ་བློ་གྲོས་བརྟན་པ་མཆོག །འཁྲུངས་པའི་ཡུལ་དང་དུས་སོགས་མདོར་བསྡུས་གླེང་། །ཞེས་པ།   གསུམ་པ། དཔང་ལོ་ཆེན་པོ་བློ་གྲོས་བརྟན་པ་ཡིས། །ཐོས་བསམ་མཛད་པའི་རྣམ་ཐར་མདོར་བསྡུས་བཤད། །ཅེས་པ། བཞི་པ། དཔང་ལོ་ཆེན་པོའི་འཆད་རྩོད་རྩོམ་གསུམ་གྱི། །རྣམ་པར་ཐར་བའི་མཛད་རྗེས་རགས་ཙམ་བརྗོད། །ཅེས་པ། ལྔ་པ། དཔང་ལོ་ཆེན་པོ་བློ་གྲོས་བརྟན་པ་ནས། །བརྒྱུད་པའི་སྒྲ་ཚད་ཁྲིད་རྒྱུན་མདོར་བསྡུས་བཤད། །ཅེས་པ། དྲུག་པ། དཔང་ལོའི་ཚོགས་གསུམ་གསལ་བ་ལས་འཕྲོས་པའི། །རྣམ་བཅུ་དབང་ལྡན་དོན་སྙིང་ཁྱད་ཆོས་བཤད། །ཅེས་པ། བདུན་པ། དཔང་ལོ་ཆེན་པོའི་སློབ་མ་ཡང་སློབ་ཀྱིས། །གངས་ལྗོངས་ཆོས་རིག་སྤེལ་བའི་མཛད་རྗེས་བཤད། །ཅེས་པ། བརྒྱད་པ། དཔང་ལོའི་མཛད་རྗེས་མདོར་བསྡུས་བརྗོད་པ་ཡི། །རིག་པའི་དགའ་སྟོན་འབྲི་བའི་དགོས་པ་དགེ། །ཞེས་པ་སོགས་དོན་ཚན་བརྒྱད་ཀྱི་སྒོ་ནས་དཔང་ལོ་ཙཱ་བ་ཆེན་པོ་བློ་གྲོས་བརྟན་པས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་མཛད་པའི་ཚུལ་གྱི་རྣམ་ཐར་ལས་འཕྲོས་ཏེ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་མཛད་རྗེས་དང་འབྲེལ་བའི་འཕགས་བོད་གཉིས་ཀྱི་བརྡ་སྤྲོད་དང་། སྙན་ངག  ཡིག་སྒྱུར་སྐོར་གྱི་བསམ་བློ་གཙོ་བོར་བརྗོད་པའི་དེབ་ཅིག་ཡིན་ནོ། །
དགེ་རྒན་ཁུ་བྱུག་གིས་བརྩམས་པའི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་མཛད་རྗེས་ལ་དཔྱད་པ་བློ་གསལ་རིག་པའི་དགའ་སྟོན་ཞེས་པའི་དེབ་ཀྱི་བརྗོད་བྱ་དང་རྗོད་བྱེད་སོགས་ཀྱི་ཁྱད་ཆོས་ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་བསྟན་རྒྱས་ཀྱིས་བྲིས་པའི་དཔེ་སྐྲུན་གསལ་བཤད་ལས། དེབ་འདིའི་བརྗོད་བྱ་ནི་དཔང་ལོ་ཆེན་པོའི་མཛད་རྣམ་དངོས་དང་འབྲེལ་བས་ལེགས་པ་དང་། རྗོད་བྱེད་ཀྱི་ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་བ། ཚིག་དོན་གང་གི་ཆ་ནས་རྒྱས་བསྡུས་འཚམ་པ་སོགས་ཀྱི་ཁྱད་ཆོས་ཡོད་པའི་ཞིབ་འཇུག་གི་འབྲས་རྟགས་སུ་ཕུལ་བའི་བོད་ཀྱི་ལོ་ཙཱ་བ་དང་མཁས་གྲུབ་ཆེན་པོ་ཞིག་གི་རིག་གཞུང་བསམ་བློའི་ཞིབ་འཇུག་གི་དེབ་ཅིག་ཏུ་མཐོང་བ་དང་། ཁྱད་པར་དུ་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་པར་བོད་གངས་རིའི་ལྗོངས་ཀྱི་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་དཔལ་ཡོན་ཐམས་ཅད་མི་རབས་ནས་མི་རབས་བར་དུ་འཛིན་སྐྱོང་སྤེལ་གསུམ་བྱ་བ་ལ་མི་རབས་གསར་པའི་ཡོན་ཏན་ཅན་རྣམས་ཀྱིས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལྟ་བུས་མཚོན་པའི་མཁས་གྲུབ་གཉིས་ལྡན་གྱི་ལོ་ཙཱ་བ་ཆེན་པོ་ཞིག་གི་ཐུགས་སྟོབས་དང་། མཛད་འཕྲིན་སོགས་མིག་དཔེར་འཛིན་འོས་པའི་རླབས་ཆེ་བའི་ཕྱག་རྗེས་རྣམས་མཚམས་སྦྱོར་བྱ་བ་དང་། སྒོས་སུ་དེབ་འདིའི་ནང་དུ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་གསུང་གི་ལེགས་བཤད་དྲི་མ་མེད་པ་ལས་འཕྲོས་པའི་བོད་ཀྱི་བརྡ་སྤྲོད་དང་། སྙན་ངག  ཡིག་སྒྱུར། ཆོས་ལུགས་སོགས་ཀྱི་གཞུང་ལུགས་དང་བསྟན་བཅོས་ཆེ་ཆུང་གི་དགོངས་དོན་དང་། དཀའ་གནད། ཁྲིད་རྒྱུན་སོགས་ཀྱི་སྐོར་ལ་རྒྱས་བསྡུས་འཚམ་པར་མཐའ་དཔྱད་དང་གསལ་བཤད་མཛད་པའི་བསྒྲུབ་བྱའི་དོན་ནི་ཚིག་ལ་གནས་ཤིང་གསལ་བ་དང་། སྒྲུབ་བྱེད་དུ་དྲངས་པའི་ལུང་ཚིག་དག་ནི་ཚད་ལྡན་ཡིག་ཆའི་ཁུངས་དང་འབྲེལ་བ། སྒྲུབ་ཚུལ་ནི་རིགས་ལམ་དང་མཐུན་པ་སོགས་ཀྱི་ལེགས་པའི་ཆ་དུ་མ་ཞིག་ཡོད་པར་སྣང་བའི་དེབ་ཅིག་ཡིན་པའི་ཕྱིར་ན། ངེད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་ཀློག་པ་པོ་རྣམས་ཀྱི་སྙན་དུ་ཕུལ་ཐུབ་པ་འདིས་ཀྱང་བོད་ཀྱི་རིག་གནས་ཐམས་ཅད་དབྱར་མཚོ་ལྟར་རྒྱས་པར་གྱུར་ཅིག་གོ། །ཞེས་གསུངས་པ་ལྟར་ཡིན་ནོ། །
 
·གསར་འགྱུར་གོང་མ:༼ཁ་བའི་མེ་ཏོག་གི་ཤིས་ཚིག
·གསར་འགྱུར་འོག་མ:ངེས་པར་དོ་སྣང་བྱེད་དགོས་པའི་བདེ་སྲུང་ཤེས་བྱ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:20:23 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:19:22 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 4:31:19 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS