ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

ཁྱིམ་བདག་ལ་རྣམས་ལ་ཕུལ་བ།

[རྩོམ་པ་པོ:གཅན་རྣམ་ཐར་  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2013/4/6 12:25:20  བཀླགས་ཐེངས:1372][ཡིག་གཟུགས:ཡིག་གཟུགས་མདོག]
ཁྱིམ་བདག་ལ་རྣམས་ལ་ཕུལ་བ།

གཅན་རྣམ་ཐར་གྱིས་འོས་སྦྱོར་བྱས།
དེང་སང་རང་ཉིད་གཙོ་བྱས་ཏེ་ཁྱིམ་བདག་ཆེས་མང་ཤོས་ཤིག་གིས་རང་གི་བྱིས་པ་གཅེས་མ་ཤེས་གཅེས་ཕྲུག་གཅེར་བུ་གཏོང་བཞིན་པའི་སྣང་ཚུལ་སྣ་ཚོགས་ཤིག་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པས།  ངོ་མ་བྱིས་པའི་བདེ་ཐང་དང་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ལྐོག་གྱུར་གྱི་གནས་ཤིག་ན་ཅི་འདྲའི་ཕོག་ཐུག་བཏང་དང་གཏོང་བཞིན་པའི་གནས་ཚུལ་མངོན་ནས་ཡོད།
ང་ཚོའི་སློབ་གྲྭའི་སློབ་བུ་རྣམས་ལ་དཔེར་བཞག་ནས་བཤད་ནའང་། ནམ་རྒྱུན་ཁ་ཟས་ཞོར་ཟོས་ཡིན་པ་དང་།  བཀའ་དྲིན་ཆེ་བའི་ཁྱིམ་བདག་རྣམ་པས་བྱིས་པའི་ལག་ཏུ་ཉིན་རྒྱུན་ཆེས་ཉུང་ནའང་སྒོར་ལྔ་ནས་བཅུ་རེ་འཇོག་བཞིན་ཡོད་པ་རེད།  སྒོར་ལྔ་ནས་བཅུ་རེ་ལག་ཏུ་ཡོད་པའི་བྱིས་པ་དེ་དག་གིས་ཞོར་ཟས་ལ་བརྟེན་ནས་རང་ཉིད་ཀྱི་ལུས་ཕུང་ལ་མི་སྡུག་པའི་ནད་ངན་སྣ་ཚོགས་ཀྱིས་གཙེས་བཞིན་པ་རྩ་བ་ནས་ཤེས་ཀྱིན་མེད་པར།  སེམས་བཟང་ཕ་མ་རྣམས་ཀྱིས་གནང་བའི་སྒོར་རྡོག་དེ་དག་གིས་རང་ཉིད་ཀྱི་ཚེ་ཐག་ཇེ་ཐུང་དུ་གཏོང་བཞིན་པའི་མཇུག་འབྲས་ཡེ་ནས་ཚོར་གྱི་མེད་པར།  དུས་ད་ལྟ་ཞིམ་མངར་གྱི་ཚོར་བ་ཁོ་ནར་ཞེ་ཆགས་ནས་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་ལ་ནག་ནོག་གི་དྲི་མས་སྦགས་ཏེ་མི་ཚེ་འདི་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་གོམ་ཁ་ཇེ་ཉེ་རུ་གཏོང་བཞིན་པའི་འཇིགས་ཉེན་གྱི་ཚོར་སྣང་དེ་རྒྱ་ཡན་དུ་བཏང་ཡོད་པ་ནི་ཅི་འདྲའི་འཇིགས་སུ་རུང་བའི་བྱ་སྤྱོད་ཅིག་རེད་ཨང་།
ནམ་རྒྱུན་ཁྱོད་རང་ང་ཚོའི་སློབ་གྲྭའི་སྒོ་ཁ་དང་ར་སྐོར་ནང་དུ་སླེབས་ཐེངས་རེར།  ཐོག་མར་ཁྱོད་ཚོའི་མིག་ལམ་དུ་མངོན་ཡོང་བ་ནི་རང་ཉིད་ཀྱི་བྱིས་པ་དག་གིས་ཟོས་པའི་ཞོར་ཟས་ཀྱི་འགྱིག་ཁུག་དང་གད་སྙིགས་དེ་དག་མ་ཡིན་ནམ།  རླུང་གིས་གང་སར་ཁྱེར་བའི་ཞོར་ཟོས་ཀྱི་འགྱིག་ཁུག་དང་གད་སྙིགས་འདི་དག་མཐོང་རྗེས་ཁྱོད་ཚོའི་སེམས་པ་དགའ་ལྷང་ལྷང་དུ་འགྱུར་རམ་སྐྱོ་ལྷང་ལྷང་དུ་འགྱུར།  ཤ་ཚ་རྒྱུ་མང་དྲགས་པའི་ཁྱིམ་བདག་རྣམ་པ། རང་སེམས་ལྷོད་ལ་བབས་ཏེ་འདང་རྒྱག་རན་རེད་ཡ།  རང་གི་བྱིས་པས་དུག་རྫས་སྣ་ཚོགས་ཀྱིས་གྲུབ་པའི་ཁ་ཟས་ལོངས་སུ་སྤྱོད་བཞིན་ཡོད་ནའང་།  ད་དུང་ཡིད་སེམས་དགའ་ལྷང་ལྷང་སྒོས་རང་གི་བྱིས་པའི་ཚེ་སྲོག་ཇེ་ཐུང་དུ་གཏོང་བའི་ཕྱོགས་སུ་འབད་པ་ཅི་ནུས་ཀྱིས་སེེར་སྣ་མེད་པར་སྒོར་རྡོག་ལག་ཏུ་འཇོག་གང་ཐུབ་བྱེད་བཞིན་པའི་བྱ་སྤྱོད་འདི་ནི་ཕ་གསོད་པ་ལ་རྒྱལ་རྔ་རྡུང་བའི་དཔེ་ནང་བཞིན་མ་ཡིན་ནམ།  མིག་མདུན་མ་གཏོགས་མི་མཐོང་བའི་རང་རིགས་ཀྱི་ཁྱིམ་བདག་རྣམས་ཀྱིས་མ་འོངས་པ་ན་རང་ཉིད་ཀྱི་གཅེས་ཕྲུག་ཚེ་སྲོག་གི་ཉེན་ཁར་ཐུག་སྟེ་སྨན་བཅོས་སྲོག་སྐྱོབ་ཀྱི་ཉལ་ཁྲི་སྟེང་ན་མིག་ཟུང་ཧྲིག་ཧྲིག་གིས་འུ་ཅག་ཁྱིམ་བདག་རྣམས་ལ་ཅེར་ཚེ།  ད་གཟོད་འུ་ཅག་གིས་ཞོར་ཟས་ཀྱིས་བསྐྲུན་པའི་མཇུག་འབྲས་ལྷང་ལ་བུད་པ་ཚོར་ཐུབ་པ་མ་ཟད། རང་ཉིད་ནི་བྱིས་པ་གསོད་མཁན་གྱི་ལག་དམར་ཡིན་པའང་རྟོགས་ངེས་ཡིན་ནོ།།
བྱིས་པ་བདེ་ཐང་གི་ཆེད་དུ་མི་རུང་བ་འགའ།
༡  སྔ་མོར་གློག་ཀླད་སྦྱོང་མི་འོས།
བྱིས་པ་སྔ་མོ་ནས་གློག་ཀླད་ལ་འབྲེལ་འདྲིས་བྱས་ན།  བྱིས་པའི་གསར་གཏོད་ནུས་ཤུགས་ལ་བཀག་འགོག་ཐེབས་པ་དང་།  མིག་ཐང་ཆད་པ།  ཚོ་འབུད་པ་སོགས་ཀྱི་ནད་འབྱུང་བ་ཡིན།  གློག་ཀླད་ཀྱི་སློབ་གསོ་མྱོང་བའི་ཆེས་སྔ་བའི་དུས་ཚོད་ནི་སློབ་ཆུང་གི་རྗེས་ཡིན།
༢ རྒྱུན་དུ་སྦྲང་རྩི་འཐུང་མི་འོས།
སྦྲང་རྩིའི་ནང་དུ་མངར་ཆའི་རིགས་དང་འཚོ་རྒྱུ།  མོ་གཤིས་ཀྱི་སྐུལ་རྒྱུ་སོགས་འདུས།  མོ་གཤིས་ཀྱི་སྐུལ་རྒྱུས་བྱིས་པའི་མཚན་མའི་ཁམས་ཀྱི་སྐྱེ་འཕེལ་རྒྱུན་ལྡན་མིན་པར་བཏང་ནས།  བྱིས་པའི་མཚན་མ་སྔ་མོར་འཚར་ལོངས་འབྱུང་དུ་འཇུག་སྲིད།
༣ སྐོམ་ཆུ་ཁི་ཁི་ཁུ་ལིའམ་ཁུ་ནག་འཐུང་མི་འོས།
སྐོམ་ཆུ་འདིའི་ནང་དུ་ལྟེ་བའི་དབང་རྩ་ངར་སློང་བའི་རྫས་ཏེ་ཁ་ཧྥེ་ཡུན་ཟེར་བ་ཡོད།  བྱིས་པས་འཐུང་རྗེས་སུན་སྣང་དང་མི་བདེ་བ།  དབུགས་འབྱིན་རྔུབ་ཇེ་མགྱོགས་ལ་འགྲོ་བ།  སྐྱུག་འདོད་པ་སོགས་ཀྱི་སྣང་ཚུལ་ངན་པ་འབྱུང་།
༤  ཁྱིམ་གསོས་སྲོག་ཆགས་ཀྱི་ཉེ་སར་དུད་མི་འོས།
བརྟག་དཔྱད་བྱས་པ་ལས་ཤེས་པ་ལྟར་ན།  ཞི་ལ་དང་ཁྱི་སོགས་ནི་བྱིས་པར་དབུགས་འཚང་ནད་འབྱུང་བའི་སློང་རྐྱེན་གཙོ་བོ་རེད།
ཞེས་མཚོ་སྔོན་ཚན་རྩལ་ཚགས་པར་ལས།
·གསར་འགྱུར་གོང་མ:བོད་ཀྱི་དམངས་ཁྲོད་ངག་རྒྱུན་རིག་གནས་ཕྱོཊ་བསྡུས།
·གསར་འགྱུར་འོག་མ:དྲེལ་གཞུང་རིག་རྩལ་ཚོཊ་པའི་བསྒྲཊ་གཏམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:21:42 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 7:36:47 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 11:25:59 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS