ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

གལ་ཆེའི་གསལ་བསྒྲགས།

[རྩོམ་པ་པོ:འཇིགས་མེད་བློ་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/5/1 23:30:44  བཀླགས་ཐེངས:1298][ཡིག་གཟུགས:ཡིག་གཟུགས་མདོག]

གལ་ཆེའི་གསལ་བསྒྲགས།

རྒྱལ་ཕྱི་ནང་གང་སར་བཞུགས་པའི་བརྩེ་ལྡན་གྱི་ཆོས་གྲོགས་རྣམ་པ། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ཞལ་སྔ་ནས། བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་དབང་གི་ཕྲིན་ལས་འགྲུབ་པ་ལས་གལ་ཆེ་བ་མེད་ཚུལ་གྱི་ཞལ་གདམས་གནང་བ་ལྟར། ཆོས་རྗེ་མཆོག་ཉིད་དང་། གསེར་ལྗོངས་བླ་མ་རུང་གི་ཕྲིན་ལས་ལ་བརྟེན་ནས་དེང་སང་ས་དགེ་བཀའ་རྙིང་ཇོ་ནང་བཅས་བོད་གཞིས་བྱེས་གཉིས་དང་། འཛམ་གླིང་རྒྱལ་སྤྱིའི་ཐོག་བླ་མ་མི་ཕམ་རིན་པོ་ཆེས་མཛད་པའི་དབང་སྡུད་གསོལ་འདེབས་ལ་འགྲོ་དོན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་དང་འབྱུང་བཞིན་ཡོད་ཅིང་། དེ་བཞིན་སྐད་ཡིག་འདྲ་མིན་གྱི་ཐོག་ཏུ་བསྒྱུར་བ་དང་། དེབ་རིགས་འདྲ་མིན་དང་དྲ་རྒྱ་འདྲ་མིན་གྱི་ཐོག་ཏུ་ཡང་འགོད་བསྐྱར་འགོད་བྱེད་བཞིན་ཡོད་ན་ཡང་། མ་དག་པའི་ཆ་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད་པས་ཅིས་ཀྱང་གཟབ་པ་གལ་ཆེ། འདིར་མ་དག་པ་ཞེས་སྨྲོས་པ་ནི་མཁྱེན་ཡོན་ལྡན་པའི་མཁས་པ་གང་མང་ཞིག་གི་དེབ་དང་དྲ་རྒྱ་སོགས་ཀྱི་ནང་དུ་བཞུགས་པ་ལ་ཟེར་གྱི་ཡོད་པ་ལས། དག་ཆ་སོགས་ལ་དོ་གལ་གཏན་ནས་མེད་པར་འདོན་རྒྱུ་ཞིག་ཡོད་པ་ཙམ་གྱིས་ཆོག་པར་འཛིན་པ་ཚོས་གང་བྱེད་ལ་ཟེར་གྱི་མེད་དེ། དེའི་རིགས་ལ་ནོར་བ་མཐའ་མེད་པས་སུ་ཞིག་གིས་རེ་རེ་བཞིན་བཅོས་པར་ནུས།
སྐབས་སུ་བབ་པ་ནི། དབང་སྡུད་གསོལ་འདེབས་ལ་ཕྱག་དཔེ་མི་འདྲ་བ་སྣ་ཚོགས་འབྱུང་བཞིན་པ་ལས་གང་ཡིག་ནོར་ཡིན་མིན་ཤེས་དཀའ་ཞིང་། དོན་ལ་བསམ་བློ་བཏང་ན་གང་ལྟར་བྱས་ཀྱང་གོ་རྒྱུ་ཡོད་པ་སྐོར་ཞིག་བྱུང་བ་དཔེར་ན། འཇིག་རྟེན་དབང་ཕྱུག་ཐུགས་རྗེ་རྗེས་ཆགས་གཟུགས་ཞེས་པ་ལ། ཐུགས་རྗེས་རྗེས་ཆགས་དང་ཐུགས་རྗེའི་རྗེས་ཆགས། ཐུགས་རྗེ་རྗེས་ཆགས་ཞེས་མི་འདྲ་བ་གསུམ་བྱུང་བ་དང་། པདྨ་རྒྱལ་པོ་འཁོར་འདས་མངའ་དབང་སྒྱུར་ཞེས་པ་ལ། རྒྱལ་པོ་དང་རྒྱལ་པོས་ཞེས་མི་འདྲ་བ་གཉིས་དང་། དེ་བཞིན་བསྒྱུར་དང་སྒྱུར་ཞེས་མི་འདྲ་བར་བྱུང་བ་དང་། མ་ལུས་སྐྱེ་དགུའི་ཡིད་འཕྲོག་རིགས་བྱེད་མ་ཞེས་པ་ལ་རིག་བྱེད་དང་རིགས་བྱེད་ཅེས་ཡང་འཇུག་ཡོད་མེད་གཉིས་དང་། དབུ་ཡི་ཨོཾ་ལ་ཟླ་བ་ཡོད་མེད་གཉིས་སོགས་ངོ་ཤེས་དཀའ་བའི་ཡིག་ནོར་མང་པོ་བྱུང་བཞིན་ཡོད་ཀྱང་། གཤམ་གྱི་དབང་སྡུད་གསོལ་འདེབས་ཀྱི་དཔེ་འདི་ནི། ཆོས་རྗེ་བླ་མའི་ཐུགས་སྲས་ཐུ་བོའི་གྲས་དང་བདག་ཅག་གི་འདྲེན་པ་ཆེན་པོ། གནས་བརྟན་མཁས་པའི་དབང་པོ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་གིས་མཛད་པའི། སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་གྱི་བསྡུས་འགྲེལ་བདེ་སྟོང་གློག་དམར་འཁྱུགས་པའི་འཕྲུལ་ཞགས་ཀྱི་སྤྱི་དོན་དང་ཚིག་འགྲེལ་གཉིས་ལས་ཡིག་འབྲུ་རེ་རེ་བཞིན་ཤིན་ཏུ་དག་པར་གཏན་ལ་ཕབ་འདུག་པ་དེ་ཡིན་ཞིང་། ངག་སྒྲོན་ལས། འདོད་དགུ་སོགས་ལ་གང་ཡང་རུང་ཞེས་དགུ་དང་རྒུ་གང་བྲིས་ཀྱང་ཆོག་པར་གསུངས་མོད། འདིར་སྐྱེ་དགུའི་ཡིད་འཕྲོག་ཅེས་པའི་སྐབས་སུ་སྐྱེ་དགུ་ལ་དགུ་བརྩི་རྒྱུ་ཡོད་པས་ད་དགུ་དང་། འདོད་རྒུ་ཞེས་པའི་སྐབས་སུ་དགུ་བརྩི་རྒྱུ་མེད་པར་འདོད་དོན་མཐའ་དག་ལ་གོ་བས་ར་རྒུ་བྱས་འདུག་པ་སོགས་ཁྱད་ཆོས་ཤིན་ཏུ་མང་ངོ་༎ དཔྱད་དགོས་པ་ཞིག་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿཞེས་པའི་ཨཱ་དང་ཧྲཱིའི་རྗེས་སུ་གཏེར་ཚགས་བྱུང་བ་ནི་ཡིག་མཁན་གྱིས་གློག་ཀླད་ཏུ་གཏག་སྐབས་ནོར་བ་ཡིན་ནམ་སྙམ་སྟེ། སྤྱིར་ཡང་ཨོཾ་ཨཱཿཧཱུྃ་ཞེས་འབྲི་སྐབས་ཨཱའི་རྗེས་སུ་རྣམ་བཅད་བྱུང་བ་སྔགས་སྤྱི་འགྲོས་ཡིན་པར་མ་ཟད། འགྲེལ་བ་འདིར་ཡང་འདིའི་སྐབས་སུ་པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ཀྱི་ལུང་དྲངས་འདུག་ཅིང་། པཎྜི་ཏ་པདྨ་སཾ་བྷ་ཝ་དང་། ལོ་ཙཱ་བ་ཁ་ཆེ་ཨ་ནནྟས་བསྒྱུར་བའི་རྒྱུད་འདི་སྡེ་དགེ་ཤིང་པར་གྱི་པོད་ཚ་པར་བཞུགས་པའི་དཔེ་ལས་ཀྱང་། ཨཱཿནི་སྨྲ་བརྗོད་འབྱུང་བའི་གསུང་ཞེས་རྣམ་བཅད་བྱུང་བའི་ཕྱིར་རོ༎ དེ་བཞིན་དུ་ཧྲཱིཿཡང་ནམ་རྒྱུན་ཆོས་རྗེ་བླ་མས་དབང་སྡུད་གསོལ་འདེབས་གསུངས་སྐབས། ཨོཾ་ཨཱཿཧཱུྃ་ཧྲཱིས་ཞེས་གསུང་ཤིན་ཏུ་དག་པས་རྣམ་བཅད་ས་རུ་བཀླགས་པའི་ལུགས་ལྟར་མཛད་པ་དང་། སྐབས་འདིར་གཏེར་མའི་ལུགས་ཀྱང་མིན་པའི་ཕྱིར་ཧྲཱིའི་རྗེས་སུ་ཡང་རྣམ་བཅད་བྱུང་དགོས་པར་སེམས་སོ༎ དེ་ལྟ་ན་དོན་གཉེར་ཅན་རྣམས་ཀྱི་རྡོ་རྗེའི་གསུང་བྱིན་རླབས་ཅན་ལ་ཡིག་ནོར་གྱིས་སླད་སྐྱོན་མི་ཤོར་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བས། གཤམ་གྱི་དབང་སྡུད་གསོལ་འདེབས་འདི་ཉིད་ཕབ་ལེན་གནང་སྟེ། ཕྱིན་ཆད་ཡིག་ནོར་མེད་པའི་དབང་སྡུད་གསོལ་འདེབས་ཤིག་འགྲེམ་སྤེལ་གནང་རོགས་ཀྱི་ཞུ་གསོལ་འདེབས་པ་ལགས། སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་༢༠༡༣ཟླ་༤ཚེས་༣༠ལ།

༄༅།།སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ།། ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ།། བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་སྐུ།། མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས།། རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ།། ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས།། འཇིག་རྟེན་དབང་ཕྱུག་ཐུགས་རྗེ་རྗེས་ཆགས་གཟུགས།། པདྨ་རྒྱལ་པོ་འཁོར་འདས་མངའ་དབང་སྒྱུར།། སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ། གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི།། བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར།། མ་ལུས་སྐྱེ་དགུའི་ཡིད་འཕྲོག་རིགས་བྱེད་མ།། མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར།། དབང་མཛད་རྡོ་རྗེ་དཔའ་བོ་ཌཱཀྐིའི་ཚོགས།། སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ།། རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ།། འགགས་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས།། འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ།། སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད།། རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི།། རྣམ་གཉིས་དངོས་གྲུབ་འདོད་རྒུའི་མཆོག་སྩོལ་ཞིང༌།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས།། སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ།། མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན།། ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི།། རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ།། གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།། མཆོག་ཐུན་དངོས་གྲུབ་འདོད་རྒུའི་དཔལ་མཐའ་དག། ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ།། ཅེས་པའང་རབ་ཚེས་ས་ཡོས་ཟླ་ ཚེས་ ལ་དྷཱིཿམིང་པས་སྤེལ་བ་གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ་དབང་གི་ལས་ཀུན་ཇི་ལྟར་བསམ་པ་བཞིན་འགྲུབ་པར་གདོན་མི་ཟའོ།། དར་དམར་ལ་བྲིས་ཏེ་ཕྱར་བའམ། མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་བོ།། མངྒ་ལཾ།།

·གསར་འགྱུར་གོང་མ:སྔ་འགྱུར་རྙིང་མའི་ལོ་རྒྱུས།
·གསར་འགྱུར་འོག་མ:གཙང་སྦྲའི་བསླབ་བྱ་གལ་ཆེན་ཞིག།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས། 2012/12/10 20:43:42
·དཔལ་དགྱེས་པ་རྡོ་རྗེས་གསལ་བཤད། 2011/9/29 8:37:32
·མཚོ་སྔོན་པོས་གཞུང་ཕྱོཊ་ཟིན་བྲིས་བསྡུ་གི་འདུག 2011/9/15 9:26:54
·ཀླུ་སྨྱོན་རྩོམ་རིག་བྱ་དགའི་འོས་མི་འདེམ་རོགས། 2011/9/7 15:22:31
·ཀླུ་སྨྱོན་རྩོམ་རིག་བྱ་དགའི་ཁྱབ་བསྒྲགས། 2011/9/7 15:19:05
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:45:30 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 22:45:26 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:54:04 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།46.88MS