ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

ཆམ་རིམས་ཀ་པ་འགོག་སྡོམ་བྱ་སྟངས་ཀྱི་ཤེས་བྱ་ཉུང་ངུ་།

[རྩོམ་པ་པོ:ཁམས་སྨྱོན་ཟིན་བྲིས་ལས།  ཡོང་ཁུངས:ཁམས་སྨྱོན་ཟིན་བྲིས་ལས།  དུས་ཚོད:2009/11/3 12:22:53  བཀླགས་ཐེངས:1063][ཡིག་གཟུགས:ཡིག་གཟུགས་མདོག]
ཆམ་རིམས་ཀ་པ་འགོག་སྡོམ་བྱ་སྟངས་ཀྱི་ཤེས་བྱ་ཉུང་ངུ་།
༡༽དྲི་བ། ཅི་ཞིག་ལ་ཆམ་རིམས་ཀ་པH1N1ཟེར་བ་རེད། ཆམ་རིམས་ཀ་པ་ལ་ནད་རྟགས་ ག་འདྲ་འབྱུང་གི་རེད།
ལན། ཆམ་རིམས་ཀ་པH1N1ཟེར་བ་ནི་ཆོམ་རིམས་ཀྱི་ནད་དུག་གིས་ཁྲིད་པའི་གསར་བྱུང་གི་དབུགས་ཀྱི་རྒྱུ་ལམ་གྱི་འགོས་ནད་ཞིག་རེད།  ཆམ་རིམས་ཀ་པ་ཕོག་པའི་ནད་རྟགས་དང་སྤྱིར་བཏང་གི་ཆམ་རིམས་གཉིས་འདྲ་པོ་ཡོད། ཚ་དྲོད་རྒྱག་པ(མཆན་འོག་དྲོད་ཚད། ≥37.50C)དང་སྣ་ཆུ་ཟགས་པ། སྣ་འཚང་བ། མིད་པ་ན་བ། ལུ་བ། མགོ་ན་བ། ཤུགས་མེད་པ། སྐྱུགས་པའམ་རྙང་བའི་ནད་རྟགས་ཡོད། ཁ་ཤས་ལ་གློ་ཚད་ཀྱི་ནད་རྟགས་འབྱུང་གི་རེད།
༢༽དྲི་བ། གལ་ཏེ་ཆམ་རིམས་ཀྱི་ནད་རྟགས་འདྲ་བྱུང་ན་གང་བྱེད་དགོས་པ་རེད།
ལན། དུས་ཐོག་ཏུ་ས་གནས་དེའི་ཚ་དྲོད་བརྟག་སའི་སྨན་ཁང་དུ་འགྲོ་དགོས་ ཤིང་། མི་གཞན་དང་ཐུག་འཕྲད་ཉུང་དུ་གཏོང་བ་དང་། ཁ་རས་རྒྱག་པའམ་མི་གཞན་དང་རྨིད2ཡན་རྒྱང་ཆད་པའི་སར་འདུག་དགོས། ཁྱིམ་ནང་སྡོད་གང་ཐུབ་བྱས་ཏེ་ལས་ཀ་དང་སློབ་གྲྭ མི་མང་སར་མི་འགྲོ་ཞིང་། ངལ་གསོ་སྟེ་ཆུ་མང་པོ་འཐུང་དགོས་པ་དང་། ལུ་བའམ་སྣ་ཕུ་རྒྱག་ཚེ་ཐེངས་གཅིག་སྤྱོད་པའི་ཤོག་གུས་ཁ་སྣ་འགེབས་དགོས་པ་མ་ཟད། སྤྱོད་ཟིན་པའི་ཤོག་གུ་འོས་འཚམ་དུ་མེད་པར་བྱ་དགོས། རྟག་ཏུ་ལག་པ་འདག་རྫས་དང་ཆུ་གཙང་མ་ཡིས་བཀྲུ་དགོས་ཤིང་། ཁྱད་པར་དུ་ལུ་བ་དང་སྣ་ཕུ་རྒྱག་རྗེས་ངེས་པར་དུ་བཀྲུ་དགོས།
༣༽དྲི་བ། མི་ག་འདྲ་ལ་ཆམ་རིམས་དེ་ཕོག་བདེ་བ་ཡོད།
ལན། མིག་སྔར་མང་ཆེ་བ་ལ་ H1N1ཆམ་རིམས་ཀ་བ་མི་ཕོག་པའི་ངེས་པ་མེད་ཅིང་། ཆམ་རིམས་ཀ་བ་ཕོག་མེད་པའི་མི་ཚང་མ་ལ་ནད་དེ་འགོས་སླ་བོ་ཡོད། བྱིས་པ་དང་། རྒན་འཁོགས། དལ་བའི་ནད་ཕོག་མཁན་དང་། སྦྲུམ་མ། ཤ་རྒྱགས་པའི་རིགས་ལ་ལ་ནད་འདི་ཕོག་སླ།
༤༽གལ་ཏེ་རང་ལH1N1ཆམ་རིམས་ཀ་པ་ཕོག་འདུག་སྙམ་པའི་དོགས་པ་བྱུང་ནས་སྨན་ཁང་དུ་འགྲོ་དགོས་ཐུག་ཚེ་ག་འདྲ་བྱ་དགོས།
ལན།སྨན་ཁང་དུ་མ་འགྲོ་སྔོན་ལ་ཆ་རྐྱེན་ཡོད་པའི་ས་ཆ་ཡིས་ཚ་དྲོད་དང་དབུགས་ལམ་སྨན་བཅོས་བྱེད་མཁན་སྨན་པ་དང་འབྲེལ་བ་བྱ་དགོས་ཤིང་། སྒོ་བསྟེན་སྔོན་བརྟག་གི་སྐབས་སུ་རང་འགུལ་གྱིས་ནད་རྟགས་བཤད་དགོས་ལ། རང་ལ H1N1ཆམ་རིམས་ཀ་པ་ཕོག་ཡོད་ཤས་ཀྱི་འགྲེལ་བཤད་བྱ་དགོས། དཔེར་ན་ཉེ་ལམ་དུ་རང་ཉིད་ཆམ་རིམས་འདི་འགོས་པའི་ས་གནས་སུ་སོང་ལུགས་དང་། ཆམ་རིམས་ཕོག་པའི་མི་དང་འབྲེལ་བ་བྱུང་ལུགས་ལྟ་བུ། དེ་ནས་སྨན་སྐྱོབ་ཁང་གི་བསམ་ཚུལ་ལྟར་སྨན་བཅོས་བྱ་དགོས། སྨན་ཁང་དུ་འགྲོ་བའི་ལམ་བར་ཁ་ཤུབས་སམ་དེ་མིན་གྱི་དངོས་པོ(དཔེར་ན་ཤོག་གུའམ་ལག་རས་སོགས།)ཡིས་ཁ་སྣ་འགེབས་དགོས་ལ། ལག་པས་སྤྱི་སྤྱོད་དངོས་པོ་དང་སྒྲིག་ཆས་ལ་རེག་མི་དགོས་པར་བྱ་དགོས།
༥༽དྲི་བ། དུས་རྒྱུན་ཐབས་ཤེས་ག་འདྲ་སྤྱོད་ན྇ H1N1ཆམ་རིམས་ཀ་པ་སྔོན་འགོག་ལ་ཕན་འབྲས་ལྡན་པ་རེད།
ལན། ༼༡༽ལག་པ་འཁྲུ་བ་ལ་གོམས་དགོས། ཆམ་རིམས་ཀ་པའི་ནད་དུག་དངོས་པོ་ཁ་ཤས་ཐོག་ཆུ་ཚོད་ཁ་ཤས་འཚོ་ཐུབ་པས། ཁྱེད་ཕྱི་རོལ་དུ་སོང་ནས་ཚུར་ལོག་དུས་ལག་པ་འཁྲུ་དགོས། ལག་པ་འཁྲུ་བ་ནི་སྔོན་འགོག་གི་ཐབས་ཤེས་ཕན་འབྲས་ལྡན་ཤོས་རེད།
­༼༢༽ལུས་པོ་སྦྱོང་བརྡར་རྒྱུན་འཁྱོངས་དང་། ངལ་གསོ་སྟེ་གཉིད་ཀྱིས་འདང་བར་བྱ་བ། ཡམས་འགོག་ལ་ཤུགས་བརྒྱབ་སྟེ་ཆམ་རིམས་ཀ་པ་འགོག་ཐབས་ལ་འབད་དགོས།
༼༣༽འཕྲོད་བསྟེན་བྱ་རྒྱུ། སྣ་སྦྲིད་བྱེད་པ་དང་སྣ་ཆུ་འདྲ་ཟགས་པའི་ཚེ་གཞན་ལ་གཟུར་དགོས། སྣ་ཕུ་རྒྱག་པ་ནི་ནད་འབུ་འགོས་པའི་ལམ་གཙོ་བོ་དེ་རེད།
༼༤༽ཟས་ཡག་པོ་ཟ་དགོས། ཆམ་རིམས་ཀ་པ་ན་ཚེ་ལ་སྤྲི་དཀར་མང་པོ་ལྡན་པའི་ཟ་མ་ཟ་དགོས། རྩི་ཤིང་གི་སྤྲི་དཀར་སོགས་འོས་འཚམ་སྤྱོད་དེ་རིམས་འགོག་གི་ཤུགས་ཆེ་རུ་གཏོང་དགོས།
༼༥༽འདུས་སྡོད་ཉུང་དུ་གཏོང་རྒྱུ། ཆམ་རིམས་ཀ་པ་ནི་མཁའ་དབུགས་ལ་བརྟེན་ནས་འོང་པས། ཆམ་རིམས་དེ་ཡོད་ཚེ་མི་མང་པོ་འདུས་སར་མི་འགྲོ་རྒྱུ། གལ་ཏེ་ངེས་པར་དུ་འགྲོ་དགོས་ན་ཁ་ཤུབས་གྱོན་དགོས།
༼༦༽རླུང་འགྲོ་འོང་བྱ་བཅུག་རྒྱུ། ཁྱེད་ཀྱི་གཞུང་ལས་བྱ་ས་དང་ཉལ་ཁང་སོགས་ལ་ཉིན་རེ་ངེས་པར་དུ་མ་མཐའ་ཡང་ཆུ་ཚོད2རླུང་རྒྱུག་བཅུག་དགོས།
༼༧༽དུག་སེལ་དགོས། རིམས་ནད་མང་པོར་ཕོག་པའི་སྐབས་སྤྱི་ཡི་འགྲུལ་འཁོར་དང་གཞུང་ལས་ཁང་། ཉལ་ཁང་། ཐུན་མོང་གི་ཉལ་ཁང་། སློབ་ཁང་ལ་ངེས་པར་དུ་ཉིན་རེར་དུག་སེལ་ཐེངས་རེ་བྱ་ཐུབ་དགོས།
༼༨༽ཆུ་མང་པོར་འཐུང་དགོས། ཆུ་ནི་མི་ཡི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པས་ཆུ་མང་ཙམ་འཐུང་སྟེ་གཉན་མི་རྒྱག་ཐབས་བྱ་དགོས། གཉན་ནད་ཀྱིས་ཁྲིད་པའི་དབུགས་ལམ་གྱི་རིམས་ནད་བཀག་སྟེ་ནད་ཕོག་རྒྱུའི་ཚད་དམའ་རུ་གཏོང་དགོས།
༦༽དྲི་བ། ཆམ་རིམས་ཀ་པ་འགོག་པ་ལ་སྔོན་འགོག་གི་སྨན་རྫས་ག་འདྲ་ཡོད་པ་རེད།
ལན། འཕྲོད་བསྟེན་སྡེ་ཁག་གིས་དུས་རྒྱུན་ཆམ་ནད་ལ་ཕན་པའི་སྨན་རིགས་ཀྱིས་ཆམ་རིམས་ཀ་པ་སྔོན་འགོག་བྱ་ཐུབ་པར་བཤད་འདུག  ད་དུང་སྨན་བསངས་བདུགས་པ་དང་།  ནད་རིམས་སྔོན་འགོག་གི་སྨན་ནག་པོ་དགུ་སྦྱོར་ལྟ་བུ་ལུས་ལ་བཏགས་ཏེ་ཉིན་རེ་ཐེངས་ཁ་ཤས་སྣོམ་དགོས།
·གསར་འགྱུར་གོང་མ:ཆོས་ཉིད་ཚེ་རིང་ལགས་ལ་རྒྱལ་ཡོངས་ཀྱི༼ཤར་ཕྱོགས་ཀྱི་ཕོ་ཉའི༽བྱ་དགའ་ཨང་དང་པོ་ཐོབ་པ།
·གསར་འགྱུར་འོག་མ:བཀའ་དྲིན་དྲན་པའི་ཉིན་མོ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:crlhoiydw
U8pfQe  <a href="http://rtfmtzpxmnzk.com/">rtfmtzpxmnzk</a>, [url=http://ziuajbsfjpgh.com/]ziuajbsfjpgh[/url], [link=http://msmzvqqybnss.com/]msmzvqqybnss[/link], http://cyouajenrxhq.com/
发表时间:2019/3/24 19:44:42 [来自: 31.184.238.87]

 评论者:nmikdufb
n8UoLd  <a href="http://cygsqznwsqvu.com/">cygsqznwsqvu</a>, [url=http://awebvswwyglm.com/]awebvswwyglm[/url], [link=http://yzmbkgvliaqx.com/]yzmbkgvliaqx[/link], http://cccvllslwyfg.com/
发表时间:2019/3/24 18:56:46 [来自: 31.184.238.151]

 评论者:pjjaoppln
sRdNNn  <a href="http://dnqdxriddybl.com/">dnqdxriddybl</a>, [url=http://dfavesxfjotq.com/]dfavesxfjotq[/url], [link=http://uyeemmvdvpek.com/]uyeemmvdvpek[/link], http://dfrsiypgajoa.com/
发表时间:2019/3/24 18:56:46 [来自: 31.184.238.177]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS