ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་ལེཊ་སྒྲིག་པར་སྐྲུན་ཟིན་པར་བཀའ་དྲིན་རྗེས་དྲན་ཞུ་ཡིག

[རྩོམ་པ་པོ:བྱང་ཆུབ་རྒྱ་མཚོ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/6/3 18:38:47  བཀླགས་ཐེངས:1768][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་ལེགས་སྒྲིག་ཟིན་ཏེ
བཀའ་དྲིན་རྗེས་དྲན་གྱི་ཕྲིན་ཡིག །

བཀའ་དྲིན་སུམ་ལྡན་བླ་མ་མུན་སེལ་དང་མཆོག་གསུམ་རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཕྱོགས་བཅུའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཀུན་ལ་བཀའ་དྲིན་ཆེ་ཞུའོ། །
ངེད་ཅག་གིས་མི་ལོ་ཉི་ཤུ་ཙམ་ལ་འབད་དེ་བསྒྲུབས་པའི་ཟབ་ཆོས་ནང་རྒྱུད་སྡེ་གསུམ་སྔ་འགྱུར་བཀའ་མ་དང་སྔ་འགྱུར་རྒྱུད་འབུམ་བཅས་འཚོལ་སྡུད་དང་ལེགས་སྒྲིག །རྩིས་འཕྲུལ་ནང་འཇུག །ཞུ་དག །དཔེ་བསྡུར། སྒྲིག་བཀོད། པར་བསྐྲུན། འགྲེམ་སྤེལ་བཅས་བྱ་བ་ལེགས་གྲུབ་བྱུང་བ་མ་ཟད། ད་དུང་བཀའ་ནང་རྒྱུད་སྡེ་གསུམ་དང་འབྲེལ་བའི་ཐང་ག་བརྒྱ་དང་ལྔ་བཅུའི་བདག་ཉིད་ཅན་གྱི་པར་རིས་དང་མཆན་འགྲེལ་ཅན་གྱི་དེབ་ཅིག་ཀྱང་ལེགས་པར་གྲུབ་སོང༌ངོ་། །
དཔེ་ཚོགས་འདི་དག་ཀུན་གྱིས་དངོས་སུ་མཇལ་དུ་ཡོད་པ་ནི་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ལ་བྱ་བ་རྒྱ་ཆེ་བ་ཞིག་ཡིན་པ་རེད་ལ། ཆོས་འདི་ཉམས་སུ་ལེན་མཁན་རྣམས་ཀྱི་བསོད་ནམས་དང་རྗེས་སུ་མཐུན་པའི་གྲུབ་འབྲས་ལེགས་པ་ཞིག་ཀྱང་རེད། དེ་དང་ཆབས་ཅིག་ཏུ་བདག་གིས་ནམ་རྒྱུན་བདག་དང་བདག་གི་བྱ་བ་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་རྣམ་པ་ཚོར་རྩིས་སྤྲད་ཅིག་ཀྱང་བྱུང་ཡོད་པ་རེད་སྙམ། རྣམ་པ་ཚོས་བདག་གི་སེམས་ཀྱི་ཐད་ལ་སྐུལ་མ་དང་དཔལ་འབྱོར་ཐད་ལ་རྒྱབ་སྐྱོར་མང་པོ་གནང་བྱུང་བར་དུས་ནམ་ཡང་བརྗེད་ཐབས་མེད་པ་ཡིན། བྱ་བ་རྒྱ་ཆེན་པོ་འདི་དག་ལེགས་པར་འགྲུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་རྣམ་པ་ཚོས་གང་ཐད་ནས་འབད་རྩོལ་དང་རྒྱུན་བསྐྱངས་བྱས་པ་ལས་བྱུང་བར་ངོས་འཛིན་བྱེད་ཀྱིན་ཡོད། བདག་གི་ཚེ་མཇུག་ལ་དམ་ཆོས་ཚུལ་བཞིན་བསྒྲུབས་མ་ནུས་ཀྱང་འདི་དག་ནི་སྒྲུབ་པའི་མནྡལ་གྱི་དོད་ཙམ་དུ་ཀུན་ལ་འབུལ་ན་དགྱེས་བཞེས་གནང་འཚལ་ཞུའོ། །
སྔ་འགྱུར་བཀའ་མ་ལ་པོད་༡༣༣ཡོད་པ་དང་སྔ་འགྱུར་རྒྱུད་འབུམ་ལ་པོད་༦༥ཡོད་པས་ཁྱོན་པོད་༡༩༨ཡིན། དེ་དག་ཚར་༡༥༠༠རེ་པར་བས་དེས་བསྒྱུར་ན་ཁྱོན་པོད༢༩༧༠༠༠ཡིན། པར་རིས་མཆན་ཅན་དེབ་གཅིག་དེ་ཚར་༦༠༠༠པར་བས་དེ་སྣོན་ན་ཁྱོན་བསྡོམས་པས་པོད་༣༠༣༠༠༠ཙམ་པར་ཡོད་པ་རེད་ཞུ། ད་ནི་འདི་རྣམས་ཚང་མ་དགོན་སྡེའམ་བླ་བྲང་ངམ་དཔེ་མཛོད་དག་ལ་སྐྱེལ་ཟིན་ནས་ཉམས་ལེན་ལ་བསྐུལ་མ་འབྱུང་བའི་རེ་འདུན་འཆང་གིན་གནས་པ་ལགས། ཕྱག་དཔེ་འདི་རྣམས་སྒྲིག་སྐབས་ཧ་ཅང་གཟབ་ཁུལ་ཡིན་མོད་དོན་ཟབ་པ་དང་ཚིག་སྒྲོམ་ཆེ་བས་གོ་དཀའ་བ་ལགས་པས་ནོར་འཁྲུལ་ཡོད་སྲིད་ན་ལྷ་དང་སྲུང་མ་ལ་འགྱོད་བཤགས་འབུལ། མཁས་དབང་དམ་པ་རྣམས་ཀྱིས་བཀའ་བཀྱོན་དང་ཡོ་བཅོས་གནང་དང་དང་དུ་ལེན་བ་མ་ཟད་བཀའ་དྲིན་ཤིན་ཏུ་ཆེ་ཞུའོ། །ངས་བསམ་ན་འདི་འདྲའི་ཟབ་ཆོས་སྤོབས་ཆེ་བདེ་བླག་ངང་པར་ཐུབ་པ་ནི་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཤིག་ཡིན་པ་རེད་ལ་བདག་ཅག་གི་ལྷག་བསམ་རྣམ་པར་དག་པས་ཀྱང་ཡིན་ཚོད་རེད་སྙམ། གལ་སྲིད་དགེ་བའི་རྩ་བ་གང་མཆིས་པ་དེ་དག་ཐམས་ཅད་རྒྱལ་བ་སྲས་དང་བཅས་པ་རྣམས་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་མཆོད་ཅིང༌། དམ་ཆོས་ཟབ་མོ་འདི་དག་ལ་བཟང་འབྲེལ་དང་ངན་འབྲེལ་འཇོག་ཚད་ཀྱི་གང་ཟག་གང་ཀུན་བདེ་བ་དང་ལྡན་ཅིང་སྡུག་བསྔལ་དང་འབྲལ་ཏེ་རང་རིག་འོད་གསལ་ཆོས་ཀྱི་དབྱིངས་སུ་ངལ་གསོ་བའི་ཕྱིར་དུ་སྦྱིན་ཏེ། །ཀུན་ལ་དམ་ཆོས་རྫོགས་པ་ཆེན་པོ་ཉམས་སུ་ལེན་ནས་གཞི་ལམ་འབྲས་བུ་མཐར་ཕྱིན་ཏེ་གྲོལ་བར་སྨོན་ནོ། །ཞེས་པའང་ལྷ་ལྡན་གཙུག་ལག་ཁང་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བ་པོ་མཁན་ཆེན་མུན་སེལ་གྱི་སློབ་བུ་ཡང་ཐ་བྱང་རྒྱམ་པས་ས་ག་ཟླ་བའི་ཚེས་བཟང་ལ་འབུལ་བ་དགེའོ། །
པར་རིས་ཟུར་འཛར།

པར་ཟིན་པའི་བཀའ་མ་པོད་༡༣༣ཚར་༡༥༠༠པར་བས་ཁྱོན་པོད༡༩༩༥༠༠ཙམ་པར་རོ། །

པར་ཟིན་པའི་རྒྱུད་འབུམ་པོད་༦༥ཚར་༡༥༠༠པར་བས་ཁྱོན་པོད ༩༧༥༠༠ཙམ་པར་རོ། །

པར་ཟིན་པའི་ཐང་ག་པོད་༡ཚར་༦༠༠༠པར་རོ། །

·གསར་འགྱུར་གོང་མ:འབྲུག་ཡུལ་ནས་རང་ཡུལ་གྱི་དོན་རྐྱེན་ཞིག་ཐོས་རྗེས།
·གསར་འགྱུར་འོག་མ:དབྱར་རྩྭ་བརྐོ་བ་དེས་སྐྱེ་ཁམས་ལ་ཞར་བྱུང་གི་གནོད་སྐྱོན་བཟོས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:29:01 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:32:00 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 9:52:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།74.22MS