ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

༼མང་ཚོགས་རྒྱུན་ཤེས༽ཐེངས་གསུམ་པའི་བརྡ་སྦྱོར།

[རྩོམ་པ་པོ:འཛི་གུར་གུམ།  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2013/6/22 9:45:39  བཀླགས་ཐེངས:1264][ཡིག་གཟུགས:ཡིག་གཟུགས་མདོག]

མང་ཚོགས་རྒྱུན་ཤེསཐེངས་གསུམ་པའི་བརྡ་སྦྱོར།

འཛི་གུར་གུམ།

《མང་ཚོགས་རྒྱུན་ཤེས》ཟེར་བའི་དེབ་འདི་ནི་གྲྭ་རྐྱང་སྐོར་ཅིག་གིས་དམངས་ཁྲོད་ཀྱི ་ཟབ་སྦྱོང་འཛིན་གྲྭའི་སྦྱང་གཞིར་དམིགས་ནས་བསྡུ་སྒྲིག་བྱེད་པ་ཞིག་ཡིན། དམིགས་ཡུལ་གཙོ་བོ་ནི་རང་རེའི་མང་ཚོགས་རྣམས་དེང་སྐབས་ཕྱོགས་ཡོངས་ནས་ཡིག་རྨོངས་ཀྱི་རྒྱ་ལས་ཐར་བཞིན་མཆིས་ནའང༌། མང་ཚོགས་ཀྱི་བསམ་སྤྱོད་ཀུན་ཡར་རྒྱས་ཤིག་ཡོང་དགོས་ན་དེ་ཙམ་གྱིས་གར་ཡང་མི་ཕྱིན་པས། སྐབས་དང་བསྟུན་ཏེ་མང་ཚོགས་ཀུན་ལ་སློབ་སྦྱོང་ཕྲན་བུ་རེ་དང་དཔེ་ཀློག་ཐན་ཐུན་རེ་གོ་སྐབས་སྤྲད་ཐུབ་པ་ཡིན་ན། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་ཐབས་བཟང་ཤོས་ཤིག་ནི་འདི་ལས་མཆོག་ཏུ་གྱུར་བ་ཞིག་མེད་པ་ང་ཚོར་དངོས་ཡོད་དང་ལག་ལེན་སྟེང་ནས་ར་སྤྲོད་བྱུང་ཡོད། དེ་ཡིས་ན། འདོན་ཐེངས་དང་པོ་དེ་ང་ཚོས་ངལ་བ་བརྒྱ་ཕྲག་ལ་བརྟེན་ཏེ་མང་ཚོགས་ཚོའི་བརྙན་ལམ་དུ་གཟིགས་འབུལ་བྱས་ཐུབ་སོང༌། འདོན་ཐེངས་དང་པོས་ང་ཚོར། སྤོབས་པ་ཞིག་བསྩལ་བ་ནི། སྦྱང་དེབ་དེར་སློབ་སྦྱོང་བརྒྱུད་པས་ས་ཕྱོགས་འགར་མང་ཚོགས་ཚོའི་གོ་རྟོགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་། ཕྱོགས་ཡོངས་ནས་དགའ་བསུ་ཡང་མི་དམན་པ་རེ་ཐོབ་སོང་བ་དེ་ཡིན་ནོ། ། ད་ལོར་མཚོན་ན་དཀའ་ཁག་ཆེ་ཤོས་ནི་མ་དངུལ་གྱི་ཆ་རྐྱེན་དང་ལས་ཚེགས་ཀྱི་ངལ་བ་མ་ཡིན་ལ། དེ་དང་མཐུན་པའི་ཁ་གསལ་ཞིང་གོ་བདེ་བ། ཚིག་ཚོགས་ཉུང་ཞིང་མང་ཚོགས་ལ་ཕན་ཐོགས་ངེས་ངེས་ཀྱི་རྩོམ་ཡིག་ཅིག་བསྡུ་རྒྱུ་མི་རྙེད་པ་དེ་རེད། ད་དྲྭ་གྲོགས་ཚོར་ཞུ་རྒྱུ་ནི། གཤམ་གྱི་རྩོམ་ཚན་དག་དང་མཐུན་པའི་ཤར་ནུབ་གྱི་རྩོམ་རིག་ཁྲོད་དུ་ཡོད་པ་ཡིན་ན་འདྲ། དེ་རིང་འབྱུང་བཞིན་པ་ཡིན་ནའང་ཆོག་སྟེ། མང་ཚོགས་ཚོའི་མ་གོ་ཐབས་མེད་དང་གོ་ན་དོན་ཆེ་བའི་ལེགས་བཤད་དང་གདམས་ངག་གི་རིགས་དང་། ད་དུང་། མིག་དཔེ་རུ་འོས་པའི་རླབས་ཆེན་གྱི་མི་སྣ་བྱས་རྗེེ་ཅན་དག་གི་ལོ་རྒྱུས་མདོར་བསྡུས་རེ། རྩོམ་རིག་ལ་མཁྱེན་རྒྱ་ཡངས་ཤིང་ལྷག་བསམ་གྱི་སྙིང་སྟོབས་མངའ་བའི་དྲྭ་གྲོགས་ཚོས་མཁོ་འདོན་བྱེད་པར་སྙིང་ནས་ཞུ། ད་དུང་ང་ཚོའི་དེབ་ཆུང་འདི་ཁ་གསབ་དགོས་ས་དག་ཀྱང་ཡོད་སྲིད་པས་མཛུབ་སྟོན་རེ་གནང་རྒྱུའི་རེ་བ་ཡང་བརྣན་ནོ། ། དེབ་འདིའི་ནང་དོན་ནམ་ས་བཅད་མདོར་བསྡུས་ཙམ་འགོད་ན་འདི་ལྟ་སྟེ།
དང་པོ། རྟིང་སྐུལ་རྒྱུན་ཤེས།
གཉིས་པ། རང་ཉིད་སྐོར་གྱི་རྒྱུན་ཤེས།
༡ ཆོས་ལུགས་རྒྱུན་ཤེས།
༢ སློབ་སྦྱོང་རྒྱུན་ཤེས།
༣ ཀུན་སྤྱོད་རྒྱུན་ཤེས།
༤ གཏམ་རྒྱུད།
གསུམ་པ། མི་རིགས་སྐོར་གྱི་རྒྱུན་ཤེས།
༡ སྐད་ཡིག་རྒྱུན་ཤེས།
༢ འགྲོ་མིའི་ཁེ་དབང་རྒྱུན་ཤེས།
༣ ཁྲིམས་ལུགས་རྒྱུན་ཤེས།
༤ ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས།
༥ གཏམ་རྒྱུད།
བཞི་པ། འཚོ་བའི་སྐོར་གྱི་རྒྱུན་ཤེས།
༡ གཙང་སྦྲ་རྒྱུན་ཤེས།
༢ འཕྲོད་བསྟེན་རྒྱུན་ཤེས།
༣ ཕྲན་ཚེགས་རྒྱུན་ཤེས།
༤ གཏམ་རྒྱུད།
ལྔ་པ། ཕ་མའི་སྐོར་གྱི་རྒྱུན་ཤེས།
༡ ཕ་མའི་བྱམས་བརྩེ་རྒྱུན་ཤེས།
༢ ཁྱིམ་མིའི་སློབ་གསོའི་རྒྱུན་ཤེས།
༣ གཏམ་རྒྱུད།
སོགས་ས་བཅད་ཆེ་ཆུང་འགར་ཕྱེ་བའི་དེབ་སྒྲོམ་ཞིག་ཏུ་གྲུབ་པས། རྣམ་པ་ཚོས་མཁོ་སྤྲོད་གནང་ན་ནང་དོན་ཡང་དེ་དག་དང་རན་པ་ཞིག་གི་ངོས་ནས་གནང་བར་ཞལ་དྲོ་ཞུ་བ་ཡིན། དེ་མཚུངས་སུ་འདོར་ལེན་དང་ཁ་གསབ་ཇི་ལྟར་དགོས་ན་དེ་ལྟར་འཛེམ་དོགས་མེད་པར་གསུང་རྒྱུ་གལ། སྤྱི་ཟླ ༩ པ་ཚུན་ཆོད་ལ་སྐུར་གནང་བྱེད་རྒྱུ་མ་བརྗེད་རོགས།

འབྲེལ་གཏུགས་བྱ་ཡུལ། འོད་འཛིན། ཁ་པར་ཨང་གྲངས། ༡༥༣༨༨༤༠༨༢༢༨ ཡིག་ཟམ། 1753910507@qq.com
པད་མ་རིག་འཛིན། ཁ་པར་ཨང་གྲངས། ༡༥༣༡༤༥༣༦༩༩
འཛི་ཀུར་གུམ། ཁ་པར་ཨང་གྲངས། ༡༥༣༨༨༤༠༨༡༥༠ ཡིག་ཟམ། 1595758195 @QQ.COM
·གསར་འགྱུར་གོང་མ:སྐྱབས་རྗེ་བསེ་ཚང་རིན་པོ་ཆེས་མདོ་སྨད་རྔ་བ་རུ་དུས་འཁོར་དབང་ཆེན་གནང་བ།
·གསར་འགྱུར་འོག་མ:རེ་རྐང་གླིང་གི་སྒྲུང་ཐུང་༼བར་སྣང་གི་མགོ་འཁོར་ཕོ་བྲང་པར་འགྲེམ་བྱས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·སྤགས་གཡོ་སྟངས་དང་འབྲེལ་བའི་གཏམ། 2014/12/24 19:54:00
·ཨ་རིའི་ཕུལ་བྱུང་དགེ་རྒན་ཞིག་གིས་ཁྱིམ་བདག་ལ་བཏོན་པའི་བསམ་འཆར་བཅུ། 2014/12/24 19:45:55
·དུས་རབས་ཉེར་གཅིག་པའི་ཀུན་སྤྱོད་ལག་དེབ། 2014/2/19 17:50:11
·དགེ་རྒན་གྱི་སློབ་གསོ།༡ 2013/6/28 16:27:42
·སྐྱབས་རྗེ་བསེ་ཚང་རིན་པོ་ཆེས་མདོ་སྨད་རྔ་བ་རུ་དུས་འཁོར་དབང་ཆེན་གནང་བ། 2013/6/21 9:19:51
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:50:29 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:26:45 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:02:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 74 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS