ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

བདག་ལ་རེ་བའི་རྨི་ལམ་ཞིག་ཡོད།

[རྩོམ་པ་པོ:ཟླ་འཇམ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/6/23 12:25:52  བཀླགས་ཐེངས:1293][ཡིག་གཟུགས:ཡིག་གཟུགས་མདོག]
བདག་ལ་རེ་བའི་རྨི་ལམ་ཞིག་ཡོད།
(ཨ་མེ་རི་ཁ)མ་ཏིང་ལུའུ་ཏེ་ཅིན།
ཟླ་བ་ཚེ་རིང་དང་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར།
 
མ་ཏིང་ལུའུ་ཏེ་ཅིན (1929-1968)ཨ་མེ་རི་ཁའི་མི་རྒྱུད་ནག་པོའི་མི་རིགས་ཁེ་དབང་ལས་འགུལ་གྱི་གཙོ་འཛིན་དང་ཡེ་ཤུའི་ཆོས་ལུགས་ཀྱི་སློབ་དཔོན་ཞིག་ཡིན། ནོ་པེར་ཞི་བདེའི་བྱ་དགའ་ཐོབ་མྱོང་བ་དང་ཨ་མེ་རི་ཁའི་ལྷོ་ཕྱོགས་ཀྱི་ཡེ་ཤུའི་ཆོས་ལུགས་ཀྱི་དབུ་ཁྲིད་གྲོས་ཚོགས་ཀྱི་གཙོ་འཛིན་ཡིན། 1954 ལོ་ནས་བཟུང་ཨ་མེ་རི་ཁའི་མདོག་ལྡན་རིགས་རྒྱུད་མཐུན་ཚོགས་ཀྱི་བྱེད་སྒོར་ཞུགས་འགོ་བརྩམས། རྩོམ་ཡིག་འདི་ནི་༡༩༦༣ལོའི་ཟླ་༨པའི་ཚེས་༢༨ཉིན་ཁོང་གིས་ཧ་ཧྲེང་ཏུན་གྱི་ལེན་ཁེན་རྗེས་དྲན་ཁང་གི་མདུན་དུ་རྒྱལ་ཡོངས་ཀྱི་ཞི་བའི་ཁྲོམ་སྐོར་ལ་ཞུགས་པའི་མང་ཚོགས་ཉིས་འབུམ་ལྔ་ཁྲིར་གནང་བའི་གཏམ་བཤད་རེད།
   དེ་རིང་རྣམ་པ་ཚོ་དང་ལྷན་དུ་ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། འདི་ནི་ཨ་མེ་རི་ཁའི་ལོ་རྒྱུས་བྱུང་བའི་ཚུན་ལ། རང་དབང་བརྩོན་ལེན་གྱི་ཆེད་དུ་སྤེལ་བའི་ཆེས་རླབས་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཡིན་པས་ལོ་རྒྱུས་དེབ་ཐེར་དུ་དགོད་པར་འགྱུར་བ་གདོན་མི་ཟ།
  མི་ལོ་བརྒྱའི་སྔ་རོལ་དུ། ཨ་མེ་རི་ཁའི་སྐྱེ་བོ་རླབས་ཆེན་ཞིག་གིས་མི་རྒྱུད་ནག་པོའི་བྲན་གཡོག་བཅིངས་འགྲོལ་གཏོང་བའི་བསྒྲགས་གཏམ་ལ་མིང་རྟགས་བཀོད། དེ་རིང་ངེད་ཅག་ཁོང་གི་སྐུ་བརྙན་གྱི་མདུན་དུ་འཚོགས་ཡོད། བརྗིད་ཉམས་ལྡན་པའི་བསྒྲགས་གཏམ་དེ་ནི་ལམ་སྟོན་སྒྲོན་སྟེགས་ཤིག་དང་མཚུངས་པར། དྲང་བདེན་མ་ཡིན་པ་དང་གདུག་རྩུབ་ཆེ་བའི་མེ་ལྕེས་འཚིག་བཞིན་པའི་རིགས་རྒྱུད་ནག་པོའི་བྲན་གཡོག་ཁྲི་འབུམ་ས་ཡའི་སེམས་སུ་འོད་སྣང་དང་རེ་བ་བསྐྱལ་བྱུང་། བསྒྲགས་གཏམདེ་མིར་དགའ་བ་སྐྱེད་པའི་སྐྱ་རེངས་གསར་པ་དང་འདྲ་བར་མི་རྒྱུད་ནག་པོའི་རྐང་ལག་སྡེམ་པའི་མཚན་མོ་རིང་པོ་མཇུག་སྒྲིལ་ལ་ཉེ།
  འོན་ཀྱང་། དེ་ནས་ད་ལྟའི་བར་དུ་ལོ་ངོ་བརྒྱ་ཐམ་པ་འདས་སོང་མོད་རིགས་རྒྱུད་ནག་པོར་ད་དུང་རང་དབང་ཅི་ཡང་མེད། མི་ལོ་བརྒྱ་ཐམ་པའི་རྗེས་ཀྱི་དེ་རིང་། རིགས་རྒྱུད་ནག་པོའི་འཚོ་བ་སྔར་བཞིན་ལོགས་དགར་གྱི་གཉའ་ཤིང་དང་མཐོང་ཆུང་གི་ལྕགས་སྒྲོག་གིས་ཡ་ང་བའི་ངང་ནས་བསྡམས་ཡོད། མི་ལོ་བརྒྱ་ཐམ་པའི་རྗེས་ཀྱི་དེ་རིང་། རིགས་རྒྱུད་ནག་པོའི་སྐྱེ་བོ་རྣམས་སྔར་བཞིན་ཕ་མཐའ་འབྱམས་སུ་ཀླས་ཤིང་འབྱོར་ཕྱུག་ལྡན་པའི་རྒྱ་མཚོ་ཆེན་མོའི་འཇིངས་ཀྱི་དབུལ་ཕོངས་ཀྱི་གླིང་ཕྲན་ཁེར་རྐྱང་དུ་འཚོ་བ་རོལ་བཞིན་ཡོད།
  མི་ལོ་བརྒྱ་ཐམ་པའི་རྗེས་ཀྱི་དེ་རིང་། རིགས་རྒྱུད་ནག་པོའི་མི་རྣམས་ཀྱིས་ད་དུང་ཨ་མེ་རི་ཁའི་སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ན་དཀའ་སྡུག་མྱོང་བཞིན་ཡོད་པར་མ་ཟད། རང་ཉིད་ནི་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ས་གཞིའི་ཐོག་རྒྱང་འབུད་ཐེབས་མཁན་ཡིན་པ་རྟོགས། དེར་བརྟེན།ང་ཚོ་དེ་རིང་འདི་རུ་ཡོང་ནས་མཐོང་སྣང་ལ་མི་མཛེས་པའི་ཐོབ་ཐང་དེ་ཟློས་གར་གྱི་རང་བཞིན་ལྡན་པའི་སྒོ་ནས་འཁྲབ་སྟོན་ཐེངས་ཤིག་བྱེད། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ང་ཚོ་ནི་རྒྱལ་སར་དུས་བཅད་དངུལ་འཛིན་བརྗེ་རུ་འོངས་པ་ཡིན། ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ཀྱི"བཟོ་བཀོད་པ"རྣམས་ཀྱིསརྩ་ཁྲིམསདངརང་བཙན་བསྒྲགས་གཏམཁྲོད་ཀྱི་དོན་ཚན་མཛེས་ཤིང་བརྗིད་པ་དེ་དག་འབྲི་བའི་དུས་སུ། ཁོང་ཚོས་དོན་དམ་པར"དུས་བཅད་དངུལ་འཛིན"ཞིག་འབྲི་བ་དང་དེར་མིང་རྟགས་བཀོད་པ་ཡིན་ལ། ཨ་མེ་རི་ཁའི་སྐྱེ་བོ་ཐམས་ཅད་ནི་དུས་བཅད་དངུལ་འཛིན་དེའི་ཁྲིམས་དང་མཐུན་པའི་རྒྱུན་འཛིན་པ་རེད། དུས་བཅད་དངུལ་འཛིན་དེ་ནི་ཁས་ལེན་རིགས་ཤིག་སྟེ། ཨ་མེ་རི་ཁའི་སྐྱེ་བོ་མཐའ་དག་སྟེ་རིགས་རྒྱུད་དཀར་པོ་ཙམ་དུ་མ་ཟད། རིགས་རྒྱུད་ནག་པོར་ཡང་འཕྲོག་མི་ཆོག་པའི་འཚོ་བའི་ཁེ་དབང་དང་། རང་དབང་ལོངས་སུ་སྤྱོད་པའི་ཁེ་དབང་། བདེ་སྐྱིད་བརྩོན་ལེན་བྱེད་པའི་ཁེ་དབང་བཅས་ཡོད་པར་ཁག་ཐེག་བྱས་ཡོད།
   འོན་ཀྱང་ད་ལྟ་མདོག་ལྡན་སྤྱི་དམངས་ལ་མཚོན་ན་ཨ་མེ་རི་ཁས་དུས་བཅད་དངུལ་འཛིན་དེ་ཐོག་མཐའ་བར་གསུམ་དུ་མ་བརྗེས་ཤིང་། ཨ་མེ་རི་ཁས་དུས་བཅད་དངུལ་འཛིན་དེ་དུས་ཐོག་ཏུ་བརྗེ་བའི་འོས་འགན་བླ་ན་མེད་པ་དོན་དུ་མ་གཉེར་བ་རེད། མི་རྒྱུད་ནག་པོས་རེ་གཞག་ཆེན་པོ་བཅངས་རྗེས་ཐོབ་པ་ནི་སྙིང་པོས་དབེན་པའི་དུས་བཅད་དངུལ་འཛིན་ཞིག་ཡིན་པ་དང་། དངུལ་འཛིན་དེའི་ཐོག་ཏུ"མ་དངུལ་མི་འདང"ཞེས་པའི་ཡི་གེ་བཀོད་ཡོད་མོད། བདེན་དོན་གྱི་དངུལ་ཁང་མ་རྩ་སྟོངས་པར་འགྱུར་བར་ང་ཚོ་གཏན་ནས་ཡིད་མི་ཆེས། ཨ་མེ་རི་ཁ་རུ་གོ་སྐབས་གསོག་པའི་དངུལ་མཛོད་ཆེན་མོ་དེའི"མ་དངུལ་མི་འདང"བར་ང་ཚོ་གཏན་ནས་ཡིད་མི་ཆེས།
   དེ་བས་ང་ཚོ་དངུལ་འཛིན་དེ་བརྗེ་རུ་འོངས་པ་ཡིན། ང་ཚོར་རབ་དང་ཕུད་དུ་གྱུར་པའི་རྒྱུ་ནོར་ཏེ་རང་དབང་དང་བདེན་དོན་ཁག་ཐེག་བྱེད་པའི་དུས་བཅད་དངུལ་འཛིན་ཞིག་བརྗེ་རུ་འོངས་པ་ཡིན།
གནས་མཆོག་ཏུ་བཀུར་བའི་གནས་འདིར་ང་ཚོ་ཡོང་བའི་དམིགས་ཡུལ་གཞན་ཞིག་ནི་ཨ་མེ་རི་ཁའི་སྲིད་གཞུང་ལ་གསལ་འདེབས་ཞུ་རྒྱུ་སྟེ། ད་ལྟ་ནི་ཆེས་ཁ་ཚ་དགོས་གཏུག་གི་དུས་སྐབས་ཤིག་རེད། ད་ལྟ་ནི་ཡིད་ཀྱི་འགྱུ་བ་དྲག་པོ་ཞི་ལྷོད་དུ་འགྲོ་རྒྱུར་སྒུག་པའི་དུས་མིན་ལ། རིམ་སྐྱོད་རིང་ལུགས་ཀྱི་སྦྲིད་སྨན་བཏུང་བའི་དུས་ཀྱང་མིན། ད་ལྟ་ནི་མུན་ནག་དང་གསོན་ཤུགས་ཀྱིས་སྟོངས་པའི་གཏིང་རུམ་ནས་འགྲེངས་ཏེ། ཉི་འོད་ཀྱིས་ཁྱབ་པའི་རིགས་རྒྱུད་འདྲ་མཉམ་གྱི་བཤུལ་ལམ་དུ་སྤོབས་པས་སྐྱོད་རྒྱུའི་དུས་སྐབས་རེད། ད་ལྟ་ནི་རིགས་རྒྱུད་མཐོང་ཆུང་གི་བྱེ་ཟེགས་རྨང་གཞིར་བྱས་པའི་ཨ་མེ་རི་ཁ་འདི་ཉིད་སྤུན་མཆེད་ཀྱི་བརྩེ་དུང་ལྟ་བུའི་རྨང་རྡོ་བརྟན་པོའི་ཐོག་བསྐྱར་དུ་བཞེངས་བའི་དུས་སྐབས་རེད། ད་ལྟ་ནི་དཀོན་མཆོག་གི་བུ་རབས་ཚ་རྒྱུད་རྣམས་ལ་འདྲ་མཉམ་འཐོབ་པའི་དུས་སྐབས་རེད།
 གལ་ཏེ་ད་དུང་ཡང་མུ་མཐུད་དུ་གོ་སྐབས་དཀོན་པོ་སྣང་མེད་དུ་བསྐྱུར་ཚེ་དེ་ང་ཚོའི་རྒྱལ་ཁབ་ཀྱི་བྱུར་གོད་ཀྱི་སྣ་འདྲེན་དུ་འགྱུར་ངེས་རེད། རང་དབང་དང་འདྲ་མཉམ་མ་བྱུང་ཚེ་མི་རྒྱུད་ནག་པོའི་ཁྲིམས་དང་ཡོངས་སུ་མཐུན་པའི་འཁང་སེམས་ཞི་འཇགས་སུ་མི་འགྲོ་ཞིང་། མིའི་ལུས་སེམས་ལ་སིམ་པ་སྟེར་བའི་གསེར་ལྡན་གྱི་དུས་བཟང་སླེབས་མི་སྲིད་ལ་ཚ་གདུག་བཟོད་པར་དཀའ་བའི་དབྱར་དུས་ཀྱང་བཞུད་མི་སྲིད། ། 963 ལོ་ནི་མཇུག་མཐའི་རོལ་དབྱངས་མ་ཡིན་པར་འགོ་རྩོམ་པའི་རོལ་དབྱངས་རེད།
   གལ་ཏེ་ཨ་མེ་རི་ཁའི་སྲིད་གཞུང་གིས་རང་འདོད་མཐར་སྐྱེལ་བྱས་ཚེ། མི་རྒྱུད་ནག་པོས་མ་རངས་པའི་སེམས་ཁམས་ཕྱིར་མཚོན་པར་བྱས་པ་ཙམ་གྱིས་ཡིད་ཚིམ་ཐུབ་པར་སྟོང་བསམ་བཅངས་པའི་མི་དེ་དག་ཡོངས་སུ་སད་པར་འགྱུར། མི་རྒྱུད་ནག་པོར་སྤྱི་དམངས་ཀྱི་དབང་ཆ་མ་བྱིན་པའི་སྔོན་དུ་ཨ་མེ་རི་ཁར་བདེ་ལྷོད་ཡོང་མི་སྲིད་ལ་ཞི་འཇགས་ཀྱང་ཡོང་མི་སྲིད། གཟི་འོད་རྣམ་པར་བཀྲ་བའི་བདེན་དོན་གྱི་སྐྱ་རེངས་མ་བསུ་བའི་སྔོན་དུ། ངོ་ལོག་པའི་རླུང་གི་དཀྱིལ་འཁོར་གྱིས་རྒྱལ་ཁབ་འདིའི་རྩ་བ་རྒྱུན་ཆད་མེད་པར་བསྒུལ་བར་འགྱུར།
   དེ་ལྟ་མོད་ཀྱང་། བདེན་དོན་གྱི་ཕོ་བྲང་གི་དྲོད་འཇམ་ལྡན་པའི་སྒོ་ཁར་འགྲེང་བའི་མི་རྣམས་ལ་བདག་གིས་ངེས་པར་དུ་ཚིག་གཅིག་ཞུ་དགོས་ཡོད་དེ། ང་ཆོས་ཁྲིམས་དང་མཐུན་པའི་གོ་གནས་བརྩོན་ལེན་བྱེད་པའི་དུས་མཚུངས་སུ་གང་འདོད་ཅི་འདོད་ཀྱི་སྦྱོར་བ་གཏན་ནས་རྩོམ་མི་རུང་། ང་ཚོས་རང་དབང་གི་སྐོམ་གདུང་སེལ་བའི་ཆེད་དུ་སྡང་སེམས་དང་ཞེ་འཁོན་ཧུབ་ཀྱིས་གཏན་ནས་བཏུང་མི་རུང་། ང་ཚོས་ངེས་པར་དུ་རང་བཀུར་དང་ཆོས་ཁྲིམས་ཀྱི་ཆུ་ཚད་མཐོ་ཤོས་ཐོག་ནས་ང་ཚོའི་འགོག་རྒོལ་གྱི་རྒྱུན་བསྐྱང་དགོས། ང་ཚོས་ངེས་པར་དུ་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་ཕ་རོལ་བོའི་དྲག་ཤུགས་བསུ་བའི་བླ་ན་མེད་པའི་ཀུན་སྤྱོད་ཀྱི་རི་བོའི་སྤོ་རུ་རྒྱུན་མི་འཆད་པར་འཛེགས་དགོས།
   མི་རྒྱུད་ནག་པོའི་ཐུན་མོང་ཚོགས་པ་ཁྱུར་མིད་བཏང་བའི་དགྲར་འཛིན་རྣམ་པ་གསར་པ་འདི་ནི་རྟོགས་དཀའ་བ་ཞིག་ཡིན་མོད། དེ་ཉིད་མི་རྒྱུད་དཀར་པོ་ཡོད་ཚད་ལ་ང་ཚོས་ཡིད་རྟོན་མི་བྱེད་པའི་སྣ་འདྲེན་དུ་གཏན་ནས་འགྱུར་མི་རུང་སྟེ། མི་རྒྱུད་དཀར་པོའི་སྤུན་ཟླ་མང་པོ་དེ་རིང་གི་འདུ་ཚོགས་འདིར་ཞུགས་ཡོད་པས་སོ།། འདི་ལས་ང་ཚོས་རྟོགས་པ་ནི། ཁོང་ཚོས་ཁོང་ཚོ་རང་ཉིད་ཀྱི་ལས་དབང་དང་ང་ཚོའི་རང་དབང་གཉིས་ནི་རྟེན་ཅིང་འབྲེལ་བར་གནས་པའི་ཚུལ་རིམ་བཞིན་ཧ་གོ་སོང་བ་རེད།
   ང་ཚོ་གཅིག་པུ་མདུན་དུ་སྐྱོད་མི་འོས། ཡིན་ཡང་ང་ཚོ་མདུན་དུ་སྐྱོད་བཞིན་པའི་དུས་སུ་ང་ཚོས་ངེས་པར་དུ་གཏན་ནས་གཏན་དུ་མདུན་དུ་སྐྱོད་པའི་དམ་བཅའ་འཇོག་དགོས་ཤིང་ཕྱི་བཤོལ་ནམ་ཡང་བྱ་རྒྱུ་མེད། སྐྱེ་བོ་ལ་ལས་སྤྱི་དམངས་ཀྱི་དབང་ཆ་བརྩོན་ལེན་བྱེད་པར་འབད་བཞིན་པའི་ང་ཚོར། ཁྱོད་ཚོ་ནམ་ཞིག་གི་དུས་ལ་གཞི་ནས་ཡིད་ཚིམ་མམ་ཞེས་འདྲི་བར་བྱེད། དེའི་ལན་ནི་ཁ་གསལ་དོན་གསལ་ཏེ། ཇི་སྲིད་མི་རྒྱུད་ནག་པོའི་མི་རྣམས་ད་དུང་ཉེན་རྟོག་པའི་སྐྱི་གཡའ་བའི་ཀླ་ཀློའི་སྤྱོད་སྟངས་མྱོང་མཁན་ཡིན་པ་དེ་སྲིད་དུ་ང་ཚོའི་ཡིད་ཚིམ་མི་སྲིད། ཇི་སྲིད་ང་ཚོ་འགྲུལ་བཞུད་ཀྱི་དཀའ་ཚེགས་ཆེན་པོས་དུབ་པར་གྱུར་ཏེ་ལམ་འགྲམ་གྱི་མགྲོན་ཁང་དུ་ངལ་གསོ་འདོད་པ་དང་། ཡང་ན་གྲོང་ཁྱེར་ནང་གི་མགྲོན་ཁང་དུ་བསྐྱོད་ཀྱང་སྡོད་དུ་མ་བཅུག་པ་དེ་སྲིད་དུ་ང་ཚོའི་ཡིད་ཚིམ་མི་སྲིད། ཇི་སྲིད་མི་རྒྱུད་ནག་པོའི་རྒྱུན་གཏན་གྱི་འགུལ་སྐྱོད་བྱེད་ཁོངས་དེ་སྔར་ལྟར་ཅུང་ཆུང་བའི་སྡོད་ཁུལ་ཞིག་གམ་ཡང་ན་དེ་ལས་ཅུང་ཆེ་ཙམ་ཞིག་ཏུ་གཏན་འཁེལ་བྱས་པའི་གནས་ཚུལ་ལ་འགྱུར་བ་མ་བྱུང་བ་དེ་སྲིད་དུ་ང་ཚོའི་ཡིད་ཚིམ་མི་སྲིད། ཇི་སྲིད"མི་རྒྱུད་དཀར་པོ་ཁོ་ན་རུང་"ཞེས་པའི་སྒོ་བྱང་གིས་ང་ཚོའི་བྱིས་པ་རྣམས་ཀྱི་མི་གཞི་དང་རང་བཀུར་འཕྲོག་མཚམས་མ་བཞག་པ་དེ་སྲིད་དུ་ང་ཚོའི་ཡིད་ཚིམ་མི་སྲིད། ཇི་སྲིད་སྨི་ཞི་ཞི་པི་ཡི་མི་རྒྱུད་ནག་པོ་འདེམས་བསྐོར་ཞུགས་མི་ཆོག་པ་དང་ཉིའུ་ཡོག་གི་མི་རྒྱུད་ནག་པོའི་འདེམས་ཤོག་ལ་དོན་སྙིང་ཅི་ཡང་མེད་པའི་གནས་ཚུལ་མཇུག་མ་འགྲིལ་བར་དུ་ང་ཚོའི་ཡིད་ཚིམ་མི་སྲིད། ཡིད་ཚིམ་མི་སྲིད། ཚིམ་མི་སྲིད། འདྲ་མཉམ་རྦབ་ཆུ་ཇི་བཞིན་བརྡོལ་ཅིང་བདེན་དོན་གཙང་པོའི་རྒྱུན་བཞིན་འཕྱུར་ནས་མ་ཡོང་བ་དེ་སྲིད་དུ་ང་ཚོའི་ཡིད་ཚིམ་མི་སྲིད། ཁྱེད་ཚོའི་ཁྲོད་ཀྱི་སྐྱེ་བོ་ལ་ལ་ནི་སྡུག་བསྔལ་དང་དཀའ་ཚེགས་ཆེན་པོའི་ཁྲོད་ནས་འདིར་ཡོང་བ་དང་། སྐྱེ་བོ་ལ་ལ་ནི་གུ་དོག་པའི་བཙོན་ཁང་ནས་ཡོང་བ་དང་། ཡང་ལ་ལ་ནི་རང་དབང་གི་རེ་སྨོན་བཏོན་ཚེ་གནོད་འཚེ་ཡང་ཡང་ཐེབས་དགོས་པ་དང་ཉེན་རྟོག་པས་དུད་འགྲོའི་སྤྱོད་པ་བསྐྱངས་ནས་མནར་གཅོད་ཡང་ཡང་གཏོང་བའི་ས་ཆ་ནས་འོངས་པ་བདག་གིས་མི་རྟོགས་པ་ག་ལ་ཡིན། དེ་ལྟ་མོད་ཀྱང་ཁྱོད་ཚོས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བློ་རྩ་བརྟན་པོས་བཟོད་ཅིང་བསྲན་བཞིན་ཡོད། དེ་ལྟ་ན་རང་འགོ་འཐོན་ངེས་པའི་ཡིད་ཆེས་བཅངས་ནས་རྒྱུན་འཁྱོངས་བྱེད་པར་འཚལ།
    སྨི་ཞི་ཞི་པི་རུ་ལོག་རོགས། ཨ་ལ་པ་མ་རུ་ལོག་རོགས། ཁ་ལོ་ལའེ་ན་ལྷོ་མར་ལོག་རོགས། ཆའོ་ཀྲི་ཡ་རུ་ལོག་རོགས། ལུའུ་དབྱི་སི་ཨན་ནར་ལོག་རོགས། གནས་བབས་འདི་ལྟ་བུ་སྒྱུར་ཐུབ་ལ་སྒྱུར་ངེས་ཀྱང་ཡིན་པ་རྟོགས་ཟིན་ན། ད་ནི་ང་ཚོའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཁྲོད་ཀྱི་ཁྲོམ་ལམ་ཐབས་ཆག་དང་དབུལ་པོའི་སྡོད་གནས་སུ་ལོག་ཅིག  ང་ཚོ་རེ་ཐག་ཆད་པའི་མུན་པ་ཟབ་མོའི་རུམ་དུ་བག་མེད་ཀྱི་སྤྲོ་དགར་གཏན་ནས་རོལ་མི་རུང་།
   དེ་རིང་། ངས་ཚང་མར་བཤད་རྒྱུར། བདག་གི་གྲོགས་པོ་རྣམ་པ། ཁྱོད་ཚོའི་མདུན་དུ་དེ་རིང་དང་སང་ཉིན་གྱི་དཀའ་ངལ་དང་སྐྱོ་སྡུག་སྣ་ཚོགས་ལྷགས་ཡོད་པའི་དབང་དུ་བཏང་ཡང་། རེ་བའི་རྨི་ལམ་ཞིག་ད་དུང་བདག་གི་སྙིང་ལ་ཉལ་ཡོད། དེ་ནི་ཨ་མེ་རི་ཁའི་རེ་བའི་རྨི་ལམ་ནང་རྩ་བ་ཟབ་ཏུ་ཚུགས་པའི་རྨི་ལམ་ཞིག་ཡིན། ངས་རེ་སྨོན་བྱེད་བཞིན་པ་ནི། ནམ་ཞིག་གི་དུས་ལ་ང་ཚོའི་མི་རིགས་འདིས་མངོན་དུ་འགྱུར་བའི་མཐར་ཐུག་གི་བདེན་པ་སྟེ"ང་ཚོས་སྐྱེ་བོ་མཐའ་དག་སྐྱེ་མ་ཐག་ནས་འདྲ་མཉམ་ཡིན་པ་ནི་མ་བརྗོད་རང་བརྗོད་ཀྱི་བདེན་དོན་ཞིག་ཡིན་པར་བསམས"ཞེས་པའི་རྒྱུན་གཏན་དུ་སྐྱོང་རྒྱུ་དེ་རེད།
   ངས་རེ་སྨོན་བྱེད་བཞིན་པ་ནི། ནམ་ཞིག་གི་དུས་ལ་ད་ལྟ་ད་དུང་འདྲ་མཉམ་མིན་པའི་ཚ་གདུག་དང་གཉའ་གནོན་གྱི་ངར་རྒྱུན་གྱིས་སྲེག་བཞིན་པའི་སྨི་ཞི་ཞི་པི་ཡང་རང་དབང་དང་འདྲ་མཉམ་གྱི་གླིང་ཕྲན་ལྗང་མདོག་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དེ་རེད།
   ངས་རེ་སྨོན་བྱེད་བཞིན་པ་ནི། ནམ་ཞིག་གི་དུས་ལ་སྡིག་ཉེས་ཆེ་བའི་རིགས་རྒྱུད་རིང་ལུགས་པས་སྔར་མུས་བཞིན་མི་རྒྱུད་ནག་པོའི་བྱེད་སྒོར་འཛེམ་པ་མེད་པར་ཐེ་ཇུས་བྱེད་པའི་ཨ་ལ་པ་མ་མངའ་སྡེ་དང་། དབང་སྒྱུར་བས་རིགས་རྒྱུད་མཐོང་ཆུང་གི་སྲིད་ཇུས་མེད་པ་བཟོ་རྒྱུ་ཁས་མི་ལེན་པའི་ཨ་ལ་པ་མ་མངའ་སྡེ་རུ། མི་རྒྱུད་ནག་པོའི་བྱིས་པ་རྣམས་ཀྱིས་མི་རྒྱུད་དཀར་པོའི་བྱིས་པ་རྣམས་དང་ཕུ་ནུ་གཅེན་གཅུང་ཇི་བཞིན་ལག་གདང་སྦྲེལ་ཆོག་པ་དེ་རེད།
   ངས་རེ་སྨོན་བྱེད་བཞིན་པ་ནི། ནམ་ཞིག་གི་དུས་ལ་གྲོག་རོང་བརྒྱངས་ནས་སྙོམ་པོར་འགྱུར་བ་དང་། རི་བོ་བཞར་ནས་བདེ་ཐང་དུ་འགྱུར་བ། འབུར་ཞོམ་དང་ཀྱག་ཀྱོག་མང་བའི་ས་ཆ་རྣམས་བདེ་ཞིང་ཁོད་སྙོམ་པར་འགྱུར་བ། དཀོན་མཆོག་གི་དགོངས་པའི་དབྱིངས་ནས་འོད་ཟེར་ཕྱོགས་བཞིར་འཕྲོས་ཏེ་འགྲོ་བ་ཀུན་གྱིས་དེའི་འོད་སྣང་ཉམས་སུ་མྱོང་རྒྱུ་དེ་རེད།
   འདི་ནི་ང་ཚོའི་རེ་སྨོན་ཡིན། འདི་ནི་ཁོ་བོ་ལྷོ་ཕྱོགས་སུ་ལྡོག་དུས་སྙིང་ལ་བཅངས་པའི་ཕུགས་བསམ་ཡིན། ཕུགས་བསམ་འདི་སྙིང་ལ་བཅངས་ཚེ། ང་ཚོས་རེ་ཐག་ཆད་པའི་རི་ཚོགས་ཀྱི་ཁྲོད་ནས་རེ་སྨོན་གྱི་རིན་ཆེན་གཏེར་རྡོ་བཞུ་སྦྱོང་བྱེད་ཐུབ། ཕུགས་བསམ་འདི་སྙིང་ལ་བཅངས་ཚེ། ང་ཚོས་རང་རེའི་མེས་རྒྱལ་གྱི་འུར་འུར་ཟིང་ཟིང་གི་སྒྲ་དེ་སྙན་ཞིང་འཇེབས་ལ་འགྲིག་མཐུན་ལྡན་པའི་སྤུན་ཟླའི་མཉམ་སྒྲོག་རོལ་མོ་ཞིག་ཏུ་སྒྱུར་ཐུབ། ཕུགས་བསམ་འདི་སྙིང་ལ་བཅངས་ཚེ། ང་ཚོས་མཉམ་དུ་ལས་ཀ་བྱེད་པ་དང་། མཉམ་དུ་གསོལ་བ་འདེབས་པ། མཉམ་དུ་འཐབ་རྩོད་བྱེད་པ། ཐ་ན་མཉམ་དུ་བཙོན་ཁང་དུ་ཞུགས་པ་སོགས་བྱེད་ནུས། ནམ་ཞིག་གི་ཉིན་མོར་ང་ཚོར་མཐར་ཐུག་རང་དབང་འཐོབ་ཐུབ་པ་རྟོགས་ཟིན་པས། ང་ཚོས་རང་དབང་བརྩོན་ལེན་བྱེད་པའི་ཆེད་དུ་མཉམ་དུ་རྒྱུན་འཁྱོངས་བྱ་དགོས། །
·གསར་འགྱུར་གོང་མ:རེ་རྐང་གླིང་གི་སྒྲུང་ཐུང་༼བར་སྣང་གི་མགོ་འཁོར་ཕོ་བྲང་པར་འགྲེམ་བྱས།
·གསར་འགྱུར་འོག་མ:དམངས་གཙོ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·རིགས་རྒྱུད་ལོཊ་དགར་ལམ་ལུཊ་ལ་མདུན་ལམ་གཏན་ནས་མེད། 2013/6/25 17:10:29
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 3:37:25 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:31:18 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:24:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 58 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS