ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

རིགས་རྒྱུད་ལོཊ་དགར་ལམ་ལུཊ་ལ་མདུན་ལམ་གཏན་ནས་མེད།

[རྩོམ་པ་པོ:འཇམ་ཟླ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/6/25 17:10:29  བཀླགས་ཐེངས:1219][ཡིག་གཟུགས:ཡིག་གཟུགས་མདོག]
རིགས་རྒྱུད་ལོགས་དགར་ལམ་ལུགས་ལ་མདུན་ལམ་གཏན་ནས་མེད།
(ཨ་ཧྥོ་རོ་ཁ་ལྷོ་མ)ནར་ཞུན་མན་ཏེ་ལ།
ཟླ་བ་ཚེ་རིང་དང་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར།
ནར་ཞུན་མན་ཏེ་ལ། (1918 - )ཨ་ཧྥེ་རི་ཁ་ལྷོ་མའི་མི་རྒྱུད་ནག་པོའི་གཙོ་འཛིན་སྐད་གྲགས་ཅན། ཨ་ཧྥེ་ར་ཁ་ལྷོ་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི། རྒྱལ་ཁབ་དེའི་མི་རྒྱུད་ནག་པོའི་སྲིད་འཛིན་ཐོག་མ་བཅས་ཡིན། དེའི་སྔོན་ལ་ཁོང་གིས་མི་རྒྱུད་དཀར་པོའི་རིགས་རྒྱུད་ལོགས་དགར་སྲིད་ཇུས་ལ་ངོ་རྒོལ་བྱེད་པར་འགོ་ཁྲིད་གནང་བས་མི་ལོ་༢༨ལ་བཙོན་འཇུག་མྱང་མྱོང་།
འདི་ནི་མན་ཏེ་ལ་བཙོན་གྲོལ་ཐོབ་རྗེས་ཀྱི་གཏམ་བཤད་ཐོག་མ་ཡིན།

གྲོགས་པོ་རྣམ་པ། བློ་མཐུན་རྣམ་པ། ཨ་ཧྥེ་རི་ཁ་ལྷོ་མའི་སྤུན་ཟླ་རྣམ་པ།
བདག་གིས་ཞི་བདེ། དམངས་གཙོ། མིའི་རིགས་ཡོངས་ཀྱི་རང་དབང་གི་མིང་ཐོག་ནས་ཁྱོད་ཚོར་གུས་འདུད་ཞུ་རྒྱུ་ཡིན། ང་རང་མ་འོངས་ལུང་དུ་སྟོན་མཁན་ཞིག་མིན་པར། ཁྱོད་ཅག་ཅག་གི་ཁེངས་སྐྱུངས་ཅན་གྱི་ཞབས་ཞུ་པ་དང་མི་དམངས་ཀྱི་ཞབས་ཞུ་པ་ཞིག་གི་ངོས་ནས་འདིར་འགྲེངས་པ་དང་ཁྱོད་ཚོའི་མདུན་དུ་འགྲེངས་ཡོད། ཁྱོད་ཚོས་འཐབ་རྩོད་ལྷོད་མེད་དང་དཔའ་ངར་ཆེན་པོས་རང་ཉིད་བློས་བཏང་བར་བརྟེན་ནས་དེ་རིང་ཁོ་བོ་འདི་རུ་འགྲེང་ཐུབ་པ་བྱུང་།  དེས་ན་བདག་གིས་མི་ཚེའི་ལྷག་མ་ཁྱོད་ཅག་ལ་འབུལ་རྒྱུ་ཡིན།
ང་རང་བཙོན་གྲོལ་ཐོབ་རྗེས་ཀྱི་དེ་རིང་གི་ཉིན་མོ་འདིར། བདག་གིས་སྤུན་ཟླ་ས་ཡ་བྱེ་བ་མང་པོ་དང་། འཛམ་གླིང་གི་ས་གནས་ཁག་ཏུ་ང་རང་བཙོན་ལས་ཐར་བའི་ཆེད་དུ་འཐབ་རྩོད་ལྷོད་མེད་གནང་བའི་སྤུན་ཟླ་རྣམ་པར་སེམས་པ་རྣམ་པར་དག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ལྟ་ཨ་ཧྥེ་རི་ཁའི་སྐྱེ་བོ་མང་ཤོས་ཏེ་མི་རྒྱུད་ནག་པོ་དང་མི་རྒྱུད་དཀར་པོ་ཚང་མས་རིགས་རྒྱུད་ལོགས་དགར་ལམ་ལུགས་ལ་མདུན་ལམ་གཏན་ནས་མེད་པ་རྟོགས་ཡོད། ཞི་བདེ་དང་བདེ་འཇགས་ལ་ཁག་ཐེག་ཐུབ་པའི་ཆེད་དུ་ང་ཚོས་ངེས་པར་དུ་རང་ཉིད་ཀྱི་གཞི་ཁྱོན་ཆེ་ཞིང་ཐག་གཅོད་རང་བཞིན་ལྡན་པའི་བྱ་སྤྱོད་སྤེལ་བར་བརྟེན་ནས་ལམ་ལུགས་འདི་མཇུག་འགྲིལ་བར་བྱ་དགོས། རང་རྒྱལ་གྱི་ཚོགས་པ་ཁག་དང་རང་རྒྱལ་མི་དམངས་ཀྱི་གཞི་ཁྱོན་ཆེ་བའི་ངོ་རྒོལ་ལས་འགུལ་དང་བྱེད་སྒོ་གཞན་དག་གིས་རྐྱེན་པས་མཐར་ཐུག་དམངས་གཙོའི་ལམ་ལུགས་ཅིས་ཀྱང་འཛུགས་ཐུབ་ངེས།
རིགས་རྒྱུད་ལོགས་དགར་ལམ་ལུགས་ཀྱིས་ང་ཚོའི་སྐམ་ས་ཆེན་མོ་འདིར་གཏོར་བརླག་དཔག་ཐབས་མེད་པ་བཟོས་མྱོང་བ་སྟེ། དུད་ཁྱིམ་ཁྲི་སྟོང་མང་པོའི་འཚོ་རྟེན་བརླགས་པ་དང་། སྐྱེ་བོ་ཁྲི་སྟོང་མང་པོ་ཕྱོགས་མཐར་འཁྱམས་ཤིང་ལས་ཀ་མི་རྙེད་པར་གྱུར།
ང་ཚོའི་དཔལ་འབྱོར་རྩ་བ་ནས་རྒུད་ལ་ཉེ་ཞིང་ང་ཚོའི་མི་དམངས་ཆབ་སྲིད་ཀྱི་གདོང་གཏུག་ཁྲོད་དུ་ལྷུང་། ང་ཚོས་1960 ལོར་དྲག་ཤུགས་ལ་བརྟེན་ནས་འཐབ་རྩོད་བྱེད་ཐབས་སྤྱད་དེ་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་འཐབ་འཛིང་རྩ་འཛུགས་ཏེ"མི་རིགས་ཀྱི་མདུང་མོ"ཞེས་པ་བཙུགས། དེ་ནི་རིགས་རྒྱུད་ལོགས་དགར་ལམ་ལུགས་ཀྱི་དྲག་ཤུགས་ལ་ངོ་རྒོལ་བྱེད་པ་ཁོ་ནའི་ཆེད་དུ་སྤྱད་པའི་རང་སྲུང་བྱ་འགུལ་ཞིག་ཡིན།
ངེས་པར་དུ་དྲག་པོའི་འཐབ་རྩོད་བྱ་དགོས་པའི་རྒྱུ་རྐྱེན་སྣ་ཚོགས་དེ་རིང་ད་དུང་གནས། ང་ཚོས་མུ་མཐུད་དུ་དྲག་ཤུགས་ལ་བརྟེན་ནས་འཐབ་རྩོད་བྱ་རྒྱུ་ལས་གདམ་ག་གཞན་ཞིག་མེད། དྲག་ཆས་ཀྱི་འཐབ་རྩོད་མི་འབྱུང་བའི་ཆེད་དུ་རིང་པོ་མ་འགོར་བར་གྲོས་མོལ་བརྒྱུད་ནས་གནད་དོན་ཐག་གཅོད་པའི་རྣམ་པ་ཞིག་སྐྲུན་ཐུབ་པར་ང་ཚོས་རེ་བ་བྱེད་བཞིན་ཡོད།
ང་ནི་ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་གྱི་བློ་དཀར་ཞིང་སྒྲིག་ལམ་བརྩི་བའི་ཁོངས་མི་ཞིག་ཡིན། དེར་བརྟེན་དེས་བཏོན་པའི་དམིགས་འབེན་དང་། འཐབ་ཇུས། ཐབས་ཤེས་བཅས་ལ་ང་རང་ཡོངས་སུ་མོས་ཤིང་འཐད།
ད་ལྟ་རང་རྒྱལ་གྱི་མི་དམངས་རྣམས་མཐུན་པར་བསྒྲིལ་དགོས་ཡོད། འདི་ནི་སྔ་རྒྱུན་གཞིར་བཞག་གི་ལས་འགན་གལ་འགངས་ཆེན་པོ་ཞིག་ཡིན། འགོ་ཁྲིད་སུ་དང་གང་གིས་ཀྱང་ཁོང་གཅིག་པུས་ལས་འགན་ལྗིད་མོ་འདི་དག་ཁུར་དུ་འཁྱེར་མི་ནུས། འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་ང་ཚོའི་ལས་འགན་ནི་ང་ཚོའི་རྩ་འཛུགས་ལ་ལྟ་ཚུལ་གསལ་བརྗོད་དང་། དམངས་གཙོའི་སྒྲིག་སྲོལ་སྤྱད་ནས་མདུན་ཕྱོགས་ཀྱི་བགྲོད་ལམ་ཐག་གཅོད་ཆོག་པ་བྱ་རྒྱུ་དེ་རེད།
དམངས་གཙོ་ལག་ལེན་དུ་བསྟར་བའི་ཐད་དུ་ནན་གྱིས་བརྗོད་རྒྱུའི་འགན་འཁྲི་བདག་ལ་ཡོད་པའི་སྣང་བ་ཞིག་བྱུང་བ་ནི། ལས་འགུལ་གྱི་འགོ་ཁྲིད་ནི་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་གྲོས་ཚོགས་ཐོག་དམངས་གཙོའི་འདེམས་བསྐོ་བརྒྱུད་ནས་འབྱུང་དགོས། འདི་ནི་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་དང་དམིགས་བསལ་ཅི་ཡང་མེད་པའི་རྩ་དོན་ཞིག་རེད།
དེ་རིང་ངས་ཚང་མར་ཁྱབ་བརྡ་ཞིག་སྤེལ་འདོད་པ་ནི། ང་དང་སྲིད་གཞུང་བར་གྲོས་མོལ་རབ་དང་རིམ་པ་བྱས་པའི་དམིགས་ཡུལ་ནི་སྔ་ཕྱི་བར་གསུམ་དུ་རང་རྒྱལ་གྱི་ཆབ་སྲིད་ཀྱི་རྣམ་པ་རྒྱུན་ལྡན་ཅན་དུ་འགྱུར་དུ་འཇུག་རྒྱུ་དེ་ཡིན་པ་དང་། ང་ཚོས་ད་དུང་འཐབ་རྩོད་ཀྱི་གཞི་རྩའི་རེ་བའི་སྐོར་གྲོས་མོལ་བྱས་མེད།
ངས་འདིར་རྣན་གྱིས་བརྗོད་འདོད་པ་ཞིག་ནི། ཨ་ཧྥེ་རི་ཁ་པའི་རྒྱལ་དམངས་ཚོགས་ཆེན་དང་སྲིད་གཞུང་བར་དུ་གྲོས་མོལ་བྱེད་པའི་རེ་བ་འདོན་རྒྱུ་རྒྱུན་འཁྱོངས་བྱས་པ་ཕུད། ང་རང་ཉིད་ཀྱིས་རང་རྒྱལ་གྱི་མ་འོངས་པའི་གནད་དོན་སྐོར་ལ་སྲིད་གཞུང་དང་གྲོས་མོལ་བྱས་མ་མྱོང་།
གྲོས་མོལ་གྱི་འགོ་ད་དུང་རྩོམ་མི་ཐུབ་སྟེ། རང་རྒྱལ་མི་དམངས་ཀྱི་འདོད་བློ་མ་བརྩིས་པར་གྲོས་མོལ་བྱ་མི་རུང་ཞིང་མི་དམངས་ལ་གསང་ནས་བྱ་མི་རུང་། ང་ཚོའི་མོས་འདུན་ནི། རང་རྒྱལ་གྱི་མ་འོངས་པ་དེ་ཤ་མདོག་རིས་སུ་མི་གཅོད་པའི་རྨང་གཞིའི་ཐོག་དམངས་གཙོའི་འདེམས་བསྐོ་བརྒྱུད་ནས་བྱུང་བའི་ལས་ཁུངས་ཤིག་གིས་ཐག་གཅད་དགོས་པ་དེ་རེད།
རིགས་རྒྱུད་ལོགས་དགར་ལམ་ལུགས་མེད་པར་བཟོ་བའི་གནད་དོན་ལ་གྲོས་མོལ་བྱེད་དུས། རང་རྒྱལ་མི་དམངས་ཀྱི་ཅི་བས་གལ་ཆེ་བའི་རེ་བར་ངེས་པར་དུ་དོ་སྣང་བྱ་དགོས་པ་སྟེ། དམངས་གཙོ་དང་། ཤ་མདོག་རིས་སུ་མ་ཆད་པ། གོང་བུ་གཅིག་གྱུར་གྱི་ཨ་ཧྥེ་རི་ཁ་ལྷོ་མ་ཞིག་འཛུགས་དགོས་པ་དང་། མི་རྒྱུད་དཀར་པོས་སྲིད་དབང་མཐའ་དག་བདག་གིར་འཛིན་པའི་གནས་ཚུལ་ངེས་པར་དུ་མཇུག་བསྒྲིལ་དགོས།
ད་དུང་རིགས་རྒྱུད་ལོགས་དགར་ལམ་ལུགས་ཀྱིས་བཟོས་པའི་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་པ་དང་། ང་ཚོའི་སྤྱི་ཚོགས་རྩ་བ་ནས་དམངས་གཙོ་ཅན་དུ་འགྱུར་བར་ཁག་ཐེག་བྱེད་ཆེད། ངེས་པར་དུ་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་ལམ་ལུགས་རྩ་བའི་ཆ་ནས་ལེགས་བཅོས་བྱ་དགོས།
ང་ཚོའི་འཐབ་རྩོད་ད་ལྟ་ཐག་གཅོད་རང་བཞིན་གྱི་དུས་ལ་སླེབས་ཟིན། དམངས་གཙོའི་འཕེལ་རིམ་དེ་མགྱོགས་ཤིང་རྒྱུན་མི་ཆད་པར་འཕེལ་རྒྱས་ཡོང་བའི་ཆེད་དུ། ང་ཚོས་གོ་སྐབས་འདི་མི་འཆོར་བར་འཛིན་དགོས་ཞེས་མི་དམངས་ལ་འབོད་སྐུལ་བཏང་བ་ཡིན། ང་ཚོས་རང་དབང་ལ་བསྒུགས་ཡུན་རིང་དྲགས་ཡོད། ང་ཚོས་ད་ནས་བསྒུག་རྒྱུ་མིན་ཞིང་ད་ནི་འཐབ་ཕྱོགས་སོ་སོའི་ཐོག་ཏུ་འཐབ་རྩོད་ལ་ཤུགས་རྒྱག་པའི་དུས་སྐབས་རེད།
ད་ལྟ་འབད་བརྩོན་བྱེད་མཚམས་བཞག་ཚེ་དེ་ནི་ནོར་འཛོལ་ཆེན་པོ་ཞིག་ཡིན་པ་དང་ང་ཚོའི་བུ་རབས་ཚ་རྒྱུད་ཀྱིས་ནོར་འཛོལ་དེར་གུ་ཡངས་གཏོང་མི་སྲིད། གནམ་ས་འབྲེལ་མཚམས་ན་འཕགས་པའི་རང་དབང་གི་ལྟད་མོ་ངོ་མཚར་ཅན་དེས་ང་ཚོས་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་པར་སྐུལ་མ་གཏོང་འོས། སྒྲིག་ལམ་ཡོད་པའི་མང་ཚོགས་ཀྱི་ལས་འགུལ་སྤེལ་ཚེ་རྒྱལ་ཁར་ད་གཟོད་འགན་ལེན་ཡོང་ཐུབ།
ང་ཚོས་མི་རྒྱུད་དཀར་པོའི་སྤུན་ཟླ་ཡང་ང་ཚོའི་རུ་གྲལ་དུ་ཞུགས་ཏེ་ཐུན་མོང་ཐོག་ཨ་ཧྥེ་རི་ཁ་ལྷོ་མ་གསར་པ་ཞིག་བསྐྲུན་རྒྱུའི་འབོད་སྐུལ་བཏང་བ་ཡིན། རང་དབང་ལས་འགུལ་ནི་ཁྱོད་ཚོའི་ཆབ་སྲིད་ཀྱི་ལོག་མལ་ཡང་ཡིན། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་མུས་བཞིན་བྱ་སྤྱོད་སྤེལ་ཏེ་རིགས་རྒྱུད་ལོགས་དགར་ལམ་ལུགས་ལག་ལེན་དུ་བསྟར་བའི་སྲིད་གཞུང་འདི་ཁེར་རྐྱང་དུ་ལུས་སུ་འཇུག་རྒྱུའི་འབོད་སྐུལ་བཏང་བ་ཡིན།
གལ་ཏེ་སྲིད་གཞུང་འདིར་བཀག་སྡོམ་བྱེད་མཚམས་སྐབས་འདིར་བཞག་ཚེ། རིགས་རྒྱུད་ལོགས་དགར་ལམ་ལུགས་རྩ་བ་ནས་མེད་པར་བཟོ་བའི་འཕེལ་རིམ་གྱི་རྒྱུན་འཆད་པའི་ཉེན་ཁ་ཡོད། ང་ཚོ་རང་དབང་གི་ཕྱོགས་ལ་སྐྱོད་རྒྱུ་ཟློག་ཐབས་བྲལ། ང་ཚོས་འཇིགས་སྣང་གིས་ང་ཚོའི་བགྲོད་ལམ་འགོག་ཏུ་འཇུག་མི་འོས།
གཅིག་གྱུར་དང་། དམངས་གཙོ་དང་། ཤ་མདོག་རིས་སུ་མ་ཆད་པའི་ཨ་ཧྥེ་རི་ཁ་ལྷོ་མར་ཡོངས་ཁྱབ་འདེམས་བསྐོ་བྱ་རྒྱུ་དེ་ནི་ཞི་བདེ་དང་རིགས་རྒྱུད་འཆམ་མཐུན་ཡོང་བའི་ཡངས་པའི་བགྲོད་ལམ་ཉག་གཅིག་ཡིན།
མཇུག་མཐར། 1964 ལོར་བདག་ལ་འདྲི་རྩད་བྱེད་དུས་ཁོ་བོས་བཤད་པའི་སྐད་ཆ་ཞིག་ཕྱིར་དྲན་བྱ་འདོད་བྱུང་། སྐད་ཆ་དེ་དག་སྐབས་དེ་དང་ད་ལྟ་གང་ཡིན་ཡང་ནོར་བ་སྤུ་ཙམ་ཡང་མེད། ཁོ་བོས་བརྗོད་དོན། བདག་གིས་རིགས་རྒྱུད་དཀར་པོའི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་ལ། མི་རྒྱུད་ནག་པོའི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་ཆེད་དུའང་འཐབ་རྩོད་བྱེད་ཀྱི་ཡོད།
བདག་གིས་དམངས་གཙོ་དང་རང་དབང་ལྡན་པའི་སྤྱི་ཚོགས་ཀྱི་ཕུགས་བསམ་སྟེ་སྤྱི་ཚོགས་འདིའི་སྐྱེ་བོ་ཚང་མ་འཆམ་མཐུན་ངང་གནས་ཤིང་གོ་སྐབས་འདྲ་མཉམ་ཡོད་པ་སོགས་གཙིགས་ཆེར་འཛིན་གྱི་ཡོད། བདག་གིས་རང་ཉིད་ཕུགས་བསམ་འདིའི་ཆེད་དུ་འཚོ་བ་དང་ཕུགས་བསམ་འདི་འགྲུབ་པར་རེ་བ་བཅངས་ཡོད་མོད། དགོས་པ་ཡོད་ཚེ་ང་རང་ཕུགས་བསམ་དེའི་ཆེད་དུ་འཆི་རྒྱུར་ཡང་སྟ་གོན་བྱས་ཡོད།།

·གསར་འགྱུར་གོང་མ:དམངས་གཙོ།
·གསར་འགྱུར་འོག་མ:རིག་སྔཊ་གྲུབ་པའི་རྣལ་འབྱོར་པ་ཞིག་ལ་མཇལ་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བདག་ལ་རེ་བའི་རྨི་ལམ་ཞིག་ཡོད། 2013/6/23 12:25:52
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:02:39 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:31:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:49:31 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS