ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
གསར་འགྱུར་ཀློག་པ།

བོད་པ་རྣམས་ཅིའི་ཕྱིར་དབུལ་ཕོངས་རེད།

[རྩོམ་པ་པོ:བོད་པ་རྣམས་ཅིའི་ཕྱིར་དབུལ་ཕོངས་རེད།  ཡོང་ཁུངས:གླིང་སྲས།  དུས་ཚོད:2013/7/7 20:06:50  བཀླགས་ཐེངས:1162][ཡིག་གཟུགས:ཡིག་གཟུགས་མདོག]

བོད་པ་རྣམས་ཅིའི་ཕྱིར་དབུལ་ཕོངས་རེད།

ཤེས་རབ་ཡེ་ཤེས།

བོད་པ་རྣམས་ཅིའི་ཕྱིར་དབུལ་ཕོངས་རེད།

མི་རིགས་ཤིག་དང་སྐྱེས་བུ་གང་སུ་དག་སྒེར་ཚུགས་ཅན་དུ་འགྱུར་བ་ལ། རིག་གནས་དང་དཔལ་འབྱོར་གྱི་གཤོག་སྒྲོ་མེད་ན། དུས་རབས་ཀྱི་གནམ་འཕངས་གཅོད་པར་ཤིན་ཏུ་དཀའ་སྟེ། རིག་གནས་ཀྱི་སྐྱ་ཡ་དཔལ་འབྱོར་འཚོལ་སྒྲུབ་མ་བྱས་ན། མི་རིགས་དེ་དང་། གང་ཟག་དེ་གཞན་གྱི་བྲན་གཡོག་ཏུ་ཚུད་སླ། ཤེས་རིག་ཡོན་ཏན་ནི་ལང་ཚོ་ཞིག་ཡིན་པའི་དབང་དུ་བྱས་ན། དཔལ་འབྱོར་ནི་ལང་ཚོའི་གཟི་མདངས་རྒྱས་བྱེད་ཀྱི་མཛེས་རྒྱན་ལྟ་བུ་ཞིག་རེད། གང་ཟག་ཅིག་ལ་ཡོན་ཏན་གྱི་ལང་ཚོ་ཇི་ལྟར་ལྡན་རུང་དཔལ་འབྱོར་གྱིས་དབུལ་བོ་དབུལ་རྐྱང་ཡིན་ན།  གང་ཟག་དེའི་རང་ནུས་རྩལ་འདོད་བྱེད་སའི་ཁོར་ཡུག་མེད་པའི་ང་ཚོའི་མི་རིགས་དང་། ང་ཚོ་གང་དུ་ཚུད་པའི་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་ཤེས་ཡོན་པས་རང་ཁ་རང་གསོའི་ལམ་ལ་འབད་རྒྱུ་ཤེས་ཡོན་པའི་རང་ཚུགས་ཀྱི་སྲོག་ཤིང་ཡིན། གཞན་གྱིས་བཤད་པ་ལྟར་ཕན་བདེ་ལེགས་ཚོགས་ཀྱི་རྩ་བ་ལོངས་སྤྱོད་ཀྱིས་བསྐྲུན་པ་ཡིན་ཡང་མི་ཟེར་། སྡུག་བསྡལ་གྱི་རྩ་བ་ལོངས་སྤྱོད་རེད་ཟེར་ནས་ཁ་ཤོམ་བཤད་མཁན་གྱི་གྲལ་ཡང་མིན་ལ།  འོན་ཀྱང་ལོངས་སྤྱོད་ཟེར་བ་མིའི་རིགས་ལ་བདེ་བ་སྐྲུན་བྱེད་ཅིག་ཡིན་པའི་སྟེང་ནས། འུ་ཅག་བོད་པ་ཚང་ཡང་དབུལ་ཕོངས་ཀྱི་མལ་ནས་ལངས་ཏེ། འབྱོར་ལྡན་སྤྱི་ཚོགས་ཀྱི་ཐར་ལམ་དུ་བགྲོད་རྒྱུ་ང་ཚོའི་བསྒྲུབ་བྱའི་ལས་དོན་ཡིན་པ་བརྗོད་པར་འདོད། དེ་ལྟ་ན་ཡང་། ཁ་བ་གངས་ཅན་གྱི་མི་རིགས་འདི་རྒྱ་ནག་གི་མཚོན་པའི་མི་རིགས་གཞན་ལ་ལྟོས་ན། ཚོང་ལས་ཀྱི་ཤེས་བྱས་དབུལ་རྐྱང་ཡིན་པའི་མི་རིགས་ཤིག་རེད། རྒྱ་ནག་གི་ཚོང་བ་རྣམས་ཀྱིས་ཉིན་གཅིག་ལ་ཡོང་སྒོ་ཆེན་པོ་ཞིག་ལ་མི་བསམ་པར། ཚེ་གཅིག་གི་ཡོང་སྒོ་ཆེན་པོ་ཞིག་གི་ཕུགས་བསམ་སྔོན་དུ་བཞག་སྟེ། མུ་ནས་མུ་རུ་ཚོང་ལས་རྒྱུན་འཁྱོངས་བྱེད་རྒྱུ་དེ། རྒྱ་ནག་གི་ཚོང་ལས་བྱེད་མཁན་ཚོའི་མིའི་གཤིས་ཀ་རེད། བོད་ཀྱི་ཚོང་ལས་རྣམས་དེ་ལས་ལྡོག་སྟེ་ཉིན་གཅིག་ལ་ཡོང་སྒོ་ཆེན་པོ་ཞིག་མ་རག་ན། ཚེ་གཅིག་གི་ཡོང་སྒོ་བརླག་པར་བྱེད་པའི་ཚོང་ལས་ཀྱི་གཤིས་ཀ་ཡོད་པའི་མི་རིགས་ཤིག་རེད། དཔེར་ན། དེང་སྐབས་རྗོང་ཁུལ་གྱི་བར་མཚམས་རེ་ན་བོད་ཀྱི་ཟ་ཁང་དང་། ཇ་ཁང་། ཚོང་ཁང་རེ་ད་ལོ་མཐོང་རྒྱུ་འདུག་ནའང་། སང་ཕོད་ཟེར་དུས། རྒྱ་རིགས་ཤིག་གིས་བཟུང་ནས་བསྡད་ཡོད་པ་དེ་གཅིག་པོའི་སྟེང་ནས་ཀྱང་།  མི་རིགས་གཉིས་ཀྱི་རིག་གནས་སྙིང་སྟོབས་མཚོན་ཡོད། གཞན་ཡང་བོད་ཀྱི་ཚོང་ལས་སྣང་ཚུལ་དང་འདྲ་བའི་གཏམ་རྒྱུད་ཅིག་བཤད་ན།  དབྱིན་ཇི་བ་དང་། ཡ་ཧུ་དྰ་པ་ཞིག་མཉམ་དུ་ལས་ཀ་འཚོལ་དུ་ཕྱིན་པའི་ལམ་ཁ་དེར་སྒོར་གཅིག་ཡོད་པ་མཉམ་དུ་མཐོང་སྐབས། དབྱིན་ཇི་བས་ཆུང་ལྟ་སྒོས་མིག་བལྟས་ཙམ་ཡང་མ་བྱས་པར་ཕྱིན་སོང་། ཡ་ཧུ་དྰ་པས་དགའ་བ་དང་བཅས་སྒོར་མོ་ས་ནས་བླངས། དེ་ནས། ཁོང་གཉིས་ཚོང་ཁང་ཞིག་ཏུ་སོང་། ཚོང་ཁང་དུ་ལས་ཀ་ཧ་ཅང་ཚག་ཆེ་ཞིང་། གླ་ཕོགས་ཆུང་བས། དབྱིན་ཇི་བས་སྣང་དོགས་ཙམ་ཡང་མེད་པར་སོང་། ཡ་ཧུ་དྰ་པས་དགའ་སྤྲོ་ངང་ལས་ཀར་ཞུགས། ལོ་གཉིས་ཀྱི་རྗེས། ཁོང་གཉིས་སྲང་ལམ་ཞིག་ནས་འཕྲད། ཡ་ཧུ་དྰ་པ་དེ་ཚོང་ཁང་ཞིག་གི་བདག་པོར་གྱུར་འདུག་ལ། དབྱིན་ཇི་བས་ད་དུང་ལས་ཀ་འཚོལ་བཞིན་ཡོད། ཅེས་པའི་དངོས་བྱུང་གཏམ་རྒྱུད་འདི་ནང་གི་དབྱིན་ཇི་བ་ལྟར། བོད་ནི་སྒོར་མོ་གཅིག་ལ་སྣང་དོགས་ཙམ་ཡང་མི་བྱེད་པ། ལས་ཀ་དཀའ་མོ་ལས་མི་འདོད་ཅིང་། འབད་རྩོལ་ཅི་ཡང་མི་དགོས་པར་སྒོར་མོ་རི་བོ་འདྲ་ཞིག་ལག་ཏུ་ལོན་པར་ཡིད་ནས་སྨོན་ཞིང་ཅུང་ཟད་རེ་ལག་ཏུ་ཐོབ་ན་ཚིམ་སླ་བ། སྒོར་མོ་ལ་སྙིང་བོའི་དབེན་པའི་འུར་འདྲོགས་བྱེད་སྔ་ནས་མི་རིགས་འདི་ལ། དཔལ་འབྱོར་གྱི་སྟེང་ནས་ཡར་རྒྱས་སུ་འགྲོ་རྒྱུ་ཞིག་ཡོད་དམ།
·གསར་འགྱུར་གོང་མ:དགེ་རྒན་གྱི་སློབ་གསོ།༤
·གསར་འགྱུར་འོག་མ:ཀིརྟི་དགོན་ནས་དམངས་གཙོའི་འཛིན་སྐྱོང་འབྱུང་བར་སྨོན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་རིགས་ཀྱི་ཚོང་ལས་གནས་བབས། 2014/7/20 13:36:59
·འབྲོག་མོ་ཞིག་གི་མི་ཚེའི་སྦྱོང་བརྡར། 2010/11/27 19:16:28
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:44:57 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:01:04 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 1:59:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS