ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

མཐུན་པ་སྤུན་བཞིའི་གཏམ་མཐུན་ལམ་སྣང་བྱེད།

[རྩོམ་པ་པོ:སྨིན་དབུས་པོ།  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2013/7/12 10:45:59  བཀླགས་ཐེངས:1094][ཡིག་གཟུགས:ཡིག་གཟུགས་མདོག]
མཐུན་པ་སྤུན་བཞིའི་གཏམ་མཐུན་ལམ་སྣང་བར་བྱེད་པའི་གློག་འོད།
དྲན་པ་ཡིས་ཀྱང་སྲིད་གསུམ་ནང་གི་སྨག། མཐར་བྱེད་ཐབས་དང་ཐུགས་རྗེའི་བསིལ་འོད་ཀྱིས། ། ལྷ་མིའི་སྙིང་གི་ཀུན་ད་འབྱེད་པའི་གཉེན། ། སྟོན་མཆོག་ཟླ་བའི་རྒྱལ་པོ་གཙུག་ན་རྒྱལ། ། འཇིགས་མེད་ཡེ་ཤེས་མེ་ལྕེ་རབ་འབར་བའི། ། ཕུན་ཚོགས་ཤེས་རབ་རལ་གྲིའི་འཕྲུལ་འཁོར་ཅན། ། དཔལ་གྱི་འབྱུང་གནས་སྨྲ་བའི་སེང་ཆེན་ལྷས། ། དེང་འདིར་ཤིས་པའི་སྣང་བ་དཀར་པོ་སྩོལ། ། མཚན་དཔེ་གློག་གི་ཞགས་པའི་འཕྲུལ་ཐབས་ཀྱིས། ། ཀུན་ཡིད་བརྟན་པ་འཕྲོག་པའི་ལྕགས་ཀྱུ་ཅན། ། དབྱངས་ཅན་ཚངས་པའི་བུ་མོ་ལུས་དཀར་མ། ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་དུ་མཆོད། ། འདི་ན་སྔོན་ཚེ་དྲང་སྲོང་ལྷུང་བའི་རིར། ། གནས་བཅས་མཐུན་ལམ་ལེགས་བྱས་དཀར་པོའི་སྲོལ། ། གསལ་བྱེད་རི་སྐྱེས་བྱང་སེམས་རྣམ་བཞིའི་གཏམ། ། སྡེབ་ལེགས་ཚིག་གི་ལམ་ནས་སྤེལ་ལ་སྤྲོ། ། གང་ཞིག་ལྷོ་གླིང་འཛིན་མའི་ལྟེ་བ་རུ། ། རླབས་ཆེན་ལེགས་བྱས་སྟོང་གིས་མཚམས་སྦྱོར་གྱིས། ། ལུགས་གཉིས་བདག་གིར་བཞེས་པ་མིའི་དབང་བོ། ། ཚངས་བྱིན་ཞེས་བྱའི་མཚན་གྱི་གྲགས་དཀར་འབར། ། རྗེ་རྒྱལ་གང་དེའི་ཆབ་འོག་ག་ལ་བར། ། དྲང་སྲོང་ལྷུང་བའི་རི་དྭགས་ནགས་ཚལ་ཞེས། ། དབེན་གསུམ་ཡོན་ཏན་རྫོགས་པའི་དགེ་མཚན་གྱིས། ། བསམ་གཏན་པ་དག་འགུགས་པའི་དགའ་ཚལ་ཡོད། ། དེ་ནི་མརྒད་ཁུ་བས་ལན་བརྒྱ་རུ། ། བྱུགས་པའི་མདངས་ལྡན་ལོ་འབྲས་ཁུར་ལྕི་བའི། ། ནྱ་གྲོ་དྷ་དང་ཨ་མྲའི་ལྗོན་ཤིང་སོགས། ། ས་བརྟོལ་རྗེས་སུ་འགྲོ་བའི་ཕྱོགས་མཚམས་གང་། ། ལྗང་མཉེན་ནེ་ཙོའི་གཤོག་པ་བརྐྱངས་འདྲ་བའི། ། ཡལ་འདབ་རྣམས་སུ་གཉེར་མའི་གདོང་ཅན་དང་། ། ཁུ་བྱུག་འཇོལ་མོ་ཀ་ལ་པངྐ་སོགས། །ཕན་ཚུན་གླུ་དང་གར་གྱི་ཟོལ་དུ་རྩེན། ། ཆར་སྤྲིན་རབ་ཏུ་འཁྲིགས་པའི་མཚན་མོ་ལྟར། ། མུན་པ་འཐིབས་པའི་ནགས་ཀློང་སྟུག་པོའི་སར། ། མཆེ་བ་ཁྲག་གིས་སྦག་པའི་གཅན་གཟན་གྱིས། ། འཇིགས་སྟེར་སྐད་ཀྱི་ང་རོའང་སྐབས་འགར་སྒྲོག། ཆུ་ཁུར་དར་གྱི་སྟོད་གཡོགས་ལ་དགྱེས་ཤིང་། ། མཁའ་འགྲོའི་ཚོགས་ཀྱང་ངལ་བྱེད་རི་དངོས་ནས། ། འཆི་མེད་བདུད་རྩིར་སྲེད་པ་ལྷོད་བྱེད་པའི། ། རྙོག་བྲལ་ཆུ་ཕྲན་ཤོད་དུ་གྱ་གྱུར་འབབ། ། ཡན་ལག་བརྒྱད་ཀྱི་རླབས་ཕྲེང་གཡོ་བའི་རྩེར། ། ལྦུ་བའི་མེ་ཏོག་འཛུམ་དཀར་གཡོ་ལྡན་པའི། ། དབང་སྔོན་ལང་ཚོའི་མཆེད་གྱུར་མཚོ་རྫིང་ཁར། ། ངང་ངུར་མགྲིན་པའི་རྫ་རྔ་བར་མེད་འཁྲོལ། ། རྨ་བྱའི་མགྲིན་དང་བྱེ་བྲག་མ་མཆིས་པའི། ། ནེའུ་གསིང་ཆུ་སྐྱེས་སྣ་ལྔའི་ཕྲ་རྒྱན་གྱི། ། སྒེག་ལྡན་ཚལ་དུ་རྒྱུ་བའི་རི་སྐྱེས་ཚོགས། ། བག་ཡངས་ལྷོད་པོར་རྩེད་དགའི་དཔལ་ལ་རོལ། ། རྣམ་བཀྲའི་མདོངས་ལྡན་ཕྱེ་ལེབ་སྒེག་མོ་དང་། ། ཤེལ་གྱི་འདབ་ཅན་ར་ཡིག་གཉིས་པ་དག། བསམ་གཏན་པ་ལ་སྲི་ཞུར་བརྩོན་པ་བཞིན། ། འདབ་ལྡན་དོག་པ་གཞིབས་ལ་ཅི་ཡང་བྲེལ། ། དེ་ན་སྲིད་འབྱོར་དོར་བའི་བརྡ་རྟགས་སུ། ། རྩྭ་དང་ལོ་མའི་སྤྱིལ་ཆུང་ཉམས་དགའ་བར། ། ཏིང་འཛིན་སྟོབས་ཀྱིས་འཚོ་བའི་དྲང་བོར་སྲོང་། ། ཀུན་ཏུ་ལེགས་ཉེས་རྟོག་ལ་མཉམ་པར་གཞོལ། ། སྲིད་ན་ཆེ་དགུའི་མཐུ་དཔལ་ཕྱོགས་གཅིག་ཏུ། ། ཡོངས་སུ་སྤུངས་ཀྱང་རིག་པ་འཛིན་པ་དེའི། ། གསང་གསུམ་ཡོན་ཏན་ཕྲ་མོའི་ཆ་རེར་ཡང་། ། འགྲན་པའི་ཟླ་ནི་ལྷ་ལམ་པདྨའི་སྤུན། །གང་གི་མཐུ་དང་བྱིན་རླབས་གསེར་སྦྱང་གིས། ། ཚལ་དེར་གནས་པའི་སྲོག་ཆགས་ཕལ་མོ་ཆེ། ། གཅིག་ལ་གཅིག་འཚེའི་རང་བཞིན་ལྕགས་ཀྱི་ཁམས། ། མཛའ་མཐུན་རྩི་ཡིས་མ་ཐེབས་འགའ་མ་མཆིས། ། ལྷག་པར་ལྗོངས་དེའི་དབུས་ན་ནྱ་གྲོ་དྷ། ། ལོ་མ་མེ་ཏོག་འབྲས་བུ་གཡུར་ཟ་བའི། ། ཁོ་ལག་ཕྱོགས་སུ་རྫོགས་ནས་ལོ་ཡི་གྲངས། ། མང་ཞིག་འདས་པའི་ཡོངས་འདུ་གཉིས་པ་སྲིད། ། ལྗོན་བཟང་ཡལ་གའི་གདུགས་དཀར་བསིལ་ཟེར་ལ། ། ཉེ་བར་བརྟེན་དང་དེ་ཡི་ལོ་འབྲས་ཀྱིས། ། ཀུན་ཏུ་འཚོ་བའི་རྣམ་པ་རི་སྐྱེས་བཞིའི། ། ནང་གི་ཡོན་ཏན་རྫོགས་པའི་ངོ་མཚར་རྨད། ། རང་བཞིན་མི་བརྟན་ཅ་ཅོ་སྒྲོག་དགའ་བའི། ། འདབ་ཆགས་སྤྱི་ཡི་ཉེས་པས་མ་རེག་ཅིང་། ། བག་ཡོད་སྤྱོད་པའི་མཛེས་སྡུག་སྒྲོ་སྤུ་ཡི། ། གོས་བཟང་བཀླུབས་པའི་གཉིས་སྐྱེས་གོང་མ་སྲེག། ། ཕྱི་ཡི་གཟུགས་སྟོབས་བག་ལ་ཞ་ན་ཡང་། ། ནང་གི་གཡོ་སྒྱུ་མཚོན་ཆ་རབ་འབར་བའི། ། རིགས་མཐུན་ཁྲོད་ནས་བཟང་པོའི་རྣམ་ཐར་ཅན། ། བློ་ལྡན་རི་བོང་བྱང་ཆུབ་སེམས་དཔའི་འཕྲུལ། ། བག་ཡོད་ཁྲིམས་ཀྱི་ར་བར་མ་ཆུད་ཅིང་། ། ངན་གོམས་བྱ་བྱེད་མང་བའི་གཉེར་གདོང་གི། རིགས་སུ་གནས་ཀྱང་དེ་ལས་རིང་འདས་པའི། ། སྤྱོད་པ་ཕུལ་ཏུ་ཕྱིན་པ་སྤྲེའུའི་རྒྱལ། ། ནང་གི་བློ་གྲོས་ཕྲ་ལ་མི་སེམས་པར། ། ཕྱི་རོལ་གདོས་བཅས་རགས་པས་ཁེངས་པ་ཡིས། ། མྱོས་པའི་དྲི་འཛིན་ཞགས་འཕེན་གཉིས་འཐུང་ཁྱུའི། ། སྐྱོན་བྲལ་ཞི་བའི་དཔལ་ལྡན་གླང་པོ་ཆེ། ། དེ་བཞི་རང་ནས་མཁོན་དང་འཚེ་མེད་པར། ། ཕན་ཚུན་མཐུན་པའི་ལམ་ལས་མ་འདས་ཤིང་། ། ནམ་ཞིག་ལྷག་པར་དམ་པའི་བྱིན་མཐུ་ཡིས། ། ལེགས་པའི་ལམ་གྱི་འདུན་པ་འདི་ལྟར་བགྲོས། ། རང་ཅག་རིགས་དང་རུས་ནི་ཐ་དད་ཀྱང་། ། ལས་ཀྱིས་ལྗོན་བཟང་འདི་ཡི་བསིལ་གྲིབ་འོག། མཛའ་དང་བརྩེ་བའི་རང་བཞིན་མི་ཤིགས་པའི། ། སྤུན་གྱི་སྐལ་བ་ཐོབ་འདིར་གློ་བ་སིམ། ། སླད་མར་ཡང་ནི་ལེགས་པའི་ཡོན་ཏན་ལ། ། དང་བའི་ཡིད་ཀྱིས་མངོན་པར་ཕྱོགས་པ་དང་། ། ཀུན་ལ་འཚམ་པའི་སྲོལ་བཟང་རྨ་མེད་པའི། ། མུ་ཏིག་རྒྱན་ཆ་འཛིན་ལ་སྤྲོ་ཞེས་གླེང་། ། མཐར་གྱི་ཡང་སྙིང་གཞོན་པས་བཀུར་བཟོ་ཡིས། ། རྒན་པ་གཙུག་གི་རྒྱན་དུ་བརྟེན་པ་དང་། ། གོང་མས་གཞོན་ལ་བུ་བཞིན་བརྩེ་བའི་ལུགས། ། ལེགས་པར་སྐྱོང་ཞེས་ལས་ལ་གཅིག་ཏུ་བྲེལ། ། དེ་ཚེ་སྔོན་སྐྱེས་རྟོགས་ལ་ཅུང་དུབ་མཐར། ། བློ་གྲོས་ཅན་དག་ཡིད་ལ་ལྷན་ཅིག་ཏུ། ། ལྗོན་པའི་ཕུལ་འདི་ཐོག་མར་འདྲེན་བྱེད་ཀྱི། ། ཡུལ་གྱུར་ཚད་ཀྱིས་ན་རིམ་འབྱེད་ཐབས་གསལ། ། ཐོག་མར་མཁའ་ཡི་སྤྲིན་དཀར་དུམ་བུ་ཞིག། ཚལ་དེར་བབས་པ་ཇི་བཞིན་ལག་ལྡན་དེས། །ལྗོན་འདི་བདག་གིས་ཐོག་མར་མཐོང་གྱུར་དུས། ། རང་གི་དཔངས་དང་མཉམ་ཞེས་གསོང་བོར་བརྗོད། ། དེ་བཞིན་ཆུ་འཛིན་དབུས་ཀྱི་བདེ་འཐུང་གི། འཁྱུག་རྩལ་ཆེད་དུ་སྦྱངས་འདྲའི་དམར་སེར་ཅན། ། ཡལ་གའི་རི་དྭགས་མཆོག་དེས་ཁོ་བོས་འདི། ། དང་པོ་མཐོང་དུས་བདག་ལུས་ཚད་འདྲ་ཟེར། ། ཏིང་འཛིན་མཁན་གྱི་པིར་རྩེས་གཟུགས་རིས་ལྟར། ། ཡིད་འོང་དུང་མདོག་རི་བོང་བློ་ལྡན་གྱིས། ། བསམ་འཕེལ་མཆོག་འདི་སྨིན་ཚོད་ན་ཕྲའི་སྐབས། ། འབྲས་བཟང་བདག་གིས་ལོངས་སུ་སྤྱད་མྱོང་སྨྲས། ། ཡིད་འཕྲོག་མཛེས་སྡུག་སྤུ་ལྡན་འདབ་ཆགས་དེས། ། ལྗོན་འདིའི་ས་བོན་འཛིན་མའི་མངལ་སྦྲུམ་ཚེ། ། བདག་བྲུན་ལུད་བཟང་བདུད་རྩིས་ལན་མང་དུ། ། གསོས་པས་མྱུ་གུ་འབུས་ཞེས་ལེགས་པར་བསྙད། ། དེ་སྐད་སོ་སོའི་མགྲིན་གཡས་འཁྱིལ་གྱི། ། དུང་གི་སྒྲ་ལས་ཐོན་པའི་བདེན་ཚིག་གིས། ། སྔ་ཕྱིར་སྐྱེས་པའི་རྒན་གཞོན་མུ་ཏིག་ཕྲེང་། ། ཡོངས་སུ་བསྟར་བའི་དགེ་ལེགས་འཛུམ་པར་གྱུར། ། དེ་དང་ལྷན་ཅིག་སོ་སོའི་སེམས་ཀྱི་ཁམས། ། གཙུག་སྒྲོ་ཅན་གྱིས་དབྱར་རྔའི་དཔལ་ཐོས་ལྟར། ། དགའ་སྤྲོ་རབ་ཏུ་རྒྱས་པའི་འདུ་འགོད་བཅས། ། དགེ་བའི་འདུན་པ་དང་དུ་འདི་ལྟར་བླངས། ། སྟོབས་ལྡན་གླང་བོས་རྩལ་ལྡན་སྤྲེའུ་བཞིན། ། དེ་ཡིས་བློ་ལྡན་རི་བོང་གཞོན་ནུ་བཞིན། ། དེས་ཀྱང་འདབ་ལྡན་ལྷ་བྱ་གོང་མ་སྲེག། བཀུར་སྟིས་ཕྲག་ཏུ་བཀོད་པའི་ཆོ་ག་རྫོགས། ། ལྕགས་ཀྱུས་མ་བཏུལ་རྙི་ཡིས་མ་བཟུང་ཞིང་། ། གཡོ་དང་སྟོབས་ཀྱིས་བྲན་དུ་བཀོལ་མིན་པར། ། གཅིག་གིས་གཅིག་ཉིད་ཁུར་བའི་ངོ་མཚར་འདིས། ། རྨད་བྱུང་རྣམ་ཐར་བཟང་པོའི་སྒོ་གླེགས་ཕྱེས། ། གང་གི་ཚེ་ན་བླ་མར་བཀུར་བ་ཡི། ། བྱ་ཡི་དབང་པོ་གོང་མ་སྲེག་པ་དེས། ། རང་ཅག་མཛའ་མཐུན་གཅིག་པུས་འཚེངས་མིན་ཕྱིར། ། ཞི་དུལ་བསླབ་པའི་གནས་ལའང་བརྩོན་རིགས་སྨྲས། ། དམ་པའི་རང་རྟགས་ཆུ་འཛིན་བང་མཛོད་ནས། ། ལེགས་བཤད་དབྱར་གྱི་རོལ་མོ་འཁྲོལ་དང་ལྷན། ། གྲོགས་དག་མདོངས་མཐའི་བུ་མོ་རབ་དགའ་སྟེ། ། ཞི་དུལ་སྒྲོ་གདུགས་ཕུབ་པའི་གར་ལ་བྲེལ། ། མགོ་བོ་དུད་དེ་འགྲོ་བ་ཚུལ་ཙམ་ལས། ། དོན་དུ་སྒོ་གསུམ་ཉེས་སྤྱོད་རབ་བསྡམས་ཏེ། ། གཞན་ཕན་ཡང་དག་འཕགས་པའི་ལམ་བཟང་པོར། ། བསླབས་པའི་ཚུལ་དེ་ཨེ་མ་བསྔགས་བྱའི་གནས། ། དེ་ལྟའི་མཛད་བཟང་སྐྱ་རེངས་འཕྲུལ་འཁོར་གྱིས། ། ལེགས་བསུས་མཐུན་དང་དུལ་བའི་ཉིན་བྱེད་གཟིས། ། ལྗོངས་དེའི་སྲོག་ཆགས་ཕན་ཚུན་འཚེ་བའི་མུན། ། བསལ་བར་བྱས་ནས་ཞི་བདེའི་འོད་སྟོང་སྦར། ། གང་ཚེ་འཆི་མེད་ལྷས་ཀྱང་ཤིས་ཚིག་ཨུཏྤལ་སྔོན་པོའི་ཕྲེང་། ། རྒྱུད་མངས་སྒྲ་དང་བསྡེབས་ཏེ་བརྗོད་པའི་དབྱངས། ། མཁའ་ན་དབྱར་རྔའི་ཟོལ་གྱིས་དུས་སུ་སྙན། ། འདི་ཀོ་བྱང་ཆུབ་སེམས་དཔའི་སློབ་ལམ་དུས། ། ཕུལ་བྱུང་མཛད་བཟང་སྤོས་དཀར་ལ་ཟོས་པའི། ། དགེ་ལེགས་སྒྲེགས་པའི་དྲི་བསུང་ཡིན་པའི་ཕྱིར། ། ས་སྟེང་སྐྱེ་འགྲོའི་ཡིད་ལ་ཀུན་ཏུ་མཛའ། ། སྔོན་བྱུང་བདེན་གཏམ་འཆི་མེད་བང་མཛོད་ནས། ། སྤྱི་མཐུན་ཞི་བ་མཚོན་པའི་དན་རྟགས་སུ། ། ལྷུན་གྲུབ་མཐུན་བཞིའི་རྣམ་ཐར་གསེར་གྱི་རྒྱན། ། བློ་ལྡན་རྣ་བར་དཔྱངས་པ་ལན་གཅིག་མིན། ། དེང་ཡང་གང་བཞིའི་སྤྱོད་བཟང་སྐྱོང་བའི་མགོན། ། འཚེ་མེད་ཞི་བ་དམ་པའི་དེད་དཔོན་གྱི། ། རྗེས་སུ་གོམ་པའི་འདེགས་འཇོག་མོས་པ་དེས། ། གངས་ལྗོངས་གཡུ་འདབས་ཞི་བའི་གྲོང་ཁྱེར་ནས། ། འཇིག་རྟེན་ཤིས་པར་གྱུར་པའི་དཔལ་གཅིག་པུ། ། མཐུན་ལམ་ཞི་བའི་གར་སྟེགས་ལ་རྩེན་པའི། ། སྤུན་བཞིའི་གཏམ་ལས་ཉུང་ཙམ་སྨྲས་པ་འདིས། ། འཛམ་གླིང་ཞི་བདེའི་སྣང་བ་སླར་འབར་སྨོན། །
སྨིན་དབུས་སྤྲང་པོ་དེས་སྨྲས།
·གསར་འགྱུར་གོང་མ:ཀིརྟི་དགོན་ནས་དམངས་གཙོའི་འཛིན་སྐྱོང་འབྱུང་བར་སྨོན།
·གསར་འགྱུར་འོག་མ:དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:25:42 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:57:07 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:18:49 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS